མཚོ་སྔོན་གྱི་ཞིང་སྡེའི་གཞུང་ལམ་ལས་གཞིའི་སྤུས་ཚད་ལྟ་སྐུལ་སྒོ་བྱང་བརྒྱ་དང་ཉེར་གཅིག་བཙུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལོར། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་ལྟ་སྐུལ་དོ་དམ་རྣམ་པ་དེ་སྲིད་གཞུང་གི་ཕྱོགས་རྐྱང་ཞིག་གསོ་ནས་མང་ཚོགས་ཀྱི་མཉམ་སྐྲུན་སྤྱི་འདོམས་ཕྱོགས་སུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་སུ་གཅིག་གྱུར་སྒོས་སྤུས་ཚད་ལྟ་སྐུལ་སྒོ་བྱང་བཀོད་སྒྲིག་བྱས་པ་དང་། ནམ་རྒྱུན་སྤུས་ཚད་ལ་ལྟ་ཞིབ་བྱེད་པའི་རྐྱེན་སྲོལ་དངོས་འབེབས་བྱས། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས2026ལོར་གསར་སྐྲུན་བྱས་པའི་ཞིང་སྡེའི་གཞུང་ལམ་ལས་གཞིར་སྤུས་ཚད་ལྟ་སྐུལ་སྒོ་བྱང་བརྒྱ་དང་ཉེར་གཅིག་བཙུགས་ཏེ། ད་རུང་ལས་བཞིན་པའི་ལས་གཞིའི་སྤུས་ཚད་ལྟ་སྐུལ་སྒོ་བྱང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཚད་གཞི་གཅིག་གྱུར་དང་གཅིག་བསྡུས་གསར་འཛུགས་བྱས་པའི་ཞིང་སྡེའི་གཞུང་ལམ་སྤུས་ཚད་ལྟ་སྐུལ་སྒོ་བྱང་དེས་ལས་གཞིའི་མུ་ཕྲེང་ཧྲིལ་བོའི་ཆ་འཕྲིན་ཡོངས་བསྒྲགས་དང་། འཛུགས་སྐྲུན་དང་ཇུས་འགོད། ལས་སྐྲུན། ལྟ་ཞིབ། དོ་དམ་སྲུང་སྐྱོང་སོགས་ཀྱི་འགན་འཁུར་བ་གཙོ་བོར་གསལ་བསྒྲགས་བྱས་ཏེ། ལྟ་སྐུལ་དོ་དམ་སྡེ་ཁག་གི་འབྲེལ་གཏུག་བྱེད་ཐབས་སྤྱི་བསྒྲགས་དང་། ཕྱོགས་ཡོངས་ནས་སྒོ་བྱང་གཅིག་བརྒྱུད་རིམ་ཧྲིལ་བོར་ཁྱབ་པ་དང་སྤུས་ཚད་ལ་དོ་དམ་ནན་མོ་བྱེད་པ། འགན་འཁྲི་གསལ་བོ་ཡིན་ལ་ཞིབ་བཤེར་བྱེད་ཆོག་པ་བཅས་ཀྱི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། འཛུགས་སྐྲུན་ཁྲོད་ཞུགས་པའི་ལས་ཁུངས་ཀྱིས་དུས་ལྟར་དོགས་ཟོན་དང་ཚད་མཐའ་བརྟན་སྲུང་། འགན་འཁྲི་འཁུར་ཐུབ་པ་བཅས་ལ་མཉམ་འཇོག་དགོས་པ་གསལ་འདེབས་བྱས། དེ་དང་མཉམ་དུ། བྱེད་ཐབས་དེས་གཞུང་ལམ་འགྲམ་རྒྱུད་མང་ཚོགས་ཀྱིས་ལས་གཞིའི་རྒྱབ་ལྗོངས་ཤེས་རྟོགས་ཚད་ཉུང་བ་དང་། འགན་འཁྲི་བགོས་པ་ཁ་གསལ་མིན་པ། སྦྲེལ་མཐུད་འབྲེལ་འདྲིས་ལེགས་པོ་མིན་པ་སོགས་ཀྱི་ཆ་འཕྲིན་གྱི་བཀག་རྒྱ་མེད་པར་བཏང་ཞིང་། གནད་དོན་ཡོད་ན་ཐད་ཀར་ཡར་ཞུ་དང་སྡེ་ཁག་གི་འགན་འཁྲི་ཐད་ཀར་བདའ་འདེད། ལེགས་བཅོས་དག་སྒྲིག་ཐད་ཀར་ཐོན་ཐུབ་པ་བཅས་མངོན་འགྱུར་ཡོང་བར་ཁག་ཐེག་བྱས་ཏེ། འགོ་ཁུངས་ནས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་སྤུས་ཚད་ལ་འགན་སྲུང་བྱས་པ་དང་། རྗེས་ཕྱོགས་ཀྱི་དོ་དམ་ཞིག་གསོའི་བྱ་བར་གཞི་འཛིན་ས་གསལ་བོ་འདོན་སྤྲོད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཞིང་སྡེའི་གཞུང་ལམ་གྱི་སྤུས་ཚད་ལྟ་སྐུལ་སྒོ་བྱང་འཛུགས་པའི་ལམ་ལུགས་དེ་ཞིང་ཆེན་ཡོངས་ཀྱི2026ལོའི་ཞིང་སྡེའི་གཞུང་ལམ་གསར་སྐྲུན་ལས་གཞིའི་ཐད་སྤྱོད་པ་སྟེ། དེའི་ཁྲོད་ཀྱི་རིམ་པ་གསུམ་པ་ཡན་གྱི་རྫོང་དང་ཞང་གི་གཞུང་ལམ་གསར་སྐྲུན་ལས་གཞི་དང་། སྒོར་ས་ཡ་ལྔའི་ཡན་གྱི་རིམ་པ་བཞི་པའི་འཁོར་གཅིག་ལམ་གྱི་གཞུང་ལམ། རིམ་པ་བཞི་བའི་ཟུང་འཁོར་ལམ་གྱི་གཞུང་ལམ། དཀྱིལ་ཟམ་དང་ཟམ་ཆེན། དམིགས་བསལ་སྒྲིག་བཀོད་ཀྱི་ཟམ་པ།  སྦུག་ལམ་བཟོ་སྐྲུན་ལས་གཞི། གཞི་ཁྱོན་ཅུང་ཆེ་བའི་རང་བྱུང་སྡེ་བའི་ལམ་སྲ་བསྒྱུར་གྱི་ལས་གཞི་བཅས་ཀྱིས་ཚད་གཞི་ལྟར་སྤུས་ཚད་ལྟ་སྐུལ་སྒོ་བྱང་འཛུགས་དགོས་པ་དང་། བདེ་འཇགས་འགོག་ཟོན་དང་ཆུ་འབུད་སོགས་བགྲོད་ལམ་གྱི་ཟུར་གཏོགས་སྡེབ་སྒྲིག་ལས་གཞི་སྣ་ཚོགས་གནས་སྐབས་སུ་སྒོ་བྱང་འཛུགས་པའི་དོ་དམ་ཁྱབ་ཁོངས་སུ་མི་འཇོག་པ་གཏན་འཁེལ་གསལ་བོ་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།