ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སློབ་གསོ་པུས་མཉམ་འབྲེལ་ཐོག“ཆེས་མཛེས་པའི་དགེ་རྒན”གྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་གཏོད་པ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པར་གཉེར་བ་བཅས་ཀྱི་ཆེད་དུ། དགེ་རྒན་དུས་ཆེན་ཐེངས42པ་བསླེབས་ལ་ཉེ་བའི་སྐབས་སུ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སློབ་གསོ་པུའུ་ཡིས་སྤྱི་ཚོགས་ཡོངས་ལ“ཆེས་མཛེས་པའི་དགེ་རྒན”གྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས།

ཝན་ཡུང་ཧྲན་དང་། མ་ཐེན་ཞང་། མ་ཁྲའོ་ཆུན། མ་ཚུའེ་ལིན། ཝང་ཝུན་ཁོ། ཝང་ཡུང་ཀུའེ། ཝང་ཆིང་། ཝང་རུའུ་ཀྲུའུ། ཝང་ཀྲེན། ཝུན་ཐའོ། ཧྥེང་དབྱིན་ཆའོ། ལིའུ་ཀུའེ་ཧྭ། ལིའུ་ཞུའེ་ཡ། ལི་ཀྲི་ཅུན། ཝང་དབྱང་། ཧྲེན་ཙེ་ཧྭ། ཀྲང་ཧྥུའུ་སུའོ། ལིན་མའོ། ཀྲའོ་ཞི། ཧོའུ་ཀོང་ལེའང་། ཀུའོ་ཧྲའོ་ཆིན། ཚུའེ་ཡུས་ཆིའུ། ཀྲང་ཀྲེན་ལེ། ཕེང་ཡན་ཧྥིན། བསོད་ནམས་ཕུན་ཚོགས་སོགས་བློ་མཐུན25གཟི་བརྗིད་ལྡན་པའི་ངང་བདམས་ཐོན་བྱུང་། ཁོང་ཚོས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀུན་སྤྱོད་འཛུགས་སྐྱོང་དང་མི་གཞི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཤིང་། ལ་ལས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བླ་སྲོག་གསོ་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། གཏམ་སྤྱོད་སློབ་ཁྲིད་ཀྱིས་གཞོན་ནུ་སློབ་མར་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད། ལ་ལས་ཚན་རྩལ་གྱི་མདུན་གྲལ་ལ་དམིགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམ་པོར་དམིགས་ནས། ནུས་ཤུགས་གཅིག་སྡུད་ཀྱིས་འགག་རྩའི་ལག་རྩལ་གྱི་དཀའ་གནད་མང་པོ་སེལ་ཡོད། ཁག་གཅིག་གིས་བདེ་ཐང་ཨང་དང་པོར་འཇོག་པའི་སློབ་གསོའི་འདུ་ཤེས་དོན་འཁྱོལ་བྱས་ནས་སྤྲོ་སྣང་ལྡན་པའི་ལུས་རྩལ་ལ་བརྟེན་ནས་སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་། ཁག་གཅིག་ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱི་འཐབ་ཕྱོགས་དང་པོར་ཞུགས་ནས་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་རྒྱལ་ཁབ་ཆེན་པོའི་ལག་ཤེས་མཁས་པ་གསོ་སྐྱོང་ཞིབ་ཚགས་བྱས། ལ་ལས་བྱིས་པ་འཚར་ལོངས་ཡོང་བར་གཅེས་སྐྱོང་བྱེད་པ་དང་། བྱམས་བརྩེའི་ཐོག་ནས་བྱིས་པའི་མཛེས་སྡུག་ལྡན་པའི་སེམས་ཁམས་གསོ་སྐྱོང་བྱས། ཁོང་ཚོའི་སྔོན་ཐོན་བྱས་རྗེས་ཐོག་ནས་དུས་རབས་གསར་པའི་མི་དམངས་དགེ་རྒན་གྱི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་དང་འགན་འཁྲི་འཁུར་བ་གཅིག་སྡུད་ཐོག་མངོན་པ་དང་། “ཉི་ཟེར་འོག་གི་ཆེས་བླ་མེད་ཀྱི་ལས་རིགས”ཀྱི་ནང་དོན་གཏིང་ཟབ་སྒོས་གསལ་སྟོན་བྱས་ཡོད།

རྒྱ་ཆེའི་དགེ་རྒན་གྱིས་བསྟན་དོན། མི་དམངས་དགེ་རྒན་ནི་གཟི་བརྗིད་བླ་ན་མེད་པ་ཞིག་ཡིན་པས། ང་ཚོས“ཆེས་མཛེས་པའི་དགེ་རྒན”མིག་དཔེར་བྱས་ནས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ། གཟི་བརྗིད་དེར་གཅེས་སྤྲས་དང་ལས་རིགས་དེར་གཅེས་སྤྲས་བྱས་ནས། རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཏེ། རྒྱུན་ཆད་མེད་པར་རང་ཉིད་འཐུས་ཚང་དུ་གཏོང་བ་དང་། སློབ་མའི་གཤིས་རྒྱུད་དང་ཀུན་སྤྱོད། ཉམས་འགྱུར་བཅས་གསར་བཞེངས་བྱེད་མཁན་གྱི“སྐུ་ཞབས་ཆེན་པོ”ཞིག་ཏུ་འགྱུར་བར་སེམས་ཐག་བཅད་དེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་ཡག་པོ་བྱ་རྒྱུ་ཡིན།

ཡོངས་བསྒྲགས་མཛད་སྒོའི་ཐོག “ཆེས་མཛེས་པའི་དགེ་རྒན”ཀྱི་སྔོན་ཐོན་བྱས་རྗེས་ཀྱི་བརྙན་ཐུང་བསྟན་པ་དང་། ཟུར་ཚད་མི་འདྲ་བའི་ཐོག་ནས་ཁོ་ཚོའི་རྒྱུན་གཏན་གྱི་སློབ་སྦྱོང་དང་། ཁྱིམ་ཚང་གི་འཚོ་བ། དེ་བཞིན་མི་གསོ་སྐྱོང་གི་གཏམ་རྒྱུད་བཅས་བརྗོད་པ་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སློབ་གསོ་པུའི་འགན་འཁུར་བློ་མཐུན་གྱིས་ཁོ་ཚོར“ཆེས་མཛེས་པའི་དགེ་རྒན”ཀྱི་ལག་ཁྱེར་སྤྲད་པ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།