མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་གཞན་པའི་སྨན་ཁང་ག་གེ་མོ་ཞིག་གི་སྨན་ཁང་ནས་ཐོན་པའི་བསྡོམས་རྩིས་སྒེའུ་ཁུང་མདུན་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ཨེ་གྲོང་ཁྱེར་གྱི་ལས་འཁྱུར་ངལ་གསོའི་ལས་བཟོ་བ་སྐྱེས་མཕན་ལགས་ཀྱིས་འགྲོ་སོང་རྩིས་ཞུའི་འཛིན་ཡིག་ཞིབ་བསྡུར་བྱས་རྗེས། མང་ཨེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུའུ་ཡི་ལས་བྱེད་མི་སྣའི་ངང་རྒྱུད་རིང་པོས་ཁ་པར་ཐོག་ནས་མཛུབ་ཁྲིད་བྱས་པའི་འོག་ཐོ་འགོད་སྙན་སེང་དང་བསྡོམས་རྩིས་བརྒྱུད་རིམ་ལེགས་འགྲུབ་བྱུང་ནས་སྨན་ཁང་ནས་ཐོན་པའི་འགྲོ་ལུགས་བདེ་བླག་ངང་གཉེར། ཨ་ཅག་ཕན་ལགས་ཀྱིས་ད་ཆ་སྨན་བཅོས་འགན་སྲུང་གི་ཞབས་ཞུ་སྔར་ལས་ཀྱང་མི་སེམས་འགུ་བས། ས་ཆ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་སྡོད་པར་སྟབས་ཇེ་བདེར་འགྲོ་བཞིན་འདུག་ཟེར།
ད་ལོ་ནས་བཟུང་། མང་ཨེ་གྲོང་ཁྱེར་སྒྲིག་ཨུའི་ལྟ་སྐུལ་ཨུ་ལྷན་གྱིས་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་དེ་ལྟ་སྐུལ་གྱི་གཙོ་གནད་ནང་བཅུག་ནས“ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང”གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་སོགས་འགན་ནུས་ལས་ཁུངས་ཀྱིས་ཐེབས་རྩའི་ལྟ་སྐུལ་དོ་དམ་དང་། ལམ་ལུགས་འཛུགས་སྐྲུན། དམངས་ཕན་ཞབས་ཞུ་སོགས་ཐད་དུས་གཅིག་ཏུ་ཤུགས་སྣོན་པར་སྐུལ་འདེད་བཏང་ནས“མཉམ་སྡེབ་དྲག་རྩལ”ཆ་ཚང་ཞིག་ཆགས་ནས་མང་ཚོགས་ཀྱི་སྨན་བཅོས་བློ་ཡིད་ཚིམ་ཚད་ཇེ་མཐོར་ཕྱིན་ཡོད།
མང་ཚོགས་ཀྱིས་ས་ཆ་གཞན་དུ་སྨན་བཅོས་བྱེད་པར་སྔར་བས་སྟབས་བདེ་ཡོང་ཆེད། མང་ཨེ་གྲོང་ཁྱེར་སྒྲིག་ཨུའི་ལྟ་སྐུལ་ཨུ་ལྷན་གྱིས་འཕྲོད་བསྟེན་དང་སྨན་བཅོས་འགན་སྲུང་ལས་ཁུངས་ཀྱིས་ས་ཆ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་། སྒེའུ་ཁུང་གཅིག་གིས་བདག་སྤྲོད་དང་། ལས་རོགས་ཚབ་སྒྲུབ། དུས་ཚོད་ནར་འགྱངས་ཞབས་ཞུ་བཅས་ཁྱབ་གདལ་བཏང་བས་ད་ལོ་ནས་བཟུང་རིམ་རྩིས་བྱས་ན་ཞིང་ཆེན་ལས་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་བསྡོམས་རྩིས་རྒྱག་དཀའ་བའི་གནད་དོན་མི་ཁྲི་5.42ཐག་གཅོད་བྱས། “ལྗང་མདོག་བགྲོད་ལམ”བཏོད་དེ་ནད་གཞི་ལྕི་བའི་ནད་པའི“ཆད་ཤོང་བདག་སྤྲོད་བྱེད་པའི”ལམ་སྲོལ་གསར་གཏོད་དང་ལག་བསྟར་བྱས། སྔོན་ཞིག་ལ་ནད་གཞི་ལྕི་བའི་ནད་པ་ཞིག་ལ་དངུལ་འཕྲལ་དུ་དགོས་པས“ལྗང་མདོག་བགྲོད་ལམ”བརྒྱུད་སྔོན་ལ་སྒོར་ཁྲི5ལྷག་ཙམ་འགྲོ་སོང་རྩིས་ཞུ་བྱས་པ་དང་འགྲོ་སོང་རྩིས་ཞུ་བྱས་པའི་བསྡུར་ཚད་85.4%ཟིན་ནས་ནད་པ་དེ་དང་དེ་བཞིན་ནང་མིའི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱས་ཡོད།
སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས་ངེས་པར་དུ་གཟབ་ནན་གྱི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། མང་ཨེ་གྲོང་ཁྱེར་གྱིས་སྨན་བཅོས་འགན་སྲུང་ཐེབས་རྩ་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ཏེ། གྲོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་འོག ལས་དོན་ཆེད་དོན་འཛིན་གྲྭ་བཙུགས་ཏེ་གནད་དོན་དང་། ལས་འགན། དོན་དངོས་བཅས་ཀྱི“གསལ་ཐོ་གསུམ”བཟོས་ནས། ལས་ཁུངས་མང་པོའི་མཐུན་སྦྱོར་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དུས་བཀག་ལྟར་མཉམ་འབྲེལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ཁུངས་སྣེ་སྤོ་སྐྱེལ་གྱི་ཐབས་ལམ་ཤར་གཏོང་བྱས་ནས་གདུབ་ཟུམ་ལས་ཀའི་རྣམ་པ་ཆགས་སུ་འཇུག་དགོས། བཅོས་སྒྲིག་བྱ་སྤྱོད་སྤེལ་བ་ནས་བཟུང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ལོག་སྨན་ལྐོག་འཚོང་ལ་རྡུང་རྡེག་གཏོང་བ་དང་། རིག་ནུས་ལྟ་སྐུལ་དོ་དམ་དང་གྲངས་གཞི་ཆེན་པོའི་རླུང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། སྨན་བཅོས་འགན་སྲུང་ཐེབས་རྩའི་རྙོག་འཛིང་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་། མགོ་སྐོར་གཡོ་ཁྲིདདང་། སྒྲིག་འགལ་ངང་ཐེབས་རྩ་སྤྱོད་པའི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་བརྟན་པོ་བསྐྲུན་དགོས།
མང་ཨེ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱིས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ལ་སྐྲན་ནད་ཀྱི་མཚོན་དངོས་ལ་ཞིབ་དཔྱད་ཚད་ལེན་དང་། བདེ་ཐང་བརྟག་དཔྱད་སོགས་གཙོ་གནད་ཁྱབ་ཁོངས་སུ་དམིགས་ནས་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་དུ། ཁུངས་སྣེ་བསྡུ་སྒྲིལ་དང་རྣམ་གྲངས་རེ་རེ་བཞིན་བསྡུར་བ་བྱས་ནས་སྒྲིག་འགལ་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་རིམ་རྩིས་བྱས་ན་སྒོར་ཁྲི7.77འདེདལེན་བྱས་ཡོད། ཆེད་དོན་གཙང་བཤེར་བྱས་ནས་སྒྲིག་འགལ་འགྲོ་སོང་རྩིས་ཞུ་སོགས་ཀྱི་མ་དངུལ་སྒོར་ཁྲི1.5འདེད་ལེན་བྱས། གཅོང་ནད་དང་དམིགས་བསལ་ནད་ཀྱི་ངོས་འཛིན་ཚད་ལྡན་མིན་པ་སོགས་ཀྱི་ཤུལ་ལུས་གནད་དོན་ལ་རྩིས་ཐོ་བཟོས་ནས་མི་རེ་རེ་བཞིན་ཨང་གྲངས་མེད་པར་བཟོས་ཏེ་དཔྱད་གཞིའི་ཡིག་རིགས་མི་འདང་བའི་མང་ཚོགས12ལ་འགྲོ་ལུགས་གསབ་སྒྲུབ་དང་ཐོབ་ཐང་སླར་གསོ་བྱེད་རོགས་བྱས། ཞིབ་དཔྱད་བསྡུར་བཤེར་བྱེད་རིང་རྒྱུས་ལོན་བྱས་བའི་གནད་དོན་གྱི་ཁུངས་སྣེ་དོན་ཚན10ཞིབ་འབྱེད་གནད་འཁེལ་ཐོག་རྩིས་སྤྲོད་བྱས་ནས་ལྟ་སྐུལ་གྱི་ཕན་འབྲས་དངོས་རྒྱུན་མཐུད་ངང་ཆེ་རུ་བཏང་།
ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་གྱི“ལས་ཀ་རྗེས་མ”ཡག་པོ་བསྒྲུབ་ཆེད། མང་ཨེ་གྲོང་ཁྱེར་སྒྲིག་ཨུའི་ལྟ་སྐུལ་ཨུ་ལྷན་གྱིས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་གཏན་འཁེལ་སྨན་དང་སྨན་རྫས་སྒྲིག་གཞི38ཀྱི་ཞབས་ཞུའི་གྲོས་མཐུན་ཡོངས་ལ་མིང་རྟགས་བཀོད་པ་དང་འགུལ་རྣམ་དོ་དམ་ལེགས་སྒྲུབ་དང་། བཏང་། སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་དང་། ཐེབས་རྩའི་ཞིབ་བཤེར་གཏན་འབེབས་དང་། རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ། གནད་དོན་དག་ཐེར་ལེགས་བཅོས། འགན་འཁྲི་བདའ་འདེད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལས་དོན་ཚད་ལྡན་དུ་གཏོང་བ་དང་། ལམ་ལུགས་ཀྱི་ངོས་ནས་ལྟ་སྐུལ་དོ་དམ་གྱི་སྐྱོན་ཆ་བཀག་པ། སྨན་བཅོས་འགན་སྲུང་སྲིད་ཇུས་དྲིལ་སྒྲོག་རྒྱུན་འཇགས་སུ་སྤེལ་བདང་མང་ཚོགས་ཀྱི་རེ་འདུན་རྒྱུན་རྣམ་ཅན་དུ་ཐག་གཅོད་བྱེད་པའི་ལམ་སྲོལ་བཙུགས་ནས་མང་ཚོགས་ཀྱི་བློ་འདྲི་དང་། ཞུ་གཏུག ཐེར་འདོན་བཅས་ཀྱི་ཐབས་ལམ་ཤར་གཏོང་དང་། མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་གྱི་རེ་འདུན་རྒྱུན་རྣམ་ཅན་དུ་ལན་སློག་པ། སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་ཞབས་ཞུའི་སྒྲིག་ལམ་རྒྱུན་མཐུད་ངང་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་སྨན་བཅོས་འགན་བཅོལ་ལས་རིགས་ཀྱི་ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། །
“ལྟ་སྐུལ་དོ་དམ་ནན་པོ”དེས་ཐེབས་རྩའི་བདེ་འཇགས་སྲུང་ཐུབ་པ་དང་། “ཞབས་ཞུ་ལེགས་པོ”དེས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བཏབས། མང་ཨེ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། མང་ཨེ་གྲོང་ཁྱེར་གྱིས་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ལྟ་སྐུལ་དོ་དམ་གྱི“ལྕགས་ཀྱི་ཁུ་ཚུར”གཡུག་པ་དང་ཆབས་ཅིག མང་ཚོགས་ཀྱི“སྙིང་ཉེ་མཁན”ཞིགབྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ཚིས་ཀྱི་བདེ་སྐྱིད་སྲུང་སྐྱོང་དང་། ་སྨན་བཅོས་འགན་སྲུང་གི་དམངས་ཕན་གྱི་ཉི་འོད་ཁྱིམ་ཚང་ཁྲི་སྟོང་མང་པོར་འཕྲོས།