རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས17ཉིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ཕྲེང་བསྟར་བརྗོད་དོན་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཚོགས་ཏེ། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་སྤུས་ཚད་མཐོན་པོས་འཕེལ་རྒྱས་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

མཚམས་སྦྱོར་བྱས་པ་ལྟར་ན།  ན་ནིང་ལོ་མཇུག་བར། རང་རྒྱལ་གྱི་དྲ་རྒྱའི་ལྟ་ཉན་སྤྱོད་མཁན་གྱི་གཞི་ཁྱོན་དེ་ཐེར་འབུམ་གཅིག་བྱེ་བ་དགུ་ས་ཡ་དགུ་ལ་སླེབས་པ་དང་། དྲ་དམངས་ཀྱི་ཉིན་རེའི་ཆ་སྙོམས་ལྟ་ཚད་སྐར་མ200ལས་བརྒལ་ལ། ལས་རིགས་ཁྲོམ་རའི་གཞི་ཁྱོན་སྒོར་ཁྲག་ཆེན་གཅིག་ཁྲག་ཁྲིག་གཉིས་ལས་བརྒལ། རྒྱལ་ཡོངས་ཀྱི་བརྙན་ཐུང་སྤྱོད་མཁན་དུང་ཕྱུར་བརྒྱད་ལས་བརྒལ་བ་དང་། 2025ལོར་ཁྲོམ་རའི་གཞི་ཁྱོན་སྒོར་ཁྲག་ཁྲིག་ལས་བརྒལ།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ།  རྒྱང་སྒྲོག་དང་བརྙན་འཕྲིན་གྱི་ཉན་བྱའི་ལས་རིགས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་ལས་སྒོ་ཆེན་པོ་གཉིས་མཉམ་འདྲེས་གཏིང་ཟབ་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། འདུ་ཤེས་འཛིན་སྟངས་དང་། སྤྱི་པའི་ཞབས་ཞུ། ལག་རྩལ་ཐོན་ལས་བཅས་ཀྱི་ངོ་བོ་ཆེན་པོ་གསུམ་སྟངས་འཛིན་ལེགས་པོ་དང་།  རྒྱང་སྒྲོག་བརྙན་འཕྲིན་དྲ་བ་དང་། IPTV སྦྲེལ་དྲ་བརྙན་འཕྲིན།  སྤྱི་དམངས་སྦྲེལ་དྲ་བཅས་ལས་སྒོའི་རིམ་པ་བཞི་གཅིག་གྱུར་འཆར་འགོད་ལེགས་པོ་བྱས་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་རེད།

རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ། ཅུས་ཀྲང་གཞོན་པ་ཧོ་པིའོ་ཡིས་བཤད་རྒྱུར། ང་ཚོས་མི་ཐབས་རིག་ནུས་ཀྱི་གསར་གཏོད་མཉམ་འདྲེས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་སྟེ། དེ་ཚོའི་ལེགས་ཆ་འདོན་སྤེལ་ཐུབ་པ་མ་ཟད། སྐྱོན་ཆ་ཡང་ཚད་ལྡན་དུ་བཏང་ནས། རྒྱང་སྒྲོག་བརྙན་འཕྲིན་ཉན་པ་བཅས་གསུམ་གྱི་ལས་རིགས་སུ་མི་ཐབས་རིག་ནུས་བེད་སྤྱོད་ལེགས་པོ་བྱ་རྒྱུ་ཡིན་ལ། ང་ཚོས་ད་དུང་རྒྱང་སྒྲོག་དང་བརྙན་འཕྲིན་དྲ་བ་དཔེ་གསར་འཛུགས་སྐྲུན་བྱས་ནས། རབ་གསལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། གཞི་གཅིག་ཅན་གྱི་བརྙན་འཕྲིན་ཁྱབ་གདལ་དུ་བཏང་ནས། མང་ཚོགས་ཀྱིས་བརྙན་འཕྲིན་ལ་ལྟ་སྐབས་སྔར་བས་སྟབས་བདེ་དང་སྔར་བས་སྐྱིད་སྣང་ཡོང་བ་བྱ་རྒྱུ་ཡིན། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།