ཞིང་ཆེན་ཏང་ཨུའི་སྐབས་བཞི་བཞི་པའི་སྐོར་ཐེངས་བཅུ་གཅིག་པའི་སྐོར་ཞིབ་ཚན་ཆུང་བཅའ་སྡོད་བྱས་པར་མ་ཟད་བྱ་བ་སྤེལ་མགོ་བརྩམས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ9པའི་ཚེས10ཉིན་ནས་ཚེས11ཉིན་བར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དྲུག་གིས་སྔ་རྗེས་སུ་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་། ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན། ཞིང་ཆེན་སྲིད་གྲོས་ལས་ཁུངས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུས། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་བཅས་སུ་སྐོར་ཞིབ་ཚན་ཆུང་བཅའ་སྡོད་བྱས་པར་མ་ཟད་བྱ་བ་སྤེལ་མགོ་བརྩམས། 

སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་སོ་སོས་སྐོར་ཞིབ་བཅའ་སྡོད་སྐུལ་སློང་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོས་སྐུལ་སློང་གཏམ་བཤད་སྤེལ་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཚན་ཆུང་བཅུ་གཅིག་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་པ། གནད་དོན་གཅིག་མཚུངས་ལ་མཉམ་དུ་ལན་འདེབས་པའི་སྤུས་ཚད་མཐོ་བའི་སྐོར་ཞིབ་ལས་འགན་ཡོངས་འགྲུབ་བྱེད་པའི་ཐད་བླང་བྱ་བཏོན་ཞིང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་ཁྱོན་ཡོངས་ནས་སྐོར་ཞིབ་བྱ་བའི་བྱེད་ཕྱོགས་ལག་བསྟར་དང་། སྲུང་སྐྱོང་གཉིས་ཀྱི་རྩ་བའི་ལས་འགན་ལ་དམིགས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ཤུགས་སྣོན་པ། འགན་འཁྲི་བསྒྲུབ་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་བ། འགོ་ཁྲིད་ལས་བྱེད་པའི་དཔུང་སྡེ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དང་སྐོར་ཞིབ་། རྩིས་བཤེར་སོགས་ལྟ་སྐུལ་ཕྱིར་ལྡོག་གནད་དོན་བཅོས་སྒྱུར་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར། ཆབ་སྲིད་ཀྱི་ནོར་འཁྲུལ་གཏིང་ཟབ་ཏུ་ཤེས་རྟོགས་དང་ཡོ་བསྲང་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་པ་གཙོ་བོས་བསྟན་དོན། སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྐོར་ཞིབ་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས། སྐོར་ཞིབ་ཚོ་ཆུང་དང་མཉམ་དུ་ཤུགས་འདོན་པ་དང་རང་འགུལ་ངང་གནད་དོན་ཤེས་རྟོགས་དང་། དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱས་ཏེ་ལས་དོན་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་མེ་ལན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་ཡི་པུའུ་ཀྲང་ཚའོ་ཅུན་གྱིས་སྡེ་ཁག་དེ་གའི་སྐོར་ཞིབ་སྐུལ་སློང་ཚོགས་འདུར་ཞུགས་ཏེ་གཏམ་བཤད་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལ་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་ཏེ། སྐོར་ཞིབ་བྱ་བ་དེ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། རང་འགུལ་གྱིས་སྐོར་ཞིབ་ལྟ་སྐུལ་དང་ལེན་བྱེད་པ་དང་། གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་སྐོར་ཞིབ་རྩ་ལག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཆན་ཆུང་གི་ལས་སྒྲུབ་དུས་ཚོད་ནི་ཟླ9པའི་ཟླ་དཀྱིལ་ནས་ཟླ11པའི་ཚེས10ཉིན་བར་ཡིན་ལ། དེའི་རིང་ཆེད་མངགས་ལས་རེས་ཁ་པར་དང་། གློག་རྡུལ་ཡིག་སྒམ། “རྩ་གཉིས་ཨང་བཤེར་ལས་སྐོར་ཞིབ་བྱེད་པའི”ཐེར་འདོན་ལས་སྟེགས་བཅས་བཙུགས་ནས། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་དང་ལས་གནས་གལ་ཆེན་གྱི་ལས་བྱེད་པའི་ཞུ་གཏུག་གནད་དོན་དང་སྐོར་ཞིབ་ལས་དོན་དང་འབྲེལ་བ་ཡོད་པའི་ཡིག་སྐུར་ཞུ་གཏུག་གཙོ་བོར་བཟུང་ནས་བདག་སྤྲོད་བྱེད་རྒྱུ་རེད། རེས་སྐོར་འདིའི་ཡིག་བསྐུར་ཞུ་གཏུག་བདག་སྤྲོད་བྱེད་པའི་དུས་ཚོད་ནི2026ལོའི་ཟླ11པའི་ཚེས6ཉིན་བར་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།