གཙོ་གཞིའི་ནུས་ཁུལ་གྱི་འཐབ་ཇུས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དགེ་མཚན་གསར་བ་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་རྒྱལ་ཁོངས་སྤྱི་ལེ་སྤྱི་གྲུ་བཞི་མ་ས་ཡ་དགུ་འབུམ་དྲུག་གི་ཐོག རང་བྱུང་ཆ་རྐྱེན་མི་འདྲ་བས། གཏན་གནས་ནོར་ཚེ། དེའི་རྗེས་ཀྱི་ཡོད་ཚད་ཡང་དག་ཅིག་ཡོང་མི་སྲིད། གཙོ་གཞིའི་ནུས་ཁུལ་གྱི་སྲིད་ཇུས་དང་བར་ཁྱད་ཅན་གྱི་བྱས་འབྲས་དཔྱད་ཞིབ་གང་མགྱོགས་སྒོས་འཐུས་ཇེ་ཚང་དུ་བཏང་སྟེ། ས་ཁུལ་སོ་སོས་གཙོ་གཞིའི་ནུས་ཁུལ་ལ་བརྟེན་ནས་གཏན་གནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་རྩོམ་པའི་ལོར། ཀྲུང་གོའི་གཙོ་གཞིའི་ནུས་ཁུལ་གྱི་འཐབ་ཇུས་ལག་བསྟར་ཐད་གྲུབ་འབྲས་མངོན་གསལ་བླངས་པ་དང་རྒྱལ་ཡོངས་ཀྱི་གོང་འོག་གིས་མཉམ་དུ་ཤུགས་བཏོན་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། འབྲུ་རིགས་ཀྱི་ཟས་ཕོར་མཉམ་དུ་བཟུང་ལ། སྔོ་ལྗང་གི་རི་ཀླུང་ལེགས་པར་སྲུང་བ་བཅས་བྱས་ནས། རྒྱལ་ཁོངས་རེ་རེར་ཐུན་མིན་གྱི་ཁྱད་ཆོས་མངོན་དུ་བཅུག 

མིག་སྔར། ཧྥུའུ་ཅན་གྱིས་རྨོ་ཞིང་སྲུང་སྐྱོབ་དང་རྒྱལ་ཁོངས་ལྗང་བསྒྱུར་བར་སྟོང་གི་ཆེད་དོན་འཆར་འགོད་གང་མགྱོགས་སྒོས་སྒྲིག་བཟོ་བྱེད་བཞིན་ཡོད། གཙོ་གཞིའི་ནུས་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་བྱ་བ་ཞིག་ཡིན་པའི་ཆ་ནས། གྲོང་ཁྱེར་དང་རྫོང་སོ་སོའི་རང་བྱུང་ཐོན་ཁུངས་དང་ནགས་ལས་སྡེ་ཁག་གི་ལས་སྒྲུབ་མི་སྣས་རྨོ་ཞིང་དང་ནགས་ཞིང་གི་རྒྱ་ཁྱོན་གཉིས་ཀ་གསལ་བོ་བྱས་པ་བརྒྱུད། རྒྱལ་ཁོངས་བར་སྟོང་གི་མཐའ་མཚམས་ཞིབ་མོ་བྱས་ལ། ས་ཆུའི་ཆ་རྐྱེན་ལེགས་པའི་ས་ཞིང་རྨོ་ཞིང་དུ་བསྒྱུར་ནས་འབྲུ་རིགས་ལེགས་པར་བཏབ་སྟེ། སྐྱེ་ཁམས་མི་ལེགས་པའི་གཡང་གཟར་དེ་ནགས་སར་དབྱེ་ནས་སྲུང་སྐྱོབ་ལེགས་པོ་བྱས། 

ཧྥུའུ་ཅན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་རྨོ་ཞིང་སྲུང་སྐྱོབ་ལྟ་སྐུལ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲིན་ཡན་ཧྭ་ཡིས་བཤད་རྒྱུར། གཙོ་གཞིའི་ནུས་ཁུལ་གྱི་བླང་བྱ་ལྟར། ས་ཞིང་རེ་རེར་ལས་གནས་དང་འགན་འཁྲི་གཏན་ཁེལ་བྱས་ཏེ། ཚང་མར་ས་ཞིང་རེ་རེའི་སྟེང་ཅི་ཞིག་བྱེད་འོས་པ་དང་ཅི་ཞིག་བྱེད་མི་རུང་བ་ཤེས་སུ་འཇུག་དགོས།

གཙོ་གཞིའི་ནུས་ཁུལ་འཛུགས་སྐྲུན་ནི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཐབ་ཇུས་ཆེན་པོ་ཞིག་ཡིན་ལ། དང་ཐོག་གཙོ་བོར་སྐྱེ་ཁམས་སྲུང་སྐྱོབ་ཐད་གཞོལ་ནས། ཐག་གཅོད་བྱེད་དགོས་པ་ནི་ས་ཁུལ་ཁ་ཤས་ཀྱི་ཐོན་ཁུངས་ཁོར་ཡུག་རིན་དོད་བྱས་ཏེ་དོན་མེད་རྒྱ་བསྐྱེད་དང་གོ་རིམ་མེད་པའི་འཕེལ་རྒྱས་ཀྱི་གནད་དོན་ཡིན། དེར་གཞིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་བོ་བཏོན་ལ། གཙོ་གཞིའི་ནུས་ཁུལ་གྱི་འཐབ་ཇུས་ནི། སྐྱེ་ཁམས་ཁོར་ཡུག་སྲུབ་སྐྱོབ་ཐད་ཤུགས་སྣོན་པའི་ཐབས་ལམ་ནུས་ལྡན་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་མྱུར་དུ་ལག་བསྟར་བྱ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རྒྱལ་ཁབ་ཀྱི་འཕེལ་རྒྱས་གཏོང་སྟངས་དང་འཕེལ་རྒྱས་ཀྱི་གནས་བབ་ལ་འགྱུར་ལྡོག་བྱུང་བར་བསྟུན་ནས། གཙོ་གཞིའི་ནུས་ཁུལ་གྱི་ཁྱབ་བྱ་དང་འགན་འཁྲིར་ཀྱང་རྒྱུན་ཆད་མེད་པར་འཕོ་འགྱུར་འབྱུང་བཞིན་ཡོད། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཙོ་གཞིའི་ནུས་ཁུལ་གྱི་གཏན་གནས་ལྟར། གཞི་རྒྱུའི་གོ་རིམ་ལྡན་པའི་རང་མོས་འཁོར་རྒྱུག་དང་གཙོ་གཞིའི་ནུས་ཁུལ་གྱི་ཚོད་འཛིན་ནུས་ལྡན་ཡིན་པ། རྩ་བའི་སྤྱི་བའི་ཞབས་ཕྱི་ཆ་སྙོམས་ཡིན་པ། ཐོན་ཁུངས་ཁོར་ཡུག་གིས་ཐེག་ཐུབ་པའི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཅས་བསྐྲུན་དགོས། སྤུད་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་བོར་བསྟན་དོན། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་གྱི་འཐབ་ཇུས་དང་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན། གཙོ་གཞིའི་ནུས་ཁུལ་གྱི་འཐབ་ཇུས་སོགས་ཀྱི་མཉམ་འདྲེས་ཟབ་མོར་སྐུལ་འདེད་བཏང་སྟེ། གཞི་རྒྱུ་སྣ་ཚོགས་ལུགས་མཐུན་ངང་འཁོར་རྒྱུག་དང་ནུས་མཐོའི་ངང་གཅིག་སྡུད་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་ཤར་གཏོང་བྱེད་དགོས།

ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཀྲུང་གོ་ཚན་རིག་གླིང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཧྥན་ཅེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་བབ་དང་བསྟུན་དགོས་པ་ནན་བཤད་གནང་ལ། དེས་གཙོ་གཞིའི་ནུས་ཁུལ་དོན་འཁྱོལ་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ཡང་ཅིག་བཤད་ན་ངེས་པར་དུ་གཙོ་གཞིའི་ནུས་ཁུལ་གྱི་རིགས་ཞིབ་མོར་བགར་ནས། སྲིད་ཇུས་དང་དཔྱད་ཞིབ་གནད་ཁེལ་ཡོང་དགོས་པ་དེ་ཡིན། འདི་ལྟར་ན། གཙོ་གཞིའི་ནུས་ཁུལ་གྱིས་ས་བབ་དང་བསྟུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ད་གཟོད་འཐབ་ཇུས་ཀྱི་ནུས་པ་དོན་དམ་དུ་འདོན་སྤེལ་བྱེད་ཐུབ། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། གཙོ་ནུས་ཐོན་ཁུལ་གྱི་ལམ་ལུགས་རིམ་གྱིས་བཙུགས་པ་དང་། གྲོང་ཁྱེར་ཅན་དུ་འགྱུར་བའི་ས་ཁུལ་དང་། ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུལ་གཙོ་བོ། གཙོ་གནད་སྐྱེ་ཁམས་ནུས་ཁུལ་བཅས་བྱེད་ནུས་རིགས་གསུམ་ལ་གཞིགས་ཏེ། ཡུལ་བབ་དང་བསྟུན་ནས་རང་རྒྱལ་གྱི་རྫོང་དང་ཆུས་རིམ་པའི་སྲིད་འཛིན་སྡེ་ཚན་བྱས་ནས་བྱེད་ནུས་གཏན་འཁེལ་བྱས་ཡོད། དུས་མཚུངས་སུ། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ཆགས་སྟངས་དེ་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་ནུས་པ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་ཆེ་རུ་གཏོང་བའི་ཁྲོད་རྒྱུན་ཆད་མེད་པར་དུས་བསྟུན་མདུན་སྐྱོད་བྱེད་ཀྱིན་ཡོད།

འདི་ནི་རང་རྒྱལ་གྱི་ཆེས་གསར་བའི་གཙོ་ནུས་ཐོན་ཁུལ་གྱི་ཁྱབ་ཚུལ་རི་མོ་ཡིན། རྫོང་ཁོངས་སྡེ་ཚན2846ཚང་མར་རང་ཉིད་ཀྱི་ནུས་པ་བརྟེན་གནས་ཡོད་པ་དང་། ལྗང་མདོག་གིས་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་མཚོན་ལ། སེར་པོས་ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོ་མཚོན། དམར་སྐྱའི་མདོག་གིས་གྲོང་ཁྱེར་ཅན་གྱི་ས་ཁུལ་མཚོན་པ་རེད། ཆེས་སྔ་བའི་གཙོ་ནུས་ཐོན་ཁུལ་གྱི་ཁྱབ་ཚུལ་དཔེ་རིས་དང་བསྡུར་ནས་བལྟས་ན། ས་གནས་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ལེགས་སྒྲིག   རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་བཅས་ཀྱི་དབང་གིས། སྡེ་ཚན153གྱི་བྱེད་ལས་རིམ་པར་ལེགས་སྒྲིག་བྱས་ཏེ། སྡེ་ཚན174ཡི་བྱེད་ནུས་ངེས་གནས་གཏན་ཁེལ་ལ་འགྱུར་ལྡོག་བྱུང་།

ཚན་རིག་དང་མཐུན་པའི་དཔྱད་དཔོག་རྨང་གཞིའི་ཐོག་གཙོ་ནུས་ཐོན་ཁུལ་གྱི་ངེས་གནས་ལ་བབ་མཚུངས་ཀྱི་ལེགས་སྒྲིག་བྱེད་པའི་ཞོར། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་དེ་ཞིང་གྲོང་དུ་སྣུར་སྲིང་བྱེད་བཞིན་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་གྲོང92%ཙམ་གྱིས་གཙོ་ནུས་ཐོན་ཁུལ་གྱི་ངེས་གནས་ཁ་གསལ་བཟོས་ཡོད། ཧྲན་ཞི་ཞིང་ཆེན་གྱི་ཡུས་ལིན་དུ།  ས་གནས་དེས“ནུས་རྒྱུའི་བར་སྟོང་”རྫོང་དང་ཆུས་ཁག་གི་རྒྱལ་སའི་བར་སྟོང་འཆར་འགོད་ནང་བཅུག་ནས་ཞིང་གྲོང་རིམ་པར་ཞིབ་ཕྲ་ངང་བཟོ་བཞིན་ཡོད།

ཧྲན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཀྱི་རྒྱལ་སའི་བར་སྟོང་འཆར་འགོད་ཁོའོ་ཡི་ཁོའོ་ཀྲང་།  ཝང་ཝེ་ཡིས་བཤད་རྒྱུར།

ཡུས་ལིན་ལ་འཕྲད་པའི་དངོས་ཡོད་གནད་དོན་ནི་ནུས་རྒྱུ་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་བར་དོ་མཉམ་ཡོང་ཐབས་ཇི་ལྟར་བྱ་རྒྱུ་དེ་རེད། དེར་བརྟེན་ངེས་གནས་ངེས་པར་དུ་ཞིང་གྲོང་དུ་ཁ་གསལ་བཟོས་ཏེ་ནུས་རྒྱུ་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁུལ་དུ། “དམིགས་བཀར་གསར་སྤེལ་དང་། གསར་སྤེལ་ཚོད་འཛིན། གསར་སྤེལ་བཀག་སྡོམ་”བཅས་ཀྱི་བར་སྟོང་རིགས་གསུམ་དབྱེ་འབྱེད་གཏན་འབེབས་བྱས་ཏེ། ཚང་མར་གསར་སྤེལ་གང་ཞིག་དང་། སྲུང་སྐྱོབ་གང་ཞིག་བྱེད་དགོས་པ་བཤད་དགོས།

དོ་དམ་ཚོད་འཛིན་སྲིད་ཇུས་དེ་བས་ཞིབ་ཚགས་དང་གཙོ་ནུས་ཐོན་ཁུལ་གྱི་རྒྱབ་སྐྱོར་སྲིད་ཇུས་ཀྱང་དེ་བས་གནད་སྨིན་དུ་གྱུར་ཡོད། ཧྲང་ཧའེ་སུང་ཅང་དུ་ཧོང་ཕུའུ་གཙང་པོས་རང་བྱུང་གིས་སོ་སོར་བཅད་པའི་ཕུའུ་ནན་དང་ཕུའུ་པེ་ས་ཁུལ་གཉིས་ནི་རྒྱལ་ཁབ་རིམ་པའི་གྲོང་ཁྱེར་ཅན་གྱི་ས་ཁུལ་དུ་གཏོགས་མོད། འོན་ཀྱང་ཕུའུ་ནན་ནི་སྐྱེ་ཁམས་སྲུང་ཡོལ་དང་ཞིང་ལས་ཐོན་རྫས་འགན་ལེན་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། ཕུའུ་པེ་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་སྔོན་ཐོན་ཐོན་ལས་ཀྱི་ལྟེ་བའི་ཐེག་ཚད་ཀྱི་ཆ་ཤས་ཤིག་ཡིན་ཞིང་། ཐོན་ཁུངས་ཀྱི་ཁྱད་ཆོས་དང་བྱེད་ནུས་ངེས་གནས་ཀྱི་ཁྱད་པར་འདི་རིགས་ལ་དམིགས་ཏེ། ས་གནས་དེའི་ལེ་ལག་ཚང་བའི་རྒྱབ་སྐྱོར་སྲིད་ཇུས་དང་དཔྱད་ཞིབ་གདེང་འཇོག་མི་འདྲ་བ་སྤྱད་ཡོད།

ཧྲང་ཧའེ་གྲོང་ཁྱེར་སུང་ཅང་ཆུས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝུའུ་ཝུན་ཧའེ་ཡིས་བཤད་རྒྱུར།

ས་ཞིང་གི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱེད་པའི་ཐད་ལྷོ་བྱང་གི་ཁྱད་པར་ཅན་གྱི་དམིགས་ཚད་དོ་དམ་དང་མ་གནས་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་དགོས། ཕུའུ་པེ་ཁུལ་གྱིས་གྲོང་ཁྱེར་འཛུགས་སྐྲུན་དང་། ཐོན་ལས་གཅིག་སྡུད། ཚན་རྩལ་གསར་གཏོད་བཅས་ཀྱི་འཕེལ་རྒྱས་ལ་དམིགས་ནས་ཕུའུ་ནན་ཁུལ་གྱིས་གནས་གཏན་འཁེལ་ངང་གྲོང་གསེབ་དར་རྒྱས་དང་སྐྱེ་ཁམས་འཛུགས་སྐྱོང་གི་དགོས་མཁོ་འགན་སྲུང་བྱས་ཡོད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་། རང་རྒྱལ་གྱིས་གྲོང་ཁྱེར་ཅན་དུ་འགྱུར་བའི་ས་ཁུལ་དང་། ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུལ་གཙོ་བོ། གཙོ་གནད་སྐྱེ་ཁམས་བྱེད་ལས་ཁུལ་བཅས་ཀྱི་བཀོད་པ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པའི་དུས་མཚུངས་སུ། ད་དུང་དམིགས་བསལ་བྱེད་ལས་ཁུལ་ཞིབ་ཕྲ་དང་ཁ་གསལ་བཟོ་རྒྱུ་རེད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། ནུས་ཁུངས་དང་ཐོན་ཁུངས་མཁོ་སྤྲོད་འགན་སྲུང་། རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། རྒྱ་མཚོའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་སོགས་བྱེད་ནུས་དམིགས་བསལ་ཅན་ལྡན་པའི་ཁུལ་ཁོངས་སུ། སྔར་ལས་གནད་དུ་འཁེལ་བའི་བར་སྟོང་དོ་དམ་ཚོད་འཛིན་སྒྲིག་སྲོལ་དང་རྒྱབ་སྐྱོར་སྲིད་ཇུས་འདོན་སྤྲོད་བྱེད་དགོས།

རང་བྱུང་ཐོན་ཁུངས་པུའུ་རྒྱལ་ས་བར་སྟོང་འཆར་འགོད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ལེའང་གིས་བཤད་རྒྱུར།

ང་ཚོས《རྒྱལ་ཡོངས་གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ལེགས་སྒྱུར་ལག་བསྟར་ཇུས་གཞི》སྒྲིག་བཟོ་བྱས་ཡོད། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་མ་ལག་ནང་གཏིང་ཟབ་ཏུ་འདྲེས་པར་བྱེད་པ་དང་། གཙོ་ནུས་དབྱེ་འབྱེད་ཁུལ་ལེགས་སྒྱུར་དང་ཞིབ་ཕྲ་ཅན་དུ་གཏོང་དགོས་ལ། ས་ཁུལ་ཁག་ཅིག་གི་གཙོ་ནུས་ཐོན་ཁུལ་གྱི་ངེས་གནས་ལེགས་སྒྲིག་འོས་འཚམ་བྱས་ནས། ས་གནས་ཁག་གི་ངེས་གནས་གཏན་འཁེལ་དེ་བས་དོན་དངོས་དང་མཐུན་པར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།