མཚོ་སྔོན་གྱི་རོང་འབྲོག་ལས་རིགས་ཐོན་རྫས་ཚོང་རྟགས་དོ་དམ་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་མཇུག་བསྒྲིལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ8པའི་ཚེས24ཉིན་ནས་ཟླ9པའི་ཚེས1ཉིན་བར། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ལས་རིགས་ཐོན་རྫས་ཚོང་རྟགས་དོ་དམ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དེ་རིམ་པ་གསུམ་དུ་བགོས་ཡོད་པ་ཚང་མ་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གི་ཚོང་རྟགས་ལས་དོན་གྱི་ཁག་བགོས་དོ་དམ་འགན་འཁུར་བ་དང་དེ་བཞིན་ལས་སྒོ་རྐང་འཛིན་པ། ཞིང་ཆེན་རིམ་པ་ཡན་གྱི་རོང་འབྲོག་ལས་རིགས་ཐོན་ལས་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ཀྱི་འགན་འཁུར་བ་དང་ཚོང་རྟགས་གཉེར་སྐྱོང་ཆེད་མངགས་པ་བཅས་རིམ་རྩིས་བྱས་ན་སློབ་མ260གསོ་སྦྱོང་ཁྲོད་ཞུགས་ཡོད།

ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་རིམ་པ་མཐོ་བ་དང་སྣ་མང་ཅན་གྱི་དགེ་རྒན་སྟོབས་ཤུགས་འདུས་ཏེ། ཞིང་ལས་དང་གྲོང་གསེབ་པུའི་ཆེད་མཁས་པ་དང་། མཐོ་རིམ་སློབ་གྲྭའི་དགེ་རྒན་ཆེན་མོ། ཞིང་ཆེན་རིམ་པའི་ལས་སྒོའི་དོ་དམ་སྡེ་ཁག་གི་རྐང་འཛིན་པ། ལས་རིགས་དེ་གའི་ཆེད་མཁས་པ་བཅས་ཁྱོན་བསྡོམས་མི13གྱིས་དུས་བགོས་སློབ་ཁྲིད་བྱེད་པར་གདན་དྲངས་ཤིང་། དགེ་རྒན་དཔུང་སྡེ་དེ་རྒྱལ་ཁབ་ཀྱི་ཞིང་ལས་སྟོབས་ཆེར་གཏོང་བའི་འཐབ་ཇུས་དང་། ས་ཁམས་མཚོན་རྟགས་སྲུང་སྐྱོབ། ཤེས་རིག་བདག་དབང་བཀོལ་སྤྱོད་བེད་སྤྱོད་། “ཚོང་རྫས་གསུམ་དང་རྟགས་མ་གཅིག”གི་ཁས་ལེན་དཔང་འདོན་དངོས་སྦྱོར། IPཚོང་རྟགས་གཏོད་པ། གློག་རྡུལ་ཚོང་དོན་གཉེར་ཚོང་བརྒྱུད་སྤེལ་སོགས་ཆེད་ལས་ཀྱི་མངའ་ཁོངས་མང་པོ་ཚུད་ཡོད་པ་དང་། གནས་བབ་མཐོ་ཞིང་དང་ལག་ལེན་གཏིང་ཟབ་པ་ཞིག་སྒྲུབ་ཐུབ་ཡོད།

དུས་རིམ་གསུམ་གྱི་གསོ་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་པ་དེ་གཞི་རིམ་གྱི་སྲིད་འཛིན་སྡེ་ཁག་དང་རོང་འབྲོག་ལས་རིགས་གཉེར་སྐྱོང་བྱེད་པའི་དོན་དངོས་དངོས་ཡོད་ལས་ཀའི་དགོས་མཁོར་འཚམ་པ་དང་། གཅིག་གྱུར་གྱི་ལྟེ་བའི་སློབ་ཁྲིད་སྒྲོམ་གཞིའི་རྨང་གཞིའི་ཐོག་སློབ་ཁྲིད་ཀྱི་ནང་དོན་ཇེ་ལེགས་སུ་བཏང་བ། ཏང་སྲིད་ལས་བྱེད་པའི་སྤུས་རྟགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་པའི་དགོས་མཁོ་དང་ཞིང་ཆེན་རིམ་པ་ཡན་གྱི་རོང་འབྲོག་ལས་ཐོན་ལས་ཅན་གྱི་གཙོ་གནད་སྣེ་འདྲེན་ཁེ་ལས་གཉེར་སྐྱོང་གི་དོན་དངོས་དགོས་མཁོར་ལྟ་རྟོག་བཅས་བྱས་ནས། རྩེ་རིམ་ལམ་ལུགས་ཇུས་འགོད་གསལ་འགྲེལ་བྱས་པ་མ་ཟད། འཐབ་ཕྱོགས་དང་པོའི་དངོས་སྦྱོང་བྱ་ཐབས་ཀྱང་སློབ་ཁྲིད་བྱས་ཏེ་སློབ་མའི་ཤེས་བྱའི་ཞན་ཆ་ཁ་གསབ་ནུས་ལྡན་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།