ཟླ9བའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཀན་སུའུ་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་མཉམ་འབྲེལ་བྱས་ཏེ། ཀན་སུའུ་དང་མཚོ་སྔོན་གྱི་ཁྲིམས་བསྟར་མཉམ་ལས་ལམ་ལུགས་ཐོག་མར་ལག་བསྟར་བྱས་ནས་ཆེད་ཁེ་ཚབ་སྒྲུབ་ལས་ཁུངས་ཀྱི་ཁྲིམས་འགལ་གྱོད་དོན་ཞིག་རྩད་གཅོད་ཅིང་། གྱོད་འབྲེལ་ལས་ཁུངས་དེ་དང་འབྲེལ་ཡོད་ཀྱི་ལས་སྒྲུབ་མི་སྣར་སྲིད་འཛིན་ཆད་གཅོད་བྱས་ནས་རང་ཞིང་གི་ཀན་མཚོ་ས་ཁོངས་བརྒལ་བའི་ཁྲིམས་བསྟར་མཉམ་ལས་ཡི་ལོ་རྒྱུས་སྟོང་གསབ་པར་མ་ཟད། ཞིང་ཆེན་ནང་ཁུལ་གྱི་ཆེད་ཁེ་ལས་ཚབ་ཁྱབ་ཁོངས་ཀྱི་ཁྲིམས་བསྟར་སྟོང་ཆ་བསྐངས།
ཐེངས་དེའི་ཁྲིམས་བསྟར་ལས་ཀས་ཕྱི་ནང་མཉམ་འབྲེལ་བྱས་ཏེ་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཁུངས་སྣེ་འབྲེལ་བ་དང་། མཉམ་འབྲེལ་མཉམ་གྲོས། མཉམ་ལས་གྱོད་སྒྲུབ་ཀྱི་ཞིང་ཆེན་བརྒལ་བའི་མཉམ་ལས་འབྲེལ་བ་བཙུགས་ཡོད་པས། ས་ཁོངས་ཀྱི་ལྟ་སྐུལ་ད་དམ་གྱི་འགག་སྒོ་གཏོར་ཡོད། ནང་ཕྱོགས་སུ་ཤེས་བྱའི་བདག་དབང་གི་ལས་སྒོ་དང་། ཁྲིམས་དོན་ཞིབ་དཔྱོད་སོགས་ཀྱི་ཆེད་ལས་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་ཏེ། གློག་རྡུལ་གཞི་གྲངས་ཀྱི་དཔང་ཡིག་དང་། རིམ་པ་གོང་མའི་ལས་སྒོའི་སློབ་སྟོན་སོགས་བྱེད་ཐབས་མང་པོ་མཉམ་འབྲེལ། འཕྲེད་གཞུང་གཉིས་ཀའི་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་གཅིག་བསྡུས་བཅས་ཀྱི་སྒོ་ནས་ཁྲིམས་བསྟར་ཁྲིམས་ཆད་ཀྱི་ཟིལ་ཤུགས་ཕན་འབྲས་གང་ལེགས་བཏོན།
དེ་དང་ཆབས་ཅིག གྱོད་གཞི་སྣ་གཅིག་རྩད་ཞིབ་ལ་དམ་འཛིན་བྱས་ཏེ། ཆེད་ཁེ་ལས་ཚབ་ལས་རིགས་ཐུན་མོང་གི་ཉེན་ཁ་དང་ལྟ་སྐུལ་གྱི་ཞན་ཆ་ལེགས་སྒྲིག་གང་ལེགས་བྱས་ཐོག ལས་རིགས་ཀྱི་ཚད་ལྡན་ལམ་ལུགས་འཛུགས་སྐྱོང་དངོས་ལ་དམིགས་ལ་སྐུལ་འདེད་བཏང་། རྒྱུན་རྣམ་ཅན་གྱི་ཉེན་ཟོན་སློབ་གསོ་དང་། ལས་གཉེར་ཚད་གཞི་ཚད་ལྡན། ལས་ཁུངས་ནང་ཁུལ་གྱི་དོ་དམ་ལམ་ལུགས་འཐུས་ཚང་བཅས་བཏང་བ་བརྒྱུད་དེ། ལས་སྒྲུབ་མི་སྣས་ལས་གཉེར་རྩ་དོན་དམ་སྲུང་བྱེད་དགོས་པར་ཁྲིད་སྟོན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཆེད་ཁེ་ལས་ཚབ་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དེ་དོན་དག་བྱུང་རྗེས་སུ་ཆད་པ་གཅོད་པ་ནས་དོན་དག་མ་བྱུང་གོང་ལ་སྔོན་འགོག་བྱེད་པ། མགོ་ཁུངས་བཅོས་སྐྱོང་ལེགས་སྒྱུར་བཅས་བྱེད་པར་སྐུལ་འདེད་བཏང་ནས་ལས་རིགས་འཕེལ་རྒྱས་ཀྱི་སྐྱེ་ཁམས་ལ་རྒྱུན་ཆད་མེད་པར་གཙང་སེལ་བྱས།
ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་མུ་མཐུད་དུ་ཞིང་ཆེན་གྱི་ཁྲིམས་བསྟར་མཉམ་ལས་ལམ་ལུགས་གཏིང་ཟབ་ཏུ་བཏང་སྟེ། ས་ཁོངས་བར་གྱི་མཉམ་ལས་ཁྲིམས་བསྟར་གྱི་རྣམ་པ་གསར་པར་མུ་མཐུད་དུ་འཚོལ་ཞིབ་བྱེད་རྒྱུ་དང་། ཁུངས་སྣེ་སྤོ་སྐྱེལ་དང་། མཉམ་འབྲེལ་གྱོད་སྒྲུབ། མཇུག་འབྲས་ངོས་ལེན། ཉམས་མྱོང་མཉམ་སྤྱོད་བཅས་འབྲེལ་ཐག་ཧྲིལ་བོའི་ལས་ཀའི་མ་ལག་འཐུས་ཚང་དུ་བཏང་སྟེ། ས་ཁོངས་བརྒལ་བའི་ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་བཅོས་སྐྱོང་གི་ནུས་པ་མུ་མཐུད་དེ་ཇེ་མཐོར་བཏང་ནས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར་ཁྲིམས་སྐྱོང་གི་འགན་སྲུང་ཇེ་བརྟན་དུ་གཏང་འཆར་ཡོད་པ་རེད།