རྒྱལ་ཁབ་གློག་དྲ་ཡུས་ཧྲུའུ་གློག་འདོན་ཀུང་སིས་ཆེད་དོན་འགག་སྒྲོལ་འགུལ་སྐྱོད་སྤེལ་ཏེ་སྐུད་ལམ་ཆད་སྐྱོན་བཅོས་སྐྱོང་གི་དཀའ་གནད་སེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཐོ་སྒང་འབྲོག་ཁུལ་གྱི་སྐུད་སྐྱོན་བཅོས་སྒྲིག་གི་དཀའ་གནད་སེལ་ཆེད། ཟླ7པའི་ཚེས27ཉིན་ནས་བཟུང་། རྒྱལ་ཁབ་གློག་དྲ་ཡུས་ཧྲུས་གློག་འདོན་ཀུང་སིས་དུས་མཚུངས་སུ་གློག་སྐུད་ཆད་སྐྱོན་ཆེད་དོན་འགག་སྒྲོལ་གྱི་འགུལ་སྐྱོད་སྤེལ་འགོ་ཚུགས་ཏེ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཚོང་གཉེར་དང་དེ་བཞིན་ཤར་ནུབ་རྒྱུད་ཀྱི་རོགས་སྐྱོར་ཆེད་མཁས་པ་གཅིག་གྱུར་བཀོད་སྒྲིག་བྱས་ཤིང་། ཆེད་དོན་འགག་སྒྲོལ་ཚོགས་པ་བཙུགས་ཏེ་རང་ས་གནས་ཀྱི་བཅོས་སྒྲིག་ཐབས་ལམ་འཚོལ་ཞིབ་བྱས་པ་དང་། གཙོ་གནད་འགག་སྒྲོལ་གྱི་དམིགས་ཚད་ཆེས་ཆེར་འཕར་རྒྱུར་སྐུལ་འདེད་བཏང་སྟེ། ཚོང་གཉེར་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་བསྩལ་བ་རེད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་རྒྱ་ཆེ་བ་དང་གློག་འདོན་གྱི་ཚངས་ཕྱེད་ཆེ་ཞིང་། འབྲོག་ཁུལ་མང་ཚོགས་ཀྱི་སྡོད་གནས་ཚད་མཐོའི་ཁ་ཐོར་དུ་གནས་ཡོད། ཁུལ་ཡོངས་སུ་ད་ལྟ་སྤྱི་སྒྱུར་སྟེགས་བུ4113ཡོད་པ་དང་། འབྲོག་ཁུལ་གྱི་སྟེགས་བུའི་བསྡུར་ཚད40%ལས་བརྒལ་ལ། ས་བབ་མཐོ་ལ་རྙོག་འཛིང་ཆེ་བའི་ས་ཁམས་ཁོར་ཡུག་གི་ཚོད་འཛིན་རྐྱེན་གྱིས་སྟེགས་བུའི་ཁུལ་གྱི་སྐུད་སྐྱོན་དོ་དམ་ཚོད་འཛིན་ཐད་ཞན་ཆ་དངོས་ནས་ཡོད་པ་དང་། ལོ་འགོའི་དུས་མཚུངས་ཀྱི་སྟེགས་བུའི་ཁུལ་གྱི་སྐུད་སྐྱོན་ཚད་གཞི་ལོན་ཚད59%ལས་ཟིན་མེད།

ལྟེ་བའི་དམིགས་ཚད་ལ་གཞིགས་ནས་འགག་སྒྲོལ་བྱས་ཏེ། ཀུང་སི་དེའི་ཚོང་གཉེར་ཡུལ་དངོས་དང་པོའི་མི་སྣས་སྟེགས་བུ་དང་ཁྱིམ་ཚང་བར་གྱི་འབྲེལ་བ་ཞིབ་བསྡུར་དང་། གཞི་གྲངས་བཅོས་སྒྲིག་དང་། ཚད་འཇལ་འཚོལ་བསྡུའི་སྐྱོན་ཆ་ཐག་གཅོད་སོགས་རྨང་གཞིའི་རང་བཞིན་གྱི་ལས་དོན་བཀོད་སྒྲིག་བྱས་ནས། རིམ་རྩིས་བྱས་ན་སྐྱོན་ལྡན་སྟེགས་བུ813བཅོས་སྒྲིག་ལེགས་གྲུབ་ཟིན་པ་རེད།

ཀུང་སི་དེས་ནུས་པ་སྐྱེད་སྲིང་བྱ་རྒྱུ་དེ་ཆེད་དོན་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། རིམ་རྩིས་བྱས་ན་དྲ་ཐོག་དང་ཡུལ་དངོས་སུ་གསོ་སྦྱོང་ཐེངས9སྒྲིག་འཛུགས་བྱས་པ་དང་། གཞི་རིམ་གྱི་ཡུལ་དངོས་དང་པོའི་མི84ཞུགས་ཡོད་པ་རེད། དུས་མཚུངས་སུ"གསོག་ཚད་སེལ་བ་དང་། འཕར་ཚད་ཚོད་འཛིན། ལམ་སྲོལ་འཛུགས་པ། ཡུན་ཕན་འདོན་པ"བཅས་ཀྱི་ལས་ཀའི་དམིགས་འབེན་གཏན་འཁེལ་བྱས་ཏེ། མུུ་ཕྲེང་ཧྲིལ་པོ་བཀག་སྡོམ་བྱེད་པའི་བཅོས་སྐྱོང་མ་ལག་བཙུགས་པ་རེད།

རྒྱལ་ཁབ་གློག་དྲ་ཡུས་ཧྲུའུ་གློག་འདོན་ཀུང་སིས་རྒྱུན་ཆད་མེད་པར་གནད་དོན་གྱི་ངོ་བོ་དང་དོ་དམ་གྱི་ཞན་ས་དེ་མ་འོངས་པའི་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་མཐོ་སྒང་སྐུད་སྐྱོན་བཅོས་སྒྲིག་ལག་ལེན་གྱི་དཔེ་མཚོན་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཚོང་གཉེར་ཡག་ཐོག་ཡག་བརྩེགས་ཅན་གྱི་དོ་དམ་རྨང་གཞི་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་སྟེ། ཡུས་ཧྲུའུ་ས་ཁུལ་གྱི་ནུས་ཁུངས་བློས་འགེལ་ཆོག་ལ་ཕན་འབྲས་ཆེ་བར་མཁོ་སྤྲོད་དང་། དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་གློག་ཤུགས་ཀྱི་སྟོབས་ཤུགས་བརྟན་པོ་སྩོལ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།