མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་མགོ་བརྩམས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་མགོ་བརྩམས། 

ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ9པའི་ཚེས11ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་མགོ་རྩོམ་མཛད་སྒོ་དང་ཟི་ལིང་གྲོང་ཁྱེར་གྱི་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཆེད་དམིགས་འཁྲབ་སྟོན་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཅིན་ཀྲའེ། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་ཞ་ཀྲུང་དབྱིན་བཅས་མཛད་སྒོར་ཞུགས།

ད་ལོའི་ཟླ་དགུ་པ་ནི་མཚོ་སྔོན་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བ་སྐབས་ཞེ་ལྔ་པ་ཡིན། ཐེངས་འདིའི་བྱེད་སྒོ་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་བྱ་བའི་གཙོ་ཐིག་ལ་དམ་པོར་དམིགས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ་ལས་འགན་གཙོ་བོར་བརྩིས་ནས། རིག་རྩལ་འཁྲབ་སྟོན་དང་གྲུབ་འབྲས་འགྲེམ་སྟོན་མཉམ་འབྲེལ་གྱི་སྐུལ་འདེད་རྣམ་པ་སྤྱད་དེ། ལྟ་སྐོར་རང་བཞིན་དང་མཉམ་འགུལ་རང་བཞིན། ཚན་རིག་ཤེས་བྱ་ཁྱབ་གདལ་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པས། ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་མང་ཡིན།

རིག་རྩལ་འཁྲབ་སྟོན་གྱི་བརྒྱུད་རིམ་ཁྲོད། ངོ་མཚར་བའི་ལྟད་མོ་མང་པོ་ཡོད་དེ། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་དང་མི་རིགས་མང་པོའི་གླུ་དབྱངས་མཉམ་ལེན་སོགས་ཁྱད་ཆོས་ལྡན་པའི་རིག་རྩལ་གཅིག་ཏུ་འདུས་ཡོད། ཧོར་རིགས་ཀྱི་ཨན་ཀྲའོ་ཞབས་བྲོ་དང་།   བོད་ཀྱི་འབའ་གཞས། ཟ་ལར་རིགས་ཀྱི་དམངས་ཁྲོད་གཞས་ཆུང་། སོག་རིགས་ཀྱི་ཞབས་བྲོ་བཅས་རིམ་པ་བཞིན་དུ་འཁྲབ་སྟོན་བྱས་པ་དང་། མི་སྟོང་གི་སྐོར་བྲོས་མཉམ་འགུལ་གྱི་རྣམ་པ་སྔར་ལས་སྤྲོ་སྣང་ལྡན་པར་བྱས་ཤིང་། འཁྲབ་སྟོན་དང་ཡུལ་དངོས་ཀྱི་ལྟད་མོ་བས་མཉམ་དུ་གླུ་ལེན་གར་རྩེད་དང་སྤྲོ་དགའ་མཉམ་རྩེ་བྱས་པར་བརྟེན། ཡུལ་དངོས་ཀྱི་སྣང་ཚུལ་ལེགས་ཤིང་འཆམ་པོར་གནས།

བྱེད་སྒོའི་ཡུལ་དངོས་སུ། ཟི་ལིང་གྲོང་ཁྱེར་རིམ་པའི་སྣེ་ཁྲིད་བཅོ་ལྔ་ཡིས་ཁྲིམས་ལུགས་ཁྱབ་གདལ་གྱི་འགྲེམ་སྟེགས་བཀོད་སྒྲིག་བྱས་པ་དང་། རྒྱུན་རྣམ་ཅན་གྱིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་ཤིང་། ཆེད་ལས་ཀྱི་ཁྲིམས་རྩོད་པའི་བཅའ་སྡོད་ས་ཚིགས་བཀོད་སྒྲིག་བྱས་ནས་རིན་མེད་ཀྱིས་བཅའ་ཁྲིམས་བློ་འདྲི་ཞབས་ཞུ་འདོན་སྤྲོད་བྱས། རྫོང་དང་ཆུས་བདུན་གྱིས་ཀུང་ཧྥུའུ་བཟོ་གྲྭའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་གཟུགས་འདས་ཤུལ་བཞག་རིག་དངོས། དམངས་སྲོལ་ལག་ཤེས་སོགས་ཀྱི་གྲུབ་འབྲས་གཅིག་བསྡུས་ཀྱིས་འགྲེམ་སྟོན་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་ཀུང་ཧྥུའུ་བཟོ་གྲྭའི་ཚད་ལྡན་གཉེར་སྐྱོང་དང་ཕན་ཚུན་འདྲེས་པའི་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན། “5+N”བྱ་བའི་མ་ལག་དངོས་འབེབས་སོགས་གཞི་རིམ་ལག་ལེན་གྱི་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།