ཟླ9པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་དང་ཆིན་མའེ་བཞུགས་ཤག་གིས་སྤེལ་རེས་མཉམ་ལས་ཀྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་། ཐེ་ལན་ཆིན་མའེ་བཞུགས་ཤག་གི་ཧྲིན་ཀྲང་གཞོན་པ་ཞི་ཝ་ཀུང་·པུའུ་ཕིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
མཚོ་སྔོན་གྱིས་རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ལམ་སྲོལ་ལ་བརྟེན་ནས་རྫ་ཆུ་དང་མེ་ཀུང་ཆུ་བོའི་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འགྲོ་འོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ལས་ས་གནས་གཉིས་བར་མཛའ་འབྲེལ་གྱི་ཞིང་ཆེན་དང་བཞུགས་ཤག་གི་འབྲེལ་བ་འཛུགས་པའི་རེ་འདོད་ཡི་གེ་བརྗེ་རེས་བྱེད་པའི་གོ་སྐབས་དང་བསྟུན་ནས། འབྲེལ་གཏུག་ཐབས་ལམ་སྔར་ལས་ཤར་གཏོང་དང་སྡེ་ཁག་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་།
ཚོགས་འདུའི་ཐོག་ཞིང་ཆེན་གྱི་འབྲེལ་ཡོད་ཐིང་དང་ཅུས། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་འཐེན་ཐུག་ཐོན་ལས་ལས་རིགས་མཐུན་ཚོགས་ཀྱིས་སོ་སོར་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཕྱོགས་གཉིས་ཀྱིས་སྣོད་བཅུད་བཅོས་སྐྱོང་དང་། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས། ཆུའི་ཐོན་ཁུངས་དང་དག་གཙང་ནུས་ཁུངས་གསར་སྤེལ་བེད་སྤྱོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་གཙང་སེལ། ཚན་རྩལ་དང་སློབ་གསོ་མཉམ་ལས། ཐོན་ལས་མཉམ་ལས། རིག་གནས་ཡུལ་སྐོར་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་བསམ་བློ་བརྗེ་རེས་གཏིང་ཟབ་བྱས་པ་དང་། མཉམ་ལས་ཀྱི་བར་སྟོང་གནད་འཁེལ་འབྲེལ་མཐུད་བྱས།
ཚོགས་ཞུགས་ཕྱོགས་གཉིས་ཀྱིས་བསྟན་དོན། ཀྲུང་ཐེ་རྒྱལ་ཁབ་གཉིས་ཀྱི་ས་གནས་ཀྱི་མཛའ་འབྲེལ་མཉམ་ལས་དུས་རིམ་གསར་པར་སླེབས་ཡོད་ལ། ཕྱོགས་གཉིས་ཀྱིས་མཉམ་ལས་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་། ལས་གཞི་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་ངོས་འཛིན་གཅིག་མཐུན་ཁག་དངོས་གཉེར་གྲུབ་འབྲས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། མཉམ་ལས་ཁྱབ་ཁོངས་མུ་མཐུད་དུ་རྒྱ་སྐྱེད་དེ། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱེད་པ་བཅས་བྱས་ནས། ས་གནས་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྤེལ་རེས་དང་མཉམ་རྒྱལ་འཕེལ་རྒྱས་ཀྱི་ལེའུ་གསར་བ་མཉམ་དུ་འབྲི་དགོས།