རོང་བོ་ཐང་བརླན་སའི་ཁྲོད་ཀྱི་ཁྲུང་ཁྲུང་སྐེ་ནག་དང་བྱ་ངུར་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

  བརླན་སར་རྒྱུ་བའི་ཁྲུང་ཁྲུང་སྐེ་ནག་ཁྱོ་ཤུག་ཟུང་།

ཟླ9ཚེས16ཉིན། གསར་འགོད་པ་མཚོ་སྔོན་རོང་པོ་ཐང་རྒྱལ་སྤྱིའི་བརླན་ས་གལ་ཆེན་དུ་བསྐྱོད་པ་ན།  གནམ་ངོ་ཅུང་རུབ་ཅིང་། བརླན་ས་གསེབ་ན་བཞུར་བའི་ཆུ་རྒྱུན་ཧ་ཅང་དྭངས་ཤིང་གཙང་།  ཁྲུང་ཁྲུང་སྐེ་ནག་ཁྱོ་ཤུག་གཉིས་ཀྱིས་བྱ་ཕྲུག་གཉོར་བཞིན་ཡོད་ཅིང་། བྱ་ངུར་བ་འགའ་ཆུ་ནང་དུ་རྒུམ་བུ་འཚོལ་བར་བྲེལ་བ་སོགས་འདབ་ཆགས་ཀྱི་དགའ་ཚལ་ཞིག་མིག་ལ་མངོན།  མཚོ་སྔོན་རོང་བོ་ཐང་རྒྱལ་སྤྱིའི་བརླན་ས་གལ་ཆེན་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་རོང་པོ་གྲོང་རྡལ་ཁོངས་སུ་ཡོད་ཅིང་། ཁྱབ་ཁོངས་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་གཅིག་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང9529ཡོད་ཅིང་། དེའི་ནང་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང3349ཡོད། གནས་དེའི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པས་ཁྲུང་ཁྲུང་སྐེ་ནག་གི་མཛེས་པའི་ཁྱིམ་གཞིས་ཡིན་ལ།  ཀྲུང་གོའི་བརླན་ས་སྲུང་སྐྱོབ་ཀྱི་ལས་ཀ་ངོམ་སོ་བྱེད་སའི་སྒོ་མོ་གལ་ཆེན་ཞིག་ཀྱང་རེད།

རྒུམ་བུ་འཐུ་བཞིན་པའི་བྱ་ངུར་བ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།