མཚོ་སྔོན་གྱིས“ཁེ་ལས་མང་བོ་གཅིག་སྒྲིལ་གྱིས་མཚོ་སྔོན་གྱི་ངལ་རྩོལ་ལ་རོགས་སྐྱོར་བྱེད”ཅེས་པའི་འགུལ་སྐྱོད་སྤེལ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐག་གཅོད་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་བཅས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི“ཁེ་ལས་མང་བོ་གཅིག་སྒྲིལ་གྱིས་མཚོ་སྔོན་གྱི་ངལ་རྩོལ་ལ་རོགས་སྐྱོར་བྱེད”ཅེས་པའི་འགུལ་སྐྱོད་ལག་བསྟར་ཇུས་གཞི》པར་འགྲེམ་བྱས། སྤུས་ལེགས་ཁེ་ལས་བསལ་འདེམ་དང་རྩ་འཛུགས་འགན་སྲུང་ཆེར་བསྐྱེད། མངགས་ཐོའི་གསོ་སྦྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་དེ་ལས་ཞུགས་སྤུས་ཚད་ལ་བསྒྱུར་ཚད་རྒྱུན་མཐུད་ངང་མཐོར་འདེགས་བཏང་།

མཚོ་སྔོན་གྱིས་རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་དང་ལས་ཞུགས་ཀྱི་འདོད་བློ། རྩལ་ནུས་ཀྱི་ཆུ་ཚད་བཅས་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ། ལས་ཞུགས་ཀྱི་དགོས་མཁོའི་གསལ་ཐོ་གྲུབ་པར་བྱས། དེར་མ་ཟད་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་ཀྱི་ས་ཁུལ་ལ་མཐུན་སྦྱོར་བྱས་ཏེ། ལས་མིའི་དགོས་མཁོ་ཆེ་བ་དང་གླ་ཆ་བརྟན་འཇགས་ཡིན་པ། དོ་དམ་ཚད་ལྡན་ཡིན་པ་བཅས་ཀྱི་ཁེ་ལས་འོས་སྦྱོར་བྱས། ཡུལ་དངོས་ལ་སོང་ནས་རྟོག་ཞིབ་དང་ཁེ་ལས་ཁྲོད་དུ་སོང་ནས་རྒྱུས་ལོན་བྱས་པ་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་རྫོང45ནས་མ་མཐའ་ཡང་སྤུས་ལེགས་ཁེ་ལས2ནས3སོ་སོར་གཏན་ཁེལ་བྱས་ཏེ་ཕྱོགས་ངེས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། རིམ་རྩིས་བྱས་ན་ཧ་ལམ་ཁེ་ལས་བརྒྱ་ལྷག་ལ་གན་རྒྱ་བཞག་སྟེ། མ་འོངས་པར་གྲུབ་འབྲས་དངོས་ལ་གཞིགས་ཏེ་རིམ་བཞིན་རྒྱ་སྐྱེད་བྱེད་རྒྱུ་རེད།

ཞང་དང་གྲོང་རྡལ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས། སྡེ་སྡོད་ལས་བྱེད་པའི་རུ་དཔུང་བཅས་ཀྱི་སྟོབས་ཤུགས་ལ་བརྟེན་ནས། གནད་ལ་ཁེལ་བའི་ངང་ཁྱིམ་ཚང་ནང་དུ་སོང་སྟེ་ལས་གནས་ཀྱི་ཆ་འཕྲིན་རྒྱུད་བསྒྲོགས་བྱེད་པ། མི་མང་བསྡུས་ཏེ་རིམ་བསྟར་ཆེད་དོན་གདན་ཞུའི་བྱ་འགུལ་སྤེལ་བ། དེ་མིན་དྲ་ལམ་དང་ཡུལ་དངོས་ཀྱི་རྒྱུད་ལམ་ལ་བརྟེན་ནས་དུས་ཐོག་ཏུ་ལས་གནས་འགྲེམ་སྤེལ་བྱེད་པ་སོགས་བྱས། མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་དང་ངལ་རྩོལ་བར་ཁེ་བ་སོགས་ཁྲོམ་རའི་སྟོབས་ཤུགས་ལ་བརྟེན་ནས། ཕྱི་བསྐྱོད་ལས་མིའི་མགོ་འཐོམས་རང་བཞིན་ཇེ་ཉུང་དུ་བཏང་། དེ་དང་མཉམ་དུ། ལས་ཞུགས་སྔོན་གྱི་འཕྲོད་མཐུན་དང་ངལ་རྩོལ་བཅའ་ཁྲིམས་སོགས་ཀྱི་གསོ་སྦྱོང་སྤེལ་ཏེ། “ཁ་གཏད་རང་བཞིན་དང་གཅིག་འཐུས་རང་བཞིན”གྱི་ཞབས་ཞུ་ཆེར་བསྐྱེད་བྱས་ཏེ། ལས་མིའི“ཕྱི་རུ་བསྐྱོད་པ་དང་རླངས་འཁོར་ལ་འདུག་པ། བཟོ་གྲྭར་བསྐྱོད་པ”བཅས་ལ་འགན་སྲུང་བྱས། ལས་རིགས་ངོ་སྤྲོད་ཀྱི་ཁ་གསབ་དང་འགྲིམ་འགྲུལ་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པའི་སྟོབས་ཤུགས་ཆེར་བསྐྱེད་བྱས་ཏེ། ཕྱི་བསྐྱོད་ལས་མིའི་འགྲོ་སོང་ཇེ་ཉུང་དུ་བཏང་།

ཁེ་ལས་ཀྱི་ལས་གནས་དགོས་མཁོ་ལ་གཞི་བཙུགས་ཏེ། འགུལ་རྣམ་གྱིས་གསོ་སྦྱོང་རྣམ་གྲངས་ལེགས་སྒྲིག་བྱེད་པ་དང་། གཅིག་བསྡུས་ཀྱིས“མངགས་ཐོའི་ཕྱོགས་ངེས་གསོ་སྦྱོང”སྤེལ་བ། ཞིང་ཆེན་ཕྱིའི་དགེ་རྒན་དང་ཁེ་ལས་ལག་རྩལ་པ་དག་མཚོ་སྔོན་དུ་ཡོང་ནས་ཡུལ་དངོས་ནས་དཔེ་སྟོན་བྱེད་པ། གསོ་སྦྱོང་གི་ཚད་གཞི་ལོངས་རྗེས་ཕྱོགས་ངེས་ཀྱི་ལས་གནས་འོས་སྦྱོར་བྱས། ལས་རིགས་ལག་རྩལ་གྱི་ཚད་རིམ་ངེས་འཛིན་སོགས་ཀྱི་དཔྱད་བསྡུར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། རྩལ་ནུས་ཀྱི་ཚད་གཞི་དང་ཁེ་ལས་ཀྱི་ལས་གནས་ལ་གཏིང་ཟབ་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་བརྟན་བརླིང་ལ་གཞོགས་འདེགས་བྱས།

དེ་དང་མཉམ་དུ། རྒྱུན་རྣམ་ཅན་གྱི་རྗེས་སྙེགས་ཞབས་ཞུའི་ལམ་ལུགས་བཙུགས་ཏེ། ཁེ་ལས་ཀྱི་འབྲེལ་གཏུག་བྱེད་ཡུལ་གཏན་ཁེལ་དང་། དུས་བཅད་ནང་ལས་མི་དང་ཁེ་ལས་ལ་བཅར་ལན་ཞུ་བ། བྱིས་པའི་སློབ་ཞུགས་དང་། སྤྱི་ཚོགས་འགན་སྲུང་རྒྱུན་མཐུད་བྱེད་པ་སོགས་ཀྱི་དངོས་ཡོད་དཀའ་ངལ་མཐུན་སྦྱོར་ཐག་གཅོད་བྱས། ངལ་རྩལ་པའི་ཁེ་དབང་ལ་གནོད་པ་དང་དོ་དམ་ཚད་ལྡན་མིན་པའི་ཁེ་ལས་ལ་དུས་ཐོག་ཏུ་ལེགས་སྒྲིག་དང་ཕྱིར་འཐུད་བྱས་ཏེ་སྤུས་ལེགས་ཁེ་ལས་ཁ་གསབ་བྱེད་དགོས། ཁ་གཏད་རོགས་སྐྱོར་ལམ་ལུགས་ལ་བརྟེན་ནས་ཕྱི་སྡོད་མི་ཤུགས་ཐོན་ཁུངས་ཞབས་ཞུ་ས་ཚིགས་ཀྱིས་གཅིག་བསྡུས་སྐྱེལ་འདྲེན་ས་ཁུལ་རྒྱང་བསྲེང་བྱེད་པར་སྐུལ་འདེད་བཏང་ནས། སྲིད་ཇུས་ཀྱི་འདྲི་རྩད་དང་ངལ་རྩོལ་པའི་ཁེ་དབང་ལ་སྲུང་སྐྱོབ་སོགས་གཅིག་འཐུས་རྣམ་པའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། མང་ཚོགས་ཀྱིས་ཕྱི་རུ་རྐང་ཚུགས་པ་དང་སྒྲུབ་ཕོད་པ། ཡོང་འབབ་མང་བ་བཅས་འགན་སྲུང་བྱས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།