རིམ་པ་སོ་སོའི་ཏང་གི་འཐུས་མི་ཚོགས་ཆེན་ཡག་པོ་འཚོག་རྒྱུ་དེ་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པ་དང་། ཁྱབ་ཁོངས་ཡོངས་ཀྱི་ཏང་གི་འཐུས་མི་འདེམས་བསྐོའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་དང་གཞི་རིམ་གྱི“མགྲིན་ཚབ་པ”ལེགས་འདེམས་དང་སྟོབས་ཆེ་རུ་གཏོང་རྒྱུ་དེ་ནི་རིམ་པ་སོ་སོའི་ཏང་གི་འཐུས་མི་ཚོགས་ཆེན་བདེ་བླག་ངང་སྐོང་འཚོག་བྱེད་པའི་འགག་རྩའི་འགན་ལེན་ཞིག་ཡིན་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན།
ཐོག་མའི་བསམ་འདུན་བརྟན་པོར་བཅིངས་ནས“ཆབ་སྲིད་ལ་བལྟ”དགོས། ཏང་གི་མགོ་ཁྲིད་མཐའ་འཁྱོངས་དང་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཉིས་རྩོད་སྒྲུབ་གཅིག་གྱུར་ཡོད་བ་དང་མཉམ་འདྲེས་དམ་ཚགས་བྱ་རྒྱུ་ནི་ཏང་གི་འཐུས་མི་འདེམས་བསྐོའི་ལས་དོན་གྱིས་ངེས་པར་དུ་བརྩི་སྲུང་ནན་པོ་བྱེད་དགོས་པའི་ལྟེ་བའི་ཚད་གཞི་ཞིག་ཡིན་ཞིང་། བླང་བྱ་གཉིས་གཞི་གཅིག་ཏུ་སྦྲེལ་ཐུབ་ལ་་མེད་དུ་མི་རུང་བ་ཞིག་རེད། ཏང་གི་འཐུས་མི་འདེམས་བསྐོ་བྱེད་པར་མངོན་གསལ་གྱི་ཆབ་སྲིད་རང་བཞིན་དང་། གོ་རིམ་རང་བཞིན། མང་ཚོགས་རང་བཞིན་བཅས་ལྡན་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་པ་དང་། བརྒྱུད་རིམ་ཧྲིལ་པོར་སྐྱ་འཐིབས་པར་བྱས་ཏེ། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཀྱི་རྩ་བའི་བླང་བྱ་ལེགས་པོ་བསྒྲུབ་ཐུབ་པ། ཕྱོགས་ཡོངས་དང་ཕྱོགས་མང་པོའི་ཐོག་ནས་འོས་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཏང་གཤིས་བློ་སྦྱོང་། ཆབ་སྲིད་ཀྱི་འགན་འཁྲི་བཅས་ལ་ཞིབ་འཇུག་དང་བརྡར་ཤ་ཡང་དག་བཅད་ནས་ཆབ་སྲིད་ཀྱི་འགག་སྒོ་དམ་འཛིན་ནན་པོ་དང་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། དེ་དང་ཆབས་ཅིག་ཏུ། ཏང་ཡོན་གྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་གང་ལེགས་དང་། ཏང་ཡོན་ཞུགས་པའི་ཐབས་ལམ་ཤར་བགྲོད་ཐུབ་པ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ནང་ཞུགས་ཡོངས་སུ་ཁྱབ་པ་བཅས་བྱས་ནས་འདེམས་སྒྲུག་བརྒྱུད་རིམ་ཁྲོད་དུ་ཏང་ཡོན་གྱི་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་གཞི་རིམ་གྱི་དོན་དངོས་དང་མཐུན་པར་བྱེད་པ། འདེམས་བསྐོའི་ལས་དོན་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་དམངས་དོན་གྱི་བརྩེ་སེམས་ཟབ་མོ་ལྡན་པར་བྱ་དགོས།
འཐབ་ཕྱོགས་དང་པོར་རྐང་བཙུགས་ནས“གྲུབ་འབྲས་དངོས་ལ”བལྟ། ཏང་གི་འཐུས་མི་ནི་རྒྱ་ཆེའི་ཏང་ཡོན་མང་ཚོགས་ཀྱི་སྔོན་ཐོན་ཚད་ཤིང་ཡིན་པ་དང་། ཡོན་ཏན་ཅན་འདེམས་སྒྲུག་གི་སྲོག་ཤིང་ནི་འགན་འཁྲི་འདེམས་སྒྲུག་དང་དངོས་སྒྲུབ་བྱ་རྒྱུ་དེ་ཡིན་ཞིང་། གོ་གནས་རིམ་པ་གླེང་བ་དང་། གོ་གནས་ལ་ལྟ་བ་བཅས་ཀྱི་ཁ་ཕྱོགས་ཟབ་མོ་མཐའ་གཅིག་ཏུ་འདོར་དགོས། དུས་རབས་གསར་པའི་ཏང་གི་འཐུས་མི་འདེམས་བསྐོ་བྱེད་སྐབས་ངེས་པར་དུ་སྲོལ་རྒྱུན་གྱི་མི་སྣ་འདེམས་སྒྲུག་གི་བཀག་རྒྱ་གཏོར་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་བཀོད་སྒྲིག་དམ་པོར་ཟུང་འབྲེལ་བྱས་ཏེ། གཞི་རིམ་བཅོས་སྐྱོང་དང་། ཐོན་ལས་རིམ་སྤོར། གྲོང་གསེབ་དར་སྤེལ། དམངས་ཚིས་ཞབས་ཞུ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། གཙོ་གནད་འདེམས་སྒྲུག་དང་མི་སྣ་འདེམས་སྒྲུག་གི་མཐོང་རྒྱ་བསྐྱེད་དེ། ཐོག་མཐའ་བར་གསུམ་དུ་དོན་དག་ལ་བརྟེན་ནས་མི་ལ་བརྟག་དཔྱད་དང་། དོན་དག་ཤེས་རྟོགས་བྱས་ནས་མི་ལ་ངོས་འཛིན་པ། བྱས་རྗེས་ལ་བརྟེན་ནས་མི་ལ་བརྟག་དཔྱད་བཅས་མཐའ་འཁྱོངས་བྱེད་དགོས་དང་། ཕྱི་ཚུལ་ཅན་དང་གཅིག་གཅོད་ཀྱི་མི་སྣ་འདེམས་སྒྲུག་བྱེད་སྟངས་གཏན་འགོག་བྱས་ཏེ། ། འོས་མིའི་འགན་འཁྲི་སྒྲུབ་པའི་ཕན་འབྲས་དང་། ཀུན་སྤྱོད། སྤྱོད་གཙང་སྤྱོད་ཚུལ་དང་མང་ཚོགས་ཀྱི་བསྔགས་བརྗོད་བཅས་ལ་བརྟག་ནས། རིམ་པ་རེ་རེ་བཞིན་ལེགས་འདེམས་གདམ་གསེས་དང་། ལེགས་པོའི་ནང་ནས་ཆེ་ལེགས་པ་འདེམས་དགོས། འཐུས་མིའི་དཔུང་ཁག་གི་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ། ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོའི་འཐུས་མིས་བཟུང་བའི་བསྡུར་ཚད་ལ་འགན་ལེན་དང་། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་སྔོན་ཐོན་ཏང་ཡོན་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ། འཐབ་ཕྱོགས་དང་པོར་རྩ་བ་ཚུགས་ཤིང་། དངོས་སྒྲུབ་འགན་འཁུར་བ། མང་ཚོགས་ལ་སེམས་ཁུར་བྱེད་པ་བཅས་ཀྱི་རྐང་འཛིན་སྟོབས་ཤུགས་ཀྱི་འགན་འཁྲི་དང་འཐུས་མིའི་དཔུང་ཁག་གི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་གཞི་རིམ་གྱི་སྐད་སྒྲོག་འཐུས་མི་ཡག་པོ་བྱེད་དགོས།
མ་མཐའི་མཚམས་ཐིག་ལ་བརྩི་སྲུང་ནན་པོ་བྱས་ནས“སྒྲིག་ལམ་ལ་བལྟ་དགོས”། གོ་རིམ་ཚད་ལྡན་དུ་གཏོང་རྒྱུ་ནི་དམངས་གཙོའི་སྤུས་ཚད་དང་ཕན་འབྲས་འགན་སྲུང་བྱེད་པའི་རྨང་གཞི་ཡིན་པ་དང་། སྒྲིག་ཁྲིམས་ནན་པོ་འཛིན་རྒྱུ་ནི་འདེམས་བསྐོའི་སྤུས་ཚད་བརྟན་པོ་ཡོང་བའི་རྩ་བ་ཡིན། ཏང་གི་འཐུས་མི་འདེམས་བསྐོའི་གོ་རིམ་གཟབ་ནན་དང་། ཚད་གཞི་ནན་པོ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཚད་མཐོ་བ་བཅས་ཡིན་པས། བརྒྱུད་རིམ་ཧྲིལ་པོ་དང་རིམ་པ་སོ་སོར་ངེས་པར་དུ་ཚོད་འཛིན་ནན་པོ་དང་དོན་འཁྱོལ་བྱེད་དགོས། ཏང་རྩ་འཛུགས་ཀྱི་རིམ་པ་སོ་སོས“འོག་ནས་གོང་བར་དང་། གོང་འོག་ཟུང་འབྲེལ། ནང་མོལ་ཡང་ཡང་བྱེད་པ། རིམ་པ་བཞིན་གདམ་གསེས་བྱེད་པ”བཅས་ཀྱི་ལས་ཀའི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས། འོས་སྦྱོར་མིང་འདོན་དང་། ཆད་གྲངས་རྟོག་ཞིབ། ཡོངས་བསྒྲགས་ལྟ་སྐུལ། ཚོགས་འདུའི་ཐོག་འདེམས་བསྐོ་སོགས་ཁྲིམས་ལྟར་གཏན་འཁེལ་བྱས་པའི་བརྒྱུད་རིམ་ལ་བརྟེན་ནས་བྱ་བ་སྒྲུབ་སྟེང་ཞིབ་ཕྲ་བཟོས་ནས་ཏེ། རིམ་པའི་འགན་འཁྲི་ཏན་ཏིག་ཏུ་གཏོང་དགོས། གོ་རིམ་གྱི་ཚད་གཞི་ནན་སྲུང་དང་བཀོལ་སྤྱོད་བརྒྱུད་རིམ་ཚད་ལྡན་དུ་བཏང་སྟེ། བརྒྱུད་རིམ་ཧྲིལ་པོའི་ཁ་ཟུམ་དོ་དམ་ལ་བརྟེན་ནས་འདེམས་བསྐོ་དྲང་གཞག་གི་མ་མཐའི་ཚད་ཐིག་དམ་སྲུང་བྱས་ནས་ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་འཇོག་པ་དང་། ཉེན་བརྡ་སྔོན་ལ་གཏོང་བ། སྔོན་འགོག་སྔོན་ལ་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་རྒྱུན་རྣམ་ཅན་གྱིའདེམས་བསྐོའི་སྒྲིག་ཁྲིམས་ཀྱི་ཉེན་བརྡའི་སློབ་གསོ་སྤེལ་བ་དང་། འགག་རྩའི་ལས་རིམ་ལ་དོ་སྣང་ཆེན་པོ་བྱས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། འདེམས་སྒྲུག་ལས་ཀའི་སྒྲིག་ལམ་ཚད་ལྡན་ནན་པོ་བཟོས་ཏེ། སྤྱོད་གཙང་སྤྱོད་བཟང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་གསོ་སྐྱོང་བྱས་ནས། ཏང་གི་འཐུས་མི་འདེམས་བསྐོའི་ལས་དོན་སྒྲིག་སྲོལ་ལྟར་གོ་རིམ་ལྡན་ཞིང་། སྤུས་ཚད་མཐོ་ལ་ལས་ཆོད་ཆེ་བའི་སྒོ་ནས་དོན་འཁྱོལ་བྱེད་དགོས།