ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་རོགས་ལས་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས། ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ལའོ་ཏུང་ཁྲོན་གྱིས་གཙོ་སྐྱོང་གནང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ9ཚེས4ཉིན་ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་རོགས་ལས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་རྣམ་ཅན་གྱི་ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་ཡག་པོ་སྒྲུབ་ཏེ། ཁ་གཏད་རོགས་སྐྱོར་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་ཀ་གཏིང་ཟབ་སྤེལ་དགོས་ཞེས་གནང་བའི་སློབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་མཐའ་འཁྱོལ་དང་། རྒྱལ་ཡོངས་ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ས་ཁོངས་མཉམ་ལས་རོགས་སྐྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།  གྲུབ་འབྲས་ལ་ཕྱོགས་སྡོམ་དང་། ཉམས་མྱོང་སྤེལ་རེས། ལས་འགན་བཀོད་སྒྲིག་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་རོགས་ལས་ལས་དོན་གྱི་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བཅས་ལ་སྒུལ་ཤུགས་ཆེན་པོ་བསྣན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།

ཐེན་ཅིན་གྱི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་དང་།  ནན་ཅིང་གྲོང་ཁྱེར་གྱི་ཁ་གཏད་རོགས་བྱེད་ཡུལ་ཟི་ལིང་གི་ལས་དོན་ཚོགས་ཆུང་།  ཐེམ་ཆེན་རྫོང་།  རྨ་སྟོད་རྫོང་།  མཚོ་ནུབ་ཁུལ།  མཚོ་བྱང་ཁུལ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།  

ཝུའུ་ཞའོ་ཅུན་གྱིས“ལོ་ལྔ་ཚན་བཅུ་བཞི་པ”ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་རོགས་སྐྱོར་མཉམ་ལས་ཞིང་ཆེན་ཁག་དང་།     རོགས་སྐྱོར་ཁེ་ལས་ཚན་པ།     རྒྱ་ཆེའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་ལེགས་སྐྱེས་གང་མང་ཕུལ་བ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་མཉམ་ལས་དང་རོགས་ལས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།     ད་ལོ་ནི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལོ་དང་པོ་ཡིན་པས་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ལ།  དེ་ཐོག་ནས་མཚོ་སྔོན་ལ་ཐུགས་ཁུར་དང་བརྩེ་བ་ཟབ་མོ་བཅིངས་ཡོད་པ་གང་ལེགས་མཚོན་ཡོད།     ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དྲིན་ཚོར་དྲིན་ཤེས་དང་། འབད་བརྩོན་གྱི་གོམ་ཁ་མ་ལྷོད་པར་དངོས་སྒྲུབ་སྔོན་ཐོན་ལ་བརྩོན་ལེན་བཅས་བྱས་ཏེ་ཤར་ནུབ་མཉམ་ལས་དང་།    ཁ་གཏད་མཚོ་སྐྱོར།     གནས་གཏན་འཁེལ་རོགས་སྐྱོར་བཅས་ཀྱི་ལས་དོན་སྐས་རིམ་གསར་པར་སྙེག་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་འདི་སྐད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་བཀའ་མཆན་མཆན་བཀོད་ཀྱི་མཛུབ་སྟོན་དགོངས་དོན་ནི་ང་ཚོས་རོགས་སྐྱོར་མཉམ་ལས་དང་རོགས་ལས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞིར་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ལྟ་བུ་ཡིན་པས། རོགས་སྐྱོར་མཉམ་ལས་དང་རོགས་རེས་ཀྱི་ཆབ་སྲིད་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་ཏུ་ཐེག་ཐུབ་པའི་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས།     རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་གྱི་དུས་བབ་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཆུད་པ་དང་།    ཐོན་ལས་དང་།     ཤེས་ལྡན་མི་སྣ།     རྨང་གཞིའི་སྒྲིག་བཀོད།     སྤྱི་པའི་ཞབས་ཞུ་བཅས་ཀྱི་ཞན་ཆ་ཁ་གསབ་མགྱོགས་སུ་བཏང་སྟེ།     རོགས་སྐྱོར་ལས་དོན་དེ“ཁྲག་འདོན་པ”ནས“ཁྲག་བཟོ་བའི”ཕྱོགས་སུ་བསྒྱུར་བ་དང་།     ཕྱོགས་གཅིག་གི་རོགས་སྐྱོར་ཐོབ་པ་ནས་ཕྱོགས་གཉིས་ལ་ཕན་པའི་ལམ་ཁར་བསྒྱུར་བར་སྐུལ་འདེད་བཏང་ནས་གཉིས་ཕན་མཉམ་རྒྱལ་གྱི་རྣམ་པ་གསར་པ་ཆགས་དུ་འཇུག་དགོས།     ཐོན་ལས་མཉམ་ལས་དང་།     ངལ་ལས་མཉམ་ལས།     འཛད་སྤྱོད་རོགས་སྐྱོར།     ཤེས་ལྡན་པ་བརྗེ་རེས་།     དམངས་འཚོའི་དོན་དངོས་སོགས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་དང་།     ཁྲོམ་རའི་ལམ་སྲོལ་དང་ནང་གནས་སྐུལ་སྤེལ་གྱི་སྒུལ་ཤུགས་བེད་སྤྱོད་ཡག་པོ་བྱེད་པར་སྔར་བས་མཐོང་ཆེན་བྱས་ནས་རོགས་སྐྱོར་ལས་དོན་གྱི་སྤུས་འབྲས་ལེགས་སྒྱུར་ལ་སྐུལ་འདེད་གཏོང་དགོས།     རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་།     མཉམ་ལས་རོགས་སྐྱོར་གྱི་སྟོབས་ཤུགས་དེ་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་ཡག་པོ་བྱས་ཏེ།    ཡུལ་བབ་དང་བསྟུན་པའི་རོགས་སྐྱོར་ལས་འགན་གཏན་འཁེལ་དང་།     གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་བ།     མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་འཕེལ་རྒྱས་འགྲོ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏང་དགོས་པ་ནན་གྱིས་བསྟན།    

ལུའོ་ཏུང་ཁྲོན་གྱིས་གཙོ་སྐྱོང་གནང་དུས་འདི་སྐད།  ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བཀོད་སྒྲིག་གི་བླང་བྱ་དོན་འཁྱོལ་ནན་ཏན་དང་། མིང་ཉིང(闽宁)མཉམ་ལས་ཀྱི་ཉམས་མྱོང་བཟང་པོར་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ཏེ། “མིག་མང་འགྲིག་སྐོར་གཅིག”བསམ་བློ་བརྟན་པོ་འཛུགས་པ་དང་། གླིང་ཁུལ་གྱི་ཐུན་མོང་འཛུགས་སྐྲུན་དང་། ཐོན་ལས་འཕུར་ས། ཚན་རྩལ་གསར་གཏོད་འཕུར་ས། གྲངས་གཞིའི་མཚོ་སྐྱོར། འཛད་སྤྱོད་རོགས་སྐྱོར་སོགས་ཀྱི་རྣམ་པས་ཐོན་ལས་དང་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ངལ་ལས་མཉམ་ལས་ལམ་སྲོལ་གསར་གཏོད་བྱས་ཏེ། སློབ་གསོ་དང་སྨན་བཅོས་གྱི“ཚོགས་པ་སྒྲིག་འཛུགས་རྣམ་པའི”རོགས་སྐྱོར་གཏིང་ཟབ་ཏུ་བཏང་སྟེ། འཇོན་མི་ཕྱོགས་གཉིས་སུ་གསོ་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་དང་། ཡུལ་བབ་དང་བསྟུན་ནས་ཞི་མཐུན་གྱི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་གནས་ཀྱི་སྒུལ་ཤུགས་ལ་སྐུལ་སློང་བཅས་བྱས་ཏེ་དབུལ་མཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད།  ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་སྐུལ་འདེད་བཅས་གཏང་ཆེད་ལ་འབད་འབུངས་ལྷོད་མེད་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་དེ་བརྙན་ལམ་ནས་འཚོགས་ཤིང་།ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་དང་། ཝུའུ་ལ་ཙེ་པེ་ཁེ·རེ་སུ་ལི་ཧན། པད་ཁོ།  ཀྲུའུ་ཞིང་ཧྥེང་། ཚའོ་ཅུན་བཅས་ཚོགས་ར་གཙོ་བོའམ་ཡན་ལག་ཚོགས་ར་ལ་ཞུགས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།