ཐང་མགོ་གྲོང་རྡལ་གྱིས་ཁྲིམས་འཛིན་དཔུང་ཁག་གི་སྤུས་ཚད་མཐོ་རུ་གཏོང་བའི་བྱེད་སྒོ་སྤེལ།
གཞི་རིམ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་། སྡེ་བ་དང་སྡོད་ཁུལ་གྱི་ལས་བྱེད་པས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། འགལ་བ་སེལ་བ་དང་ཉེན་ཁ་སྔོན་འགོག་བཅས་ཀྱི་དངོས་འཐབ་ནུས་པ་ཆེ་རུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་གི་ཁྲིམས་སྐྱོང་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱ་ཆེད། ཟླ་8ཚེས་26ཉིན་ཐང་མགོ་གྲོང་རྡལ་གྱིས་དམངས་འཚོའི་ཞབས་ཞུ་དང་དུས་བདེ་འཛུགས་སྐྲུན། ཉེན་ཁ་སྔོན་འགོག་ཚོད་འཛིན་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ་ཁྲིམས་འཛིན་དཔུང་ཁག་གི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བའི་ཆེད་དོན་བྱེད་སྒོ་སྤེལ།

བྱེད་སྒོས་གཞི་རིམ་བཅོས་སྐྱོང་གི་གཙོ་གནད་དང་དཀའ་གནད་ལ་དམ་པོར་དམིགས་པ་དང་། དུས་བདེ་འཛུགས་སྐྲུན་བྱེད་པ། དམངས་འཚོ་འགན་ལེན་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ་འབེན་ཕྱོགས་རྣམ་པ་དང་གནད་འཁེལ་ཅན་གྱི་ཁྲིམས་སྐྱོང་སྒྲོག་འགྲེལ་བྱས་ཤིང་། སློབ་ཁྲིད་བྱེད་སྐབས་གྲོང་གསེབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་དང་། རྩྭ་ས་དང་ས་ཆ་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ། ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག དྲ་རྒྱའི་བདེ་འཇགས་དང་གློག་འཕྲིན་ཁ་བསླུས་སྔོན་འགོག ཆགས་སྲེད་རྒྱན་འཛུགས། དུག་གི་ཉེན་ཁ་གྲལ་བཤེར་བཅོས་སྐྱོང་། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་སོགས་ཀྱི་ནང་དོན་གཙོ་བོར་བཟུང་ཏེ་ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་བཅའ་ཁྲིམས་ཀྱི་གཞི་འཛིན་ས་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཐབས།

ལས་ཀའི་ཚད་གཞི་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་གཞི་རིམ་གྱི་བཅོས་སྐྱོང་འགན་འཁྲི་དོན་འཁྱོལ་དང་ལས་བྱེད་པའི་ཁྲིམས་སྐྱོང་དྲིལ་སྒྲོག་ནུས་པ་མཐོར་འདེགས་སུ་བཏང་།
དེ་དང་ཆབས་ཅིག་སློབ་ཁྲིད་ཀྱི་འགན་འཁུར་མི་སྣའི་གཞི་རིམ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འོས་འགན་སློབ་གསོའི་བཅའ་ཁྲིམས་དང་ཡིག་སྐུར་ངོ་གཏུག་ལས་དོན་སྲོལ་ཡིག། གཉེན་སྒྲིག་བཅའ་ཁྲིམས་སོགས་གཞི་རིམ་དུ་སྤྱོད་གོ་ཆོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་པ་དང་། འོས་འགན་སློབ་གསོའི་ཁེ་དབང་འགན་ལེན་དང་། ཡིག་སྐུར་ངོ་གཏུག་གི་སྣེ་ལེན་ཚད་ལྡན། གཉེན་སྒྲིག་དང་ཁྱིམ་ཚང་གི་འགལ་བ་འདུམ་འགྲིག གཞི་རིམ་གྱི་དབང་ཆ་དང་འགན་འཁྲིའི་མཐའ་མཚམས། ཁྲིམས་ལྟར་ཐག་གཅོད་བྱེད་པའི་བརྒྱུད་རིམ་སོགས་ལས་དོན་ལ་དམིགས་ནས་མཛུབ་ཁྲིད་ཞིབ་ཚགས་བྱས་ཏེ་གཞི་རིམ་ལས་བྱེད་པས་ཚད་ལྡན་ངང་འགན་འཁྲི་སྒྲུབ་པ་དང་། ཁྲིམས་ལྟར་བྱ་བ་སྒྲུབ་པ། རྩོད་གཞི་ཐག་གཅོད་བྱེད་པ་བཅས་ལ་བརྩི་སྲུང་གསལ་པོ་བྱས་པ་རེད།

གསོ་སྦྱོང་ཧྲིལ་པོའི་ནང་དོན་ཞིབ་ཚགས་ཡིན་ལ། འགྲེལ་བཤད་གོ་བདེ་བ། སྲིད་ཇུས་ཀྱི་མཐོ་ཚད་དང་དངོས་སྤྱོད་རང་བཞིན་གཉིས་ཀ་ལྡན་ཡོད། བྱེད་སྒོའི་ཁྲོད་ཞུགས་པའི་ལས་བྱེད་པས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་ཁྲིམས་སྐྱོང་ཤེས་བྱའི་ཞན་ཆ་སྔར་བས་ཁ་གསབ་དང་། ཁྲིམས་སྐྱོང་བསམ་གཞིགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། འགན་འཁྲི་སྒྲུབ་པའི་ལས་ཀའི་མ་མཐའི་མཚམས་ཐིག་ཁ་གསལ་བཅས་བྱས་ཏེ་ཁྲིམས་ལྟར་བཅོས་སྐྱོང་དང་། མང་ཚོགས་ལ་ཞབས་ཞུ། ཉེན་ཁ་སྔོན་འགོག་བཅས་ཀྱི་ཕྱོགས་བསྡུས་ནུས་པ་མཐོར་འདེགས་སུ་བཏང་བ་རེད།