ཟླ9ཚེས7ཉིན་ནས་ཚེས11ཉིན་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞའོ་ཅེ་ཡིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་མི་དམངས་ཁྲིམས་ཁང་གི་མི་དམངས་འདྲི་གཅོད་ལས་རོགས་པའི་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།
མཚོ་སྔོན་དུ་སྡོད་སྐབས། རྟོག་ཞིབ་ཚོ་ཆུང་གིས་མཚོ་ཤར་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཟི་ལིང་གྲོང་ཁྱེར་བཅས་སུ་བཞུགས་མོལ་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། དམངས་ཆེན་འཐུས་མི། མི་དམངས་འདྲི་གཅོད་ལས་རོགས་པའི་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་དང་གྲོས་འདོན་བསམ་འཆར་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་དབྱང་ཧྥིན་ཁྲུན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཚའེ་ཡུང་བཅས་ཀྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།
རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་གྱི་འབྲེལ་ཡོད་ཕྱོགས་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། མི་དམངས་འདྲི་གཅོད་ལས་རོགས་པའི་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱས་ནས་མི་དམངས་འདྲི་གཅོད་ལས་རོགས་པའི་ལས་དོན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་ཧུར་ཐག་གིས་བྱས་རྗེས་བཞག་ཡོད་པར་ངོས་འཛིན་བྱས། ཞའོ་ཅེ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་དགོས་ལ། སྲ་བརྟན་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་འཛུགས་པ་དང་། བརྒྱུད་རིམ་ཧྲིལ་བོར་མི་དམངས་དམངས་གཙོ་ལག་ལེན་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་མཐོ་ས་ནས་ལངས་ཏེ། མི་དམངས་འདྲི་གཅོད་ལས་རོགས་པའི་ལམ་ལུགས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང། ཁྲིམས་འཛིན་དམངས་གཙོ་དང་དམངས་དོན་ཁྲིམས་འཛིན་གྱི་བླང་བྱ་སྔར་བས་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་ཡོངས་ཀྱི་ཁྲོད་དྲང་སྙོམས་དྲང་བདེན་ཁྱབ་པར་བྱེད་དགོས། འབྲེལ་ཡོད་ཕྱོགས་ཁག་གིས་མུ་མཐུད་ནས་མི་དམངས་འདྲི་གཅོད་ལས་རོགས་པས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་འདྲི་གཅོད་ལས་རོགས་པས་ཁྲིམས་ལུགས་ཀྱི་གནས་ཚུལ་མཉམ་འདྲེས་ཡོང་བར་སྐུལ་འདེད་དང་། ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད། ཁྲིམས་འཛིན་གྱི་སྤྱི་མོས་ཆེ་རུ་གཏོང་བ། འགལ་བ་དང་རྩོད་གཞི་འདུམ་སེལ་བྱེད་པ་སོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱུན་མཐུད་ངང་ལམ་ལུགས་ཀྱི་བཟང་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་མཁྱོངས་བྱས་ནས་མི་དམངས་འདྲི་གཅོད་ལས་རོགས་པའི་ལམ་ལུགས་ལག་བསྟར་བྱེད་པའི་ཁྲོད་གནས་བའི་གནད་དོན་ཐག་གཅོད་བྱེད་པར་གཞི་བཙུགས་ནས། ནན་ཏན་སྒོས་ལག་ལེན་ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་རྨང་གཞིའི་སྟེང་འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། དུས་རབས་གསར་པའི་མི་དམངས་འདྲི་གཅོད་ལས་རོགས་པའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
མཚོ་སྔོན་དུ་སྡོད་སྐབས། རྟོག་ཞིབ་ཚོ་ཆུང་སྔ་རྗེས་སུ་མཚོ་ཤར་གྲོང་ཁྱེར་དང་། མཚོ་ནུབ་ཁུལ། ཟི་ལིང་གྲོང་ཁྱེར་བཅས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་ཏེ། འབྲེལ་ཡོད་གཞི་རིམ་ཁྲིམས་ཁང་དང་། ཁྲིམས་འཛིན་ཅུས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས། ཞང་གྲོང་རྡལ་གྱི་ཁྲིམས་འཛིན་ཁང་སོགས་ཀྱི་ལས་ཁུངས་ལ་བསྐྱོད་ནས་མི་དམངས་འདྲི་གཅོད་ལས་རོགས་པའི་འདེམས་བསྐོ་དང་། འདྲི་གཅོད་ནང་ཞུགས་པ། འགན་སྒྲུབ་འགན་ལེན་བྱེད་པ། གྱོད་གཞི་འདུམ་འགྲིག་དང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། གཞི་རིམ་ཁྲིམས་ཁང་གི་ཡུལ་དངོས་ནས་མི་དམངས་ཞིབ་གཅོད་ལས་རོགས་པས་ཅི་ལྟར་ཕན་ནུས་ལྡན་པའི་ངང་འདུམ་འགྲིག་གྱོད་དོན་ནང་ཞུགས་པར་ལྟ་ཞིབ་བྱས། རྟོག་ཞིབ་ཚོ་ཆུང་ཞང་གྲོང་རྡལ་དུ་སོང་ནས་དམངས་ཆེན་འཐུས་མིའི་བྱ་བ་དང་། སྐབས་བརྗེའི་འདེམས་བསྐོའི་བྱ་བ། སྡེ་མིའི་ཁྲིམས་སྐྱོང་དྲིལ་བསྒྲགས། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀུའུ་ཀྲེན་ཁྲུན་དང་ཀའོ་ཡིའུ་ཏུང་། ཨུ་ཡོན་ཞེན་ཐའེ་ཁི་སོགས་རྟོག་ཞིབ་ཁྲོད་ཞུགས། ཞིང་ཆེན་གྱི་འགོ་ཁྲིད་ལ་ཝུའུ་ལ་ཅི་པེ་ཁི་·རེ་སུའུ་ལི་ཧན་དང་ཀྲང་ཙེ་ཅུན་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས།