སྐབས་བཅུ་གསུམ་པའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་མཚོ་སྔོན་འགྲེམས་ཁུལ་གྱི་མཐོང་ཐོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

འགྲེམས་ཞུགས་ཚོང་པས་ཐད་སྒྲིག་རྣམ་པའི་གནོན་ཤུགས་སྐྱེལ་སྒྱུར་ཆསལ་རྒྱུས་ལོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན་སྐབས་བཅུ་གསུམ་པའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་འདུ་ཚོགས་པེ་ཅིན་རྒྱལ་སའི་ངར་ལྕགས་གླིང་དུ་སྤེལ་མགོ་བརྩམས། རྒྱལ་ཁབ་རིམ་པ་དང་། རྒྱལ་སྤྱིའི་རང་བཞིན། ཕྱོགས་བསྡུས་རྣམ་པ་བཅས་ཀྱི་ཞབས་ཞུའི་ཉོ་ཚོང་གི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་ཆ་ནས། སྐབས་འདིའི་ཚོགས་འདུས་ས་གནས་སོ་སོར་སྦྲེལ་བའི་གོ་ལ་ཧྲིལ་པོའི་ཐོན་ཁུངས་དང་། ཐོན་ལས་ཀྱི་གྲུབ་འབྲས་འགྲེམས་སྟོན། སྒོ་འབྱེད་མཉམ་ལས་བཅས་གཏིང་ཟབ་ཏུ་གཏོང་བར་སྐར་ཁུང་གལ་ཆེན་ཞིག་མཁོ་འདོན་བྱས། མཚོ་སྔོན་ཞིང་ཆེན་གྱིས་འགྲེམས་ཚོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་སྤུས་ལེགས་ཁེ་ལས་སྒྲིག་འཛུགས་བྱས་ནས་གཅིག་སྡུད་ཐོག་འགྲེམས་ཚོགས་ནང་ཞུགས་ཏེ་མཐོ་སྒང་གི་ཞབས་ཞུའི་ཚོང་དོན་གྱི་ལེགས་ཆ་གསར་པ་དང་། སྒུལ་ནུས་གསར་པ། གཟུགས་བརྙན་གསར་པ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་རྒྱས། སྒོ་འབྱེད་ཀྱི་རྣམ་པ་རྒྱལ་སྤྱིའི་གར་སྟེགས་སུ་མངོན།

རྒྱལ་སའི་ངར་ལྕགས་གླིང་གི་མཚོ་སྔོན་བརྗོད་དོན་གཙོ་བོའི་འགྲེམས་ཁང་དུ“རི་ཆུའིམགོ་ཁུངས།  མཛེས་པའི་མཚོ་སྔོན”ཞེས་པའི་བརྗོད་དོན་གཙོ་བོའི་མཚོན་རྟགས་མངོན་གསལ་དོད་ལ་སྟབས་བདེ་བའི་དེང་རབས་ཀྱི་འགྲེམས་སྟོན་ཉམས་འགྱུར་གྱིས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཞི་གཅིག་ཏུ་འདྲེས་ནས་མིག་མདུན་དུ་ངོམ། ཞབས་ཞུ་ཚོང་དོན་འདུ་ཚོགས་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་བེད་སྤྱོད་གང་ལེགས་བྱ་ཆེད། རང་ཞིང་གིས་གྲ་སྒྲིག་ཞིབ་ཚགས་དང་བཀོད་སྒྲིག་གནད་འཁེལ་བྱས་ཏེ་ནུས་རྒྱུ་གཙང་མ་དང་། གྲངས་གཞིའི་རྩིས་ཤུགས། ས་གཤིས་རྩད་ཞིབ། རིག་གནས་ཡུལ་སྐོར་བདེ་ཐང་གསོ་བ། དངུལ་རྩ་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་སྤུས་ལེགས་ཁེ་ལས83ལེགས་འདེམས་བྱས་པ་དང་། འགྲེམསཚོགས་སུ་ཞུགས་ནས“5+3”གྱི་ལངས་གཟུགས་ཅན་གྱི་འགྲེམས་སྟོན་མ་ལག་གསར་གཏོད་བྱས་ཏེ་མཚོ་སྔོན་གྱིས་ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་གཞི་ཚུགས་པ་དང་ཁྱད་ལྡན་ཞབས་ཞུའི་ཚོང་དོན་གཏིང་ཟབ་སྤེལ་བའི་མངོན་གསལ་དོད་པའི་ཕན་འབྲས་ཕྱོགས་ཡོངས་ནས་མངོན་ཡོད།

ཞབས་ཞུའི་ཚོང་དོན་འདུ་ཚོགས་ནི་རིམ་པ་མཐོ་བ་དང་ཤུགས་རྐྱེན་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་ཞབས་ཞུའི་ཚོང་དོན་སྤེལ་རེས་སྟེགས་བུ་ཞིག་རེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གཙོ་གནད་དུ་བྱས་ནས་རང་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་དང་། ལྗང་མདོག་རྩིས་ཤུགས། རིག་གནས་ཡུལ་སྐོར་ཁམས་གསོ། ལས་གྲྭའི་ལག་རྩལ། དངུལ་རྩའི་ཚོང་དོན། དེ་བཞིན“མཚོ་སྔོན་གྱི་གསོལ་སྟོན”དང“མཚོ་སྔོན་གྱི་དངོས་པོ”པེ་ཅིང་གི་ཁ་གཏད་མཚོ་སྔོན་རོགས་སྐྱོར་གྱི་གྲུབ་འབྲས་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད་ཅེས་བཤད་པ་རེད། དེ་དང་ཆབས་ཅིག་ད་དུང་པེ་ཅིང་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མཉམ་དུ་མཚོ་སྔོན་གྱི་དངོས་པོ་བཟང་པོ་ངོ་སྤྲོད་དང་། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་འགྲེམས་ཚོང་། ཡུལ་ཤུལ་གྱི་གཟུགས་འདས་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར་འགྲེམས་སྟོན་སོགས་ལེ་ལག་ཚང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ། སྐབས་འདིའི་ཞབས་ཞུ་ཚོང་དོན་ཚོགས་འདུ་ནི་མཚོ་སྔོན་གྱི་ལོ་ཤས་རིང་འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་མང་ཤོས་དང་བྱེད་སྒོ་ཕུན་སུམ་ཚོགས་ཤོས་ཀྱི་སྐབས་ཤིག་ཡིན་པས་ཞབས་ཞུ་ཚོང་དོན་ཚོགས་འདུའི་སྒོ་དབྱེའི་སྐར་ཁུང་ལ་བརྟེན་ནས་མཚོ་སྔོན་གྱི་སྐྱེ་ཁམས་གཏམ་རྒྱུད་དང་། ཐོན་ལས་གཏམ་རྒྱུད། སྒོ་དབྱེའི་གཏམ་རྒྱུད་བཅས་ཡག་པོ་བཤད་པ་དང་། པེ་ཅིན་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས“ཕྱིར་སྐྱོད་པའི”མགྱོགས་སུ་གཏོང་བར་སྐུལ་འདེད་དང་། ་ཞབས་ཞུའི་ཉོ་ཚོང་མཉམ་ལས་ཀྱི་བར་མཐོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་།

ལྗང་མདོག་རྩིས་ཤུགས་དང་རིག་སྟོབས་ཞབས་ཞུ་སོགས་ལས་རིགས་རྣམ་པ་གསར་པ་ཐེངས་འདིའི་མཚོ་སྔོན་འགྲེམས་ཁུལ་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་ཐུན་མོང་མ་ཡིན་པའི་གྲང་ངར་ཆེ་བའི་གནམ་གཤིས་དང་ལྗང་མདོག་གློག་གི་ཐོན་ཁུངས་ལེགས་ཆར་བརྟེན་ནས་རྒྱལ་ཡོངས་ཀྱི་ཐཱན་ཉུང་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི་ལེགས་འདེམས་བྱ་ཡུལ་ཞིག་ཏུ་གྱུར་ཡོད། པེ་ཅིན་དབྱིང་ཁྲོང་ལི་དང་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིས་མཚོ་སྔོན་གྱི་གྲངས་འཛིན་དཔལ་འབྱོར་འགྲན་བསྡུར་ལམ་བུར་གཏིང་ཟབ་སྤེལ་ནས་ཐེངས་འདིའིAIགཞི་གཅིག་ཅན་གྱི་གྲོང་ཁྱེར་གྱི་སྲོག་རྩ་རིག་ནུས་གཟུགས་སོགས་སྔོན་ཐོན་ལག་རྩལ་གྱི་གྲུབ་འབྲས་འཁྱེར་ནས་གྱོན་ཆས་ཉོ་ཚོང་ཚོགས་འདུར་ཞུགས།

པེ་ཅིན་དབྱིང་ཁྲོང་ལི་དང་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིའི་ཕྱི་རྒྱལ་བྱ་གཞག་པུའི་སྤྱི་གཉེར་བལི་ཀའོ་ཧང་གིས་ཁེ་ལས་ཀྱིས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་ཆར་བརྟེན་ནས་མཚོ་སྔོན་དུ་རིག་ནུས་རྩིས་རྒྱག་ལྟེ་གནས་བསྐྲུན་ཏེ་དཔེ་དབྱིབས་ཆེ་བའི་སྦྱོང་བརྡར་དང་། དེ་བཞིནAIརྩིས་རྒྱག་ནུས་པའི་ལས་སྒོ་སྣ་ཚོགས་ལ་འདེགས་སྐྱོར་བྱེད་པ་དང་དུས་མཚུངས་རང་འགུལ་ཞིབ་འཇུག་གི་སྒུལ་འཁོར་ལྟ་སྐུལ་ཚོད་འཛིན་མ་ལག་ལེ་ལག་ཚང་བའི་ཐོག་ནས་རིག་ནུས་རྩིས་རྒྱག་ལྟེ་གནས་བརྟན་པོ་དང་བློས་འགེལ་ཆོག་པ་དང་། ཐཱན་ཉུང་ནུས་ཆེའི་འཁོར་སྐྱོད་ལ་འགན་ལེན་དང་། རིག་ནུས་རྩིས་རྒྱག་ལྟེ་གནས་ཀྱི་ཐཱན་ཉུང་ནུས་རྒྱུ་གྲོན་ཆུང་དང་། བདེ་འཇགས་བརྟན་པོ། ནུས་ཆེའི་འཁོར་སྐྱོད་བཅས་ཕྱོགས་ཡོངས་ནས་འགན་ལེན་བྱས།

ཚོང་པས“མཚོ་སྔོན་ཁྱིམ་ཚང་གསོལ་སྟོན”སྐོར་ནས་བློ་འདྲི་བ།

རྩིས་ནུས་ཀྱི་རྨང་གཞི་བརྟན་པོ་བཟོ་བ་དང་དུས་མཚུངས་ཁེ་ལས་ཀྱིས་རྩིས་ནུས་ཀྱི་ནུས་པ་སྤྲོད་པའི་གྲོང་ཁྱེར་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཐེངས་འདིའི་འགྲེམས་སྟོན་གཙོ་བོ་བྱས་པའིAIགཞི་གཅིག་ཅན་གྱི་གྲོང་ཁྱེར་གྱི་ཚེ་སྲོག་མ་ལག་གིས་ཟོག་སྦྲེལ་དྲ་རྒྱའི་རིག་ནུས་ཤེས་ཚོར་སྒྲིག་ཆས་ལ་བརྟེན་ནས་གྲོང་ཁྱེར་ས་འོག་གི་ཆུ་འབུད་དང་ཚ་ཤུགས་མདོང་ལམ་དྲ་བར་དུས་དང་རྣམ་པ་ཀུན་ཏུ་ལྟ་ཞིབ་ཚད་ལེན་བྱས་པ་དང་།  བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རིག་ནུས་ངང་དབྱེ་འབྱེད་ཐུབ་པ་དང་ཉེན་ཁར་ཞིབ་འཇུག་དང་བརྡར་ཤ་གཅོད་ཐུབ་པ་མ་ཟད། ལྗང་མདོག་རྩིས་ཤུགས་ལ་བརྟེན་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་བདེ་འཇགས་འཛུགས་སྐྲུན་ལ་ནུས་པ་སྤྲད་། མཉེན་གཤིས་གྲོང་ཁྱེར་དང་རིག་ནུས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་ནུས་ལྡན་ངང་རོགས་རམ་བྱས་ཏེ། གྲངས་འཛིན་ལག་རྩལ་གྱིས་དམངས་འཚོར་ཞབས་འདེགས་ཞུ་བ་དང་གྲོང་ཁྱེར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དུ་བཅུག

“མཚོ་སྔོན་གྱི་དངོས་རྫས་བཟང་པོའི”འགྲེམས་ཁུལ་དུ་མི་རྣམས་ཀྱིས་ཁེངས་པ་དང་། བཀྲག་མདངས་འཚེར་ས་མང་པོ་འདུག མཚོ་སྔོན་ཞང་ཧྲོའུ་ཞིང་ཕྱུགས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བམ་ཁྲེང་ཅུན་གྱིས་དབྱར་རྩྭ་དགུན་འབུ་དང་སྐྱེ་ལྡན་འཕང་འབྲས་སོགས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་འཁྱེར་ནས་ངོ་མཚར་ཆེ་བའི་ངང་ནས་འགྲེམས་སྟོན་བྱས།  མཚོ་སྔོན་གྱི་དྭངས་གཙང་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་གསོ་སྐྱོང་བྱས་པའི་མཐོ་སྒང་གི་དངོས་རྫས་བཟང་པོ་དེ་རང་བྱུང་དང་ལྗང་མདོག་སྤུས་ལེགས་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་ཚོང་པ་མང་པོའི་ཡིད་དབང་བཀུགས་ཏེ་བློ་འདྲི་དང་ངོ་འཕྲད་གྲོས་མོལ། ཕན་ཚུནསྤེལ་རེས་བཅས་བྱས་བྱུང་། །

མ་ཁྲེང་ཅུན་གྱིས་གསར་འགོད་པར་ཞབས་ཞུ་ཚོང་དོན་ཚོགས་འདུའི་སྟེགས་བུ་ཆེན་པོར་བརྟེན་ནས་མཚོ་སྔོན་གྱི་སྤུས་ལེགས་དང་གདོད་མའི་སྐྱེ་ཁམས་ཀྱི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཁྲོམ་ར་དེ་བས་ཆེ་བར་ཁྱབ་གདལ་གཏོང་ཐུབ་པའི་རེ་བ་ཡོད་ཅེས་བཤད། ཁེ་ལས་ཀྱིས་ཐེངས་འདིའི་འགྲེམས་སྟོན་ནང་ཞུགས་རྒྱུ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་རྒྱ་ཁྱབ་ངང་འབྲེལ་བ་བྱེད་པ་དང་། ཕྱིར་ཚོང་ཐབས་ལམ་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ། ཕྱི་ཕྱོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མཐོ་སྒང་གི་ཐོན་རྫས་རྩེ་གྲ་དེ་བས་མང་བ་མཚོ་སྔོན་ནས་ཕྱིར་སྐྱོད་ནས་རྒྱལ་ཡོངས་སུ་སྐྱོད་པ་དང་། རྒྱལ་སྤྱིའི་ཕྱོགས་སུ་སྐྱོད་དུ་འཇུག་འཆར་ཡོད་ཟེར།

སྐབས་འདིའི་འགྲེམས་ཚོགས་རིང་རང་ཞིང་གིས་སྤེལ་བའི་འོས་སྦྱོར་སྤེལ་རེས་བྱེད་སྒོ་རབ་དང་རིམ་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་སྐུ་མགྲོན་བརྒྱ་ལྷག་ཙམ་ཡུལ་དངོས་སུ་མཉམ་འཛོམས་བྱས་ཏེ་དངོས་པོ་བཟང་པོ་འོས་སྦྱོར་དང་། དངོས་མཚོན་གློག་བརྙན་ཁྱབ་སྒྲོག རྣམ་གྲངས་གན་རྒྱ་འཇོག་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། ཞིང་ཕྱུགས་མཁོ་ཚོང་དང་། རིག་གནས་ཡུལ་སྐོར་གསར་སྤེལ། གཟུགས་འདས་རིག་གནས་ཤུལ་བཞག་གསར་གཏོད། བལྟ་བྱ་ཉན་བྱའི་ནུས་པ་སྤྲོད་པ་སོགས་ཀྱི་ཁྱབ་ཁོངས་སུ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས།  པེ་ཅིན་དང་མཚོ་སྔོན་བར་གྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་དང་ཏན་ཏིག་ཏུ་སྤེལ་ནས་དོན་ཐོག་ཏུ་འཁྱོལ་བའི་ཕན་འབྲས་ཐོན།

འགྲེམས་སྟོན་ལ་བརྟེན་ནས་ནུས་ཤུགས་གཅིག་སྡུད་ཐོག སྒོ་དབྱེའི་ནུས་པ་སྤྲད་དེ་ལམ་བུ་གསར་པ་ཞིག་གི་མགོ་འཛུགས་དགོས། ཐེངས་འདིའི་ཞབས་ཞུ་ཚོང་དོན་ཚོགས་འདུའི་རྒྱལ་སྤྱི་ཅན་གྱི་ལས་སྟེགས་ལ་བརྟེན་ནས་མཚོ་སྔོན་གྱིས་སྐྱེ་ཁམས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་ལེགས་ཆ། སྒོ་དབྱེའི་ལེགས་ཆ་བཅས་ཕྱོགས་ཡོངས་ནས་མངོན་ཡོད། འབྱུང་འགྱུར་རང་ཞིང་གིས་ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་མུ་མཐུད་གཞི་ཚུགས་ནས་ཁྱད་ལྡན་ཞབས་ཞུའི་ཉོ་ཚོང་ཤུགས་ཆེ་རུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་སྒོ་དབྱེ་གཏིང་ཟབ་ཏུ་བཏང་སྟེ་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་དང་། གྲངས་འཛིན་ཞབས་ཞུ་ལས་རིགས། ལྗང་མདོག་ཐོན་ལས་བཅས་ཀྱི་ཤོང་ཚད་ཆེ་རུ་དང་ཆུ་ཚད་སྔར་ལས་མཐོ་རུ་བཏང་ནསཕྱི་ཕྱོགས་སྒོ་འབྱེད་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གསོག་འཇོག་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།