ཟླ9ཚེས8ཉིན་ཀྲུང་གོའི་རྒྱལ་སྤྱིའི་མ་དངུལ་གཏོང་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས26པ་ཞ་མན་ནས་འཚོགས། ཉིན་དེའི་སྔ་དྲོར་མགྲོན་བདག་ཞིང་ཆེན་ཡིན་པའི་མཚོ་སྔོན་འགྲེམ་ཁང་དངོས་སུ་སྒོ་ཕྱེས།

ཟླ6ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ཐུ་ཁུ་མན་སི་ཐིན་གྱི་པར་ཁན་མངའ་ཁུལ་དུ་གླིང་ཆེན་ཨེ་ཤ་ཡའི་དབུས་མའི་བར་གྱི་མེ་འཁོར་ཐོག་མ་དེ་མཚོ་བོད་ལྕགས་ལམ་གྱི་ཧྲུང་ཀྲེ་ས་ཚིགས་ནས་ལམ་དུ་ཆས།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས8ཉིན་ནས་ཚེས11ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ནི་སྐུ་མགྲོན་ཞིང་ཆེན་གཙོ་བོ་ནང་གི་གཅིག་ཡིན་པའི་ངོས་ནས་ཀོང་ཏུང་ཞིང་ཆེན་དང་མཉམ་དུ་ཀྲུང་གོའི་རྒྱལ་སྤྱིའི་མ་དངུལ་གཏོང་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པའི་སྐུ་མགྲོན་ཞིང་ཆེན་གཙོ་བོའི་འགན་འཁུར། ཐེངས་དེའི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྟེང་དུ། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་གཏོང་འཇོག་ཚོགས་འདུའི་རྒྱལ་ཁབ་རིམ་པའི་ཕྱོགས་གཉིས་ཀྱི་མ་དངུལ་གཏོང་འཇོག་མཉམ་ལས་ཀྱི་སྟེགས་བུ་རྩེ་གྲ་འདི་ལ་གཞི་བཅོལ་ཏེ། མཐོ་སྒང་གི་དེང་རབས་ཅན་དང་ལྗང་མདོག་ལེགས་སྒྱུར་གྱི་འཕེལ་རྒྱས་གྲུབ་འབྲས་ཕྱོགས་ཡོངས་ནས་ངོམ་ཡོད་ལ། དེས་ཆུ་ཚད་མཐོ་བའི་སྒོ་འབྱེད་མཉམ་ལས་ཀྱི་བརྡ་རྟགས་ཤིག་མངོན་ཡོད།
རྒྱ་མཚོ་དང་ཁ་ཐག་རིང་ཞིང་། མཐའ་མཚམས་ལ་ཡང་འབྲེལ་བ་མེད་པའི་མཚོ་སྔོན་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཐད་ལམ་བུ་གསར་པ་ཞིག་ཇི་ལྟར་གཏོད་པ་ཡིན།
ད་ལོའི་ལོ་སྟོད་དུ། རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར97པ་འཛམ་གླིང་ཕྱོགས་སུ་བསྐྱོད། “གྲུ་གཟིངས་གཡར་ནས་རྒྱ་མཚོར་སྐྱོད་པ”ནས“གྲུ་གཟིངས་བཏང་ནས་རྒྱང་སྐྱོད་བྱེད་པའི”བར་མཚོ་སྔོན་གྱིས་ཕྱི་ཕྱོགས་སྦྲེལ་མཐུད་ཀྱི་ལམ་བུ་གསར་པ་རྒྱུན་མཐུད་དུ་གཏོད་བཞིན་ཡོད།
ད་ལོའི་ཟླ8པར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཕྱིར་གཏོང་ནང་འདྲེན་བྱེད་སའི་འགག་སྒོའི་དོ་དམ་དང་ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་ལ་ཆེད་དོན་བརྟག་ཞིབ་བྱེད་དུས“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ནི་མཚོ་སྔོན་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་རྒྱ་ཆེར་གཏོང་བའི་མདུན་ལམ་ཆེན་པོ་དང་མཛད་རྗེས་ཆེན་པོ་ཡོད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ཞེས་ཞིབ་འཇུག་བྱས་ནས་བརྡར་ཤ་བཅད་ཡོད་པ་རེད།
ཁོའི་སྐད་ཆ་དེ་ལས་མཚོ་སྔོན་གྱི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་འཕེལ་ཚུལ་ལ་དཔྱད་པ་གནད་ལ་འཁེལ་བ་བཏང་ཡོད་མཚོན་པར་མ་ཟད། སྐམ་སའི་དབུས་ཁུལ་གྱི་ཞིང་ཆེན་ཞིག་མ་སྐུལ་རང་རྟོགས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞུགས་ནས་སྒོ་དབྱེའི་རྒྱ་ཆེར་གཏོང་རྒྱུའི་ཆོད་སེམས་ཀྱང་མཚོན།
སྐམ་སའི་དབུས་ཁུལ་དུ་གནས་ཤིང་། རྒྱ་མཚོ་དང་ཁད་ཐག་རིང་བ། མཐའ་མཚམས་དང་འབྲེལ་བ་མེད་པ་ནི་མཚོ་སྔོན་གྱི་ས་ཁམས་ཀྱི“རྟགས་མཚན”ཞིག་ཡིན་པ་ལས་མཚོ་སྔོན་གྱི་སྒོ་དབྱེ་ཡི“ལྕགས་སྒྲོག”ཞིག་གཏན་ནས་མིན།
བསམ་བློར་རྡིབ་ཉིལ་མ་བྱུང་ན་ཐབས་ཤེས་ནི་ཅིས་ཀྱང་དཀའ་ངལ་ལས་མང་། དོན་དོངས་ཀྱིས་ར་སྤྲད་ཡོད་པ་ཞིག་ནི། མཚོ་སྔོན་གྱིས་ཕྱི་ཕྱོགས་སྒོ་དབྱེ་ཡི་འགྱིག་རྡོའུ་ཁྲོད་གནས་བབ་ངེས་ཅན་ཞིག་བཟུང་ཡོད་པ་མ་ཟད། མ་སྐུལ་རང་རྟོགས་ཀྱིས་ལས་ཀར་ཞུགས་པའི་རྣམ་འགྱུར་ཐོག་ནས་མི་མངོན་པའི་སྟོབས་ཤུགས་གྲུབ་འབྲས་སུ་བསྒྱུར་ཡོད་པ་དེ་རེད།
གོ་སྐབས་ལ་དམ་འཛིན་བྱས། འཕེལ་རྒྱས་ཀྱི་བབ་དང་བསྟུན།
མིག་སྔར་རང་རྒྱལ་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཆུ་ཚད་མཐོ་ཤོས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱ་ཆེ་རུ་གཏོང་བ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་ནི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དང་ཕྱི་རྒྱལ་གྱི་མ་དངུལ་གཏོང་འཇོག་ཁེ་ལས་སྔར་ལས་མང་པོ་ཞིག་ལ་སྔོན་ཆད་ལས་རྒྱ་ཆེ་བའི་ཁྲོམ་རའི་མཉམ་ལས་ལ་གོ་སྐབས་གསར་པ་ཞིག་སྐྲུན་ཡོད། རྒྱལ་ཡོངས་ལ་རྒྱང་ལྟ་བྱས་ཚེ། མཚོ་རྒྱུད་གྱི་སྒོ་འབྱེད་ཆགས་སྟངས་ཉིན་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་དང་། ནུབ་རྒྱུད་སྐམ་སའི་དབུས་ཁུལ་གྱི་ཞིང་ཆེན་རྣམས་རེས་སྐོར་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་འཕར་སྣེ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།
མཚོ་སྔོན་ནི་དེ་སྔ་གནའ་བོའི་དར་གོས་ཚོང་ལམ་ཐོག་གི་འཁྲུག་ཆ་དོད་པའི་ལམ་ཆེན་ཞིག་ཡིན། ད་ཆ“རྒྱུད་གཅིག་ལམ་གཅིག”གི་མེད་དུ་མི་རུང་བའི་འགག་རྩའི་སྦྲེལ་ཚིགས་ཞིག་ཏུ་གྱུར་ནས་སྒོ་དབྱེའི་གཞི་རྒྱུ་རྒྱུད་འཛིན་བྱེད་ཀྱི་ཡོད། སྐྱེ་ཁམས་གྱི་འགངས་ས་དང་། ཐོན་ཁུངས་མང་ས། མི་རིགས་མང་བའི་ཁྱིམ་གཞིས་བཅས་ཡིན་པ་སོགས་ཐུན་མོང་མ་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ལ་གཞིགས་ནས་ཕྱི་ཕྱོགས་སྒོ་དབྱེའི་ཁྲོད་སྔར་བས་བློ་རྩ་བརྟན་པོ་དང་མཐོང་རྒྱ་སྔར་བས་ཆེ་རུ་ཕྱིན་ཡོད།
དེ་ལྟར་ཁྱིམ་ཚང་གི་རྨང་གཞི་ཧ་ཅང་མཐུག་པ་ཙམ་གྱིས་དོན་དག་ཆེན་པོ་ཞིག་བསྒྲུབ་ཐུབ་པའི་ངེས་མ་མ་མཆིས།
དེ་བས་མཚོ་སྔོན་གྱིས་མ་སྐུལ་རང་རྟོགས་ཀྱི་སྒོ་ནས་གོ་སྐབས་དམ་འཛིན་དང་སྒོ་དབྱེའི་བློ་རྒྱ་ལ་བརྟེན་ནས་འཛམ་གླིང་ལ་ཁ་ཕྱོགས་ནས“མདུན་ལམ་ཆེན་པོ”དེ“གོ་གནས་ཆེན་པོ་རུ” བསྒྱུར་ཡོད།
ཞིང་ཆེན་གྱི་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཀྲུང་གོའི་རྒྱལ་སྤྱིའི་མ་དངུལ་གཏོང་འཇོག་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་སྟེང་ཕུལ་བའི་ཤིས་ཚིག་ནང་དུ། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་པའི་རྒྱལ་སྤྱིའི་མ་དངུལ་གཏོང་འཇོག་གི་མཉམ་ལས་སྟེགས་བུ་འདི་བཀོལ་སྤྱོད་ཡག་པོ་བྱས་ཏེ། གོ་ལས་ཧྲིལ་བོའི་ཐོན་ཁུངས་བར་དམ་སྦྲེལ་དང་། ཐོན་ལས་རིམ་སྤར་ལ་ནུས་ཤུགས་བཏོན་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྐུལ་འདེད་སྔར་ལས་ལྷག་པ་གཏང་རྒྱུ་ཡིན”ཞེས་གསུངས་པ་ལྟར་རེད།
གོ་གནས་ལ་བརྩོན་ལེན་བྱས། སྔོན་ཐོན་ལ་འབད་འབུངས་བགྱིས།
མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་རང་འགུལ་ངང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་ལྡན་ནང་ཞུགས་ཏེ་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་རྫས་ནས་སྔོ་ལྗང་འབྱུང་འཕྲོད་གནོད་མེད་ཤར་བགྲོད་གྱི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་བར་དང་། རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་ནས་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་བར་མཚོ་སྔོན་གྱི་ཕྱི་ཕྱོགས་མཉམ་ལས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་། ཕྱོགས་གཉིས་ཀྱི་མ་དངུལ་གཏོང་འཇོག་དང་འཕེལ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཉོ་འཚོང་གྲོགས་པོའི་བར་གྱི་འབྲེལ་འདྲིས་ཇེ་མང་དུ་ཕྱིན་པ། ཕྱིར་གཏོང་ནང་འདྲེན་དང་ཉོ་ཚོང་གི་རྒྱུན“མགྱོགས་སུ་ཕྱིན་པ”བཅས་བྱུང་ཡོད།
བགྲོད་ལམ་འཛུགས་སྐྲུན་གྱིས་མཚོ་སྔོན་གྱི་གནས་བབ་ཆགས་སྟངས་བསྐྱར་དུ་འཛུགས་བཞིན་ཡོད། ད་ལོའི་ཟླ8པར་ཟི་ལིང་ནས་ལའོ་ཝུ(ལོ་སི)ཝན་ཞང་དུ་ཐད་ཀར་སྐྱོད་ཐུབ་པའི་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་ཐོག་མ་བཏང་སྟེ། མཚོ་སྔོན་གྱི་གཅིན་རྒྱུ་སྒེར་གཉེར་ཕྱིར་གཏོང་མངོན་འགྱུར་བྱུང་། རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར97ཤར་གཏོང་ཐུབ་པ་དེས་ཨེ་ཤེ་ཡ་དབུས་མ་དང་། ཡོ་རོབ། ཨེ་ཤེ་ཡ་ཤར་ལྷོའི་བར་གྱི་མནའ་འབྲེལ་བར་སྦྲེལ་ཏེ། སྣ་མང་མཉམ་འབྲེལ་གྱི་སྐྱེལ་འདྲེན་དྲ་རྒྱ་གྲུབ་ནས་སྒོ་དབྱེའི་ནུས་པ་ཇེ་མཐོར་ཕྱིན་ཡོད།
སྒོ་དབྱེའི་ལས་སྟེགས་འཛུགས་སྐྲུན་གྱིས་མཚོ་སྔོན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད། ཟི་ལིང་ཚོགས་བརྒྱ་རྒྱལ་སྤྱིའི་གནམ་ཐང་གི་རིམ་པ་མགྱོགས་པོར་སྤར་དང་། ཕྱོགས་བསྡུས་ཁྲལ་མེད་སྲུང་ཁུལ་དང་མཁའ་འགྲུལ་འགག་སྒོ་སོགས་རྒྱུན་མཐུད་སྟོབས་ཆེར་བཏང་ནས་མཚོ་སྔོན་གྱི་སྒོ་དབྱེའི་ལིང་ཚེ་བསྐྲུན། ཤང་ཀངSTCམཚོ་སྔོན་ཚོད་ལྟ་ཁང་འཁོར་སྐྱོད་སོགས་ཀྱིས་མཚོ་སྔོན་དང་ཀོང་ཏུང་དང་། ཤང་ཀང་། ཨའོ་མན་མཚོ་ཁུག་ཆེན་པོའི་ཁུལ་བར་འབྲེལ་མཐུད་གཏིང་ཟབ་བྱ་བར་འཚོལ་ཞིབ་བྱེད་བཞིན་ཡོད། སྟེགས་བུ་འཛུགས་སྐྲུན་གྱིས་ལམ་ལུགས་མཁོ་སྤྲོད་ལ་བརྟེན་ནས་ཐོན་ཁུངས་ཀྱི་ལེགས་ཆ་གསལ་སྟོན་བྱས་ཏེ། “མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་སྐས་རིམ་ལ་བསྟུན་ནས་མཐོ་སར་འཛེགས་ཐུབ་པ་བྱུང་ཡོད།
ཐོན་ལས་ཀྱི་དགེ་མཚན་དེ་ཕྱིར་གཏོང་འགག་སྒོའི་དགེ་མཚན་དུ་འགྱུར་བཞིན་ཡོད། མཚོ་སྔོན་གྱི“འབྱུང་འཕྲོད་གློག་ཤུགས+ཕྱི་ཕྱོགས་ཚོང་དོན”དང་། གྲངས་གཞི་མཚོ་ཐོག་ཏུ་གཏོང་བ་སོགས་ལས་རིགས་རྣམ་པ་གསར་པའི་བཀོད་སྒྲིག་ཇེ་མགྱོགས་སུ་བཏང་བརྟེན། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་མྱུར་ལམ་ཐོག་བསྐྱོད་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར14ཟིན་པ་དང་། ལོ་རེར་ཆ་སྙོམས34.1%འཕར་ཡོད། ཚགས་ཤ་སྐམ་པོ་དང་བོད་ལུགས་དངུལ་རྒྱན་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱིས་གྲངས་གཞིའི་དྲ་རྒྱ་ལ་བརྟེན་ནས་ཐད་ཀར་གོ་ལ་ཧྲིལ་པོའི་འཛད་སྤྱོད་པར་སྦྲེལ་ཐུབ་ཡོད།
དེང་གི་དུས་འདིར་བལྟས་ན། ཡིད་ཆེས་སྔར་ལས་ཆེ་ཞིང་། སྒོ་འབྱེད་སྔར་ལས་ཡངས་པའི་མཚོ་སྔོན་རང་འགུལ་ངང“ལོ་ལྔ་ཚན་བཅོ་ལྔ་པའི”ཕྱི་ཕྱོགས་སྒོ་དབྱེའི་ཁྲོད་ཞུགས་ནས་གོ་སྐབས་སྔོན་ཐོབ་དང་ཐབས་ཤེས་དངོས་བཙལ་ཏེ་རེས་སྐོར་གསར་པའི་སྒོ་དབྱེའི་འཕེལ་རྒྱས་ཁྲོད་དཔའ་ངར་ཆེན་པོས་མདུན་དུ་མཆོང་བཞིན་ཡོད།
རྩ་བཞིར་ནུས་ཤུགས་བཏོན། སྤུས་ལེགས་གཙིགས་སུ་བཀུར།
ས་མཐོའི་ཐོན་ཁུངས་ནུས་རྒྱུ་ནི་མཚོ་སྔོན་གྱི་དགེ་མཚན་ཡིན་པ་རྩོད་དུ་མེད་ཀྱང་། དགེ་མཚན་དེ་རང་བཞིན་གྱིས་ཕྱི་ཕྱོགས་སྒོ་དབྱེའི་རྒྱལ་མཚན་དུ་འགྱུར་མི་སྲིད། དེ་དང་ཆབས་ཅིག་མིག་སྔར་མཚོ་སྔོན་གྱི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་རྨང་གཞི་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།
སྒོ་འབྱེད་ཀྱི་གོམ་ཞེང་སྤོས་པ་ཇི་ལྟར་ཆེ་ན་རང་ཉིད་ཀྱི་བླང་བྱ་དང་རེ་བ་ཡང་དེ་ཙམ་གྱིས་མཐོ་བ་རེད།
རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཧུར་ཐག་ངང་ཞུགས་ཏེ་ཞབས་འདེགས་ཞུ་བ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དམིགས་སུ་བཟུང་སྟེ། ཁྱབ་ཁོངས་སྔར་བས་ཆེ་ཞིང་། མངའ་ཁོངས་སྔར་བས་ཡངས་པ། རིམ་པ་སྔར་བས་གཏིང་ཟབ་པའི་རང་འགུལ་སྒོ་དབྱེ་ལག་བསྟར་བྱེད་དགོས་ན། མཚོ་སྔོན་གྱིས་རྩ་བ་བཞིར་ཤུགས་སྣོན་དགོས།
བགྲོད་ལམ་འཛུགས་སྐྲུན་ཐད་ནས་སྣ་མང་མཉམ་འབྲེལ་གྱི་སྐྱེལ་འདྲེན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་དེ“ཡོད་པ”ནས“ལེགས་པོར”བསྒྱུར་དགོས་པ་དང་། ཟོག་འགྲེམ་མ་རྩ་ཇེ་དམའ་དང་འཁོར་སྐྱོད་ལས་ཕྱོད་ཇེ་མཐོར་བཏང་ནས“མཚོ་སྔོན་གྱི་དངོས་ཟོག་མཚོ་ཐོག་ཏུ་སྐྱེལ་བ”དེ་ས་ཁམས་ཀྱི་བར་ཐག་དང་དཀའ་ངལ་འཕྲད་མི་ཡོང་བ་བཟོས་ཡོད།
སྟེགས་བུའི་བྱེད་ནུས་ཐད་ནས་ལམ་ལུགས་དང་གསར་གཏོད་ཟམ་མི་ཆད་པར་བྱུང་བ་དང་། ཕྱོགས་བསྡུས་ཁྲལ་མེད་སྲུང་ཁུལ་གྱིས་དེ་བས་ཡིད་དབང་འགུགས་ཤུགས་ཆེ་བའི་སྲིད་ཇུས་མཁོ་སྤྲོད་ཐུབ་པར་འཚོལ་ཞིབ། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་གྱིས་ཐོན་ལས་སྐྱེ་ཁམས་ཆ་ཚང་ཞིག་གཏོད་པ་བཅས་ནི་ཉོ་ཚོང་གི་བགྲོད་ལམ་ཁོ་ན་ཙམ་མིན།
སྒོ་དབྱེའི་འདུ་ཤེས་ཐད་ནས་སྲིད་གཞུང་དང་ཁྲོམ་ར་གཉིས་ཀྱི་གོམ་པ་མཉམ་པོ་མངོན་འགྱུར་བྱེད་དགོས་ན། རང་ཡུལ་གྱི་ཁེ་ལས་གྱིས“མདུན་སྐྱོད་ཀྱི་མི་དཔེ”སྟོན་ཕོད་དགོས་པ་མ་ཟད། ཆུ་ཚད་མཐོ་བའི་ཕྱི་རྒྱལ་གྱི་མ་དངུལ་རྣམ་གྲངས་ནང་འདྲེན་བྱས་ནས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་མར་པར་ཇེ་ལེགས་སུ་གཏོང་དགོས།
སློབ་སྦྱོང་དང་ཟུར་ལྟའི་ཐད་ནས“དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང”ལ་ཞིབ་བསྡུར་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་ལ་བརྟེན་ནས་ཐོན་ལས་ཕྱོགས་སྒྱུར་དང་རིམ་སྤར་ལ་སྐུལ་ཁྲིད་བྱས་ནས“མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་རྩེར་སོན་ཅན་དང་། རིག་ནུས་ཅན། འབྱུང་འཕྲོད་གནོད་ཅན་གྱི་ཕྱོགས་སུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། མཚོ་སྔོན་གྱི་ཁེ་ལས་སྔར་བས་མང་པོས་བློ་གདེང་ཆེན་པོས་འཛམ་གླིང་གི་ཕྱོགས་སུ་སྐྱོད་ཐུབ་པ་དང་། “མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་སྔར་བས་མང་པོ་རྒྱལ་སྤྱིའི་ཁྲོམ་རའི་ཐོག་བསྔགས་བརྗོད་ཐོབ་དུས། མཚོ་སྔོན་གྱིས་གཞི་ནས“ལོ་ལྔ་ཚན་བཅོ་ལྔ་པའི”མདུན་ལམ་ཆེན་པོ་ཡོད་པའི་འགག་རྩའི་དུས་སྐབས་འདི་དངོས་འབྲེལ་དམ་འཛིན་ཐུབ་ཡོད།
ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བར་མཚོ་སྔོན་ལ་མདུན་ལམ་ཆེན་པོ་ཡོད་ལ་དེ་བས་ཀྱང་གོ་གནས་ཀྱང་་ཆེན་པོ་ཡོད། དེ་ནི་ཐོན་ཁུངས་ཀྱི་ལྷན་སྐྱེས་ཀྱི་དགེ་མཚན་དང་། ས་བབ་ཀྱི་མི་མངོན་པའི་སྟོབས་ཤུགས། དུས་རབས་ཀྱི་གོ་སྐབས་བཅས་ཐུན་མོང་ཐོག་བཏོན་པའི་བླང་བྱ་ཡིན་ལ། ངེས་པར་དུ་བློ་ཡིད་ཚིམ་པའི་ལན་སྤྲོད་དགོས་པའི་དུས་རབས་ཀྱི་རྒྱུགས་ཤོག་ཅིག་ཀྱང་རེད།