
ཐག་ལྡིང་འགྲན་སྡུར།

མིག་མངས་འགྲན་སྡུར།
ཟླ9ཚེས3ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་མཚོ་སྔོན་ཞིང་ཆེན་སྐབས་དྲུག་པའི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་ལསདབང་པོ་སྐྱོན་ཅན་གྱི་རྣམ་གྲངས་རབ་དང་རིམ་པའི་འགྲན་སྡུར་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་རིག་གནས་ལུས་རྩལ་བྱེད་སྒོའི་ལྟེ་གནས་སུ་ཚ་ཚ་འུར་འུར་ངང་སྤེལ་འགོ་ཚུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་འཐུས་མི་རུ་ཁག7གྱི་མི་བརྒྱ་ལྷག་འགྲན་སྡུར་ནང་ཞུགས་ནས། ལུས་རྩལ་གྱི་མིང་ཐོག་ནས་བློ་སྤོབས་དང་འདྲ་མཉམ་སྐོར་གྱི་དགྱེས་སྟོན་ཞིག་གཟབ་རྒྱས་ངང་འཚོགས་པ་རེད།
འགྲན་སྡུར་ནང་རྐང་ཐང་དང་། འཕུར་མདའ། མིག་མངས་དང་ལོང་བའི་ཐག་མཆོང་བཅས་རྣམ་གྲངས་བཞི་བཀོད་སྒྲིག་བྱས་ཡོད་པ་རེད། འགྲན་སྡུར་བྱས་ཚར་པའི་རྐང་ཐང་གི་འགྲན་སྡུར་རྣམ་གྲངས་ཁྲོད། དབང་པོ་སྐྱོན་ཅན་མང་པོ་ཞིག་ཁྱིམ་ནས་ཐོན་ཏེ་སྔོ་ལྗང་གི་རི་ཆུའི་ཁྲོད་ལུས་རྩལ་གྱི་སྤྲོ་སྣང་ལོངས་སུ་སྤྱད་ཡོད། འཕུར་མདའ་འགྲན་རར་འགྲན་ཞུགས་པས་བློ་རྩེ་གཅིག་ཏུ་སྒྲིམ་ནས་འཕུར་མདའ་འཕེན་བཞིན་ཡོད། ལོང་བའི་ཐག་ལྡིང་ཁུལ་དུ་ལུས་རྩལ་པས་འགྲོས་དང་བསྟུན་ནས་མཆོང་ལྡིང་བྱེད་པ་དང་། མིག་མངས་འགྲན་མཁན་གྱིས་སེམས་རྣལ་དུ་ཕབ་ནས་འགྱིག་འདེད་བཞིན་ཡོད། དེ་ལྟ་བུའི་འགྲན་སྡུར་གྱི་སྐད་ཅིག་རེ་རེ་ལ་གི་དབང་པོ་སྐྱོན་ཅན་གྱི་འབད་བརྩོན་ལྷོད་མེད་དང་དཔའ་ཉམས་ཆེ་བའི་ཡར་ཐོན་གྱི་རྣམ་པ་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་ཡོད།
སྐབས་འདིའི་འགྲན་སྡུར་གྱི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་ནི་གཞི་རིམ་གྱི་ཁྲིད་སྟོན་ཆེན་པོ་དེ་རེད། རྐང་ཐང་དང་། འཕུར་མདའ། མིག་མངས། ལོང་བའི་ཐག་མཆོང་སོགས་རྣམ་གྲངས་ཀྱི་སྒོ་ཐེམ་དམའ་བ་དང་འཚམ་མཐུན་རང་བཞིན་ཆེ་བས། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་ཞབས་ཞུའི“མཐའ་མའི་སྤྱི་ལེ་གཅིག”གི་གཞི་རྟེན་ཡག་ཤོས་ཞེས་སུ་གྲགས། འགྲན་སྡུར་བྱེད་པའི་རིང་དུ་ཟི་ལིང་གྲོང་ཁྱེར་གྱི་ཆུས་བཞིའི་དབང་པོ་སྐྱོན་ཅན་གྱི་ཆེད་ལས་ཨུ་ཡོན་གྱིས་ཡུལ་དངོས་སུ་ལྟ་སྦྱོང་དང་སློབ་སྦྱོང་བྱས་ནས། འགྲན་སྡུར་སྒྲིག་འཛུགས་དང་རྣམ་གྲངས་ཁྱབ་གདལ་གྱི་ཉམས་མྱོང་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཁོ་ཚོས་མྱོང་ཚོར་ཟབ་མོ་དང་བཅས་ནས“ཆོས་དངོས”ས་ཁོངས་སུ་འཁྱེར་ནས་དབང་པོ་སྐྱོན་ཅན་སྔར་བས་མང་པོ་ཞིག་ལ་ཁྱིམ་གྱི་སྒོ་འགྲམ་དུ་ལུས་རྩལ་གྱིས་ཁྱེར་འོང་བའི་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་ཡིན་ཞེས་བཤད།
ལུས་རྩལ་ནི་དབང་པོ་སྐྱོན་ཅན་གྱི་ལུས་སེམས་གསོ་བྱེད་དང་སྤྱི་ཚོགས་ནང་ཞུགས་ཐབས་ཀྱི་ཟམ་པ་གལ་ཆེན་ཞིག་རེད། ད་ལོ་ནས་བཟུང་། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས“སྦྱོང་བ་དང་ཉན་པ། རྗེས་འདེད།”ཆེད་དོན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཡོངས་དབང་པོ་སྐྱོན་ཅན་རོགས་སྐྱོར་ཉིན་མོ་དང་དབང་པོ་སྐྱོན་ཅན་རིག་གནས་གཟའ་འཁོར་སོགས་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་ཞིབ་ཚགས་བྱས་པ་དང་། “ལྔ་ཅན་གཅིག”གི་རིག་གནས་ཁྱིམ་ཚང་དུ་ཁྱབ་པའི་རྣམ་གྲངས་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ། གཞི་རིམ་གྱི་རིག་གནས་ལུས་རྩལ་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་བཏང་། མཚོ་ཤར་གྱི་ཆུས་དང་རྫོང་ཁག་ཅིག་གི་སྲིད་དོན་ཞབས་ཞུའི་སྐར་ཁུང་དུAIལག་བརྡ་རྒྱང་སྒྲོག་མ་ལག་ཚོད་ལྟ་དང་ཁྱབ་གདལ་བཏང་སྟེ། ཞིང་ཆེན་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་ལྕགས་རྟ་འགྲན་སྡུར་སོགས་འགྲན་སྡུར་གལ་ཆེན་གོ་རིམ་ལྡན་པའི་སྒོ་ནས་གྲ་སྒྲིག་བྱེད་བཞིན་ཡོད་ལ། དབང་པོ་སྐྱོན་ཅན་གྱི་གངས་འཁྱགས་ལུས་རྩལ་དུས་ཚིགས་ཀྱི་བྱེད་སྒོ་བདེ་བླག་ངང་སྤེལ་ནས་དབང་པོ་སྐྱོན་ཅན་མཉམ་འདྲེས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་པ་རེད།
མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ཐེངས་འདིའི་འགྲན་སྡུར་རབ་དང་རིམ་པ་དཔེ་སྟོན་དུ་བཟུང་སྟེ། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)ཁག་ལ་སྐུལ་སློང་བྱས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་ནས་དབང་པོ་སྐྱོན་ཅན་གྱི་སྤྱི་པའི་ལུས་རྩལ་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་རྒྱུ་ཡིན། ལུས་རྩལ་དེ་དབང་པོ་སྐྱོན་ཅན་གྱི་ལུས་སྲུང་ཇེ་ལེགས་སུ་གཏོང་བ་དང་། བདེ་ཐང་སླར་གསོ་དང་ལུས་སྦྱོང་། འདྲ་མཉམ་ངང་སྤྱི་ཚོགས་འཚོ་བའི་ནང་ཞུགས་པའི་ཐབས་ལམ་ནུས་ལྡན་ཞིག་ཏུ་འགྱུར་བ་དང་། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། དམངས་ཡོངས་ཀྱི་ལུས་སྦྱོང་གི“ཉི་འོད”ཀྱིས་དམིགས་བསལ་གྱི་གྲིབ་གཟུགས་རེ་རེ་གསལ་བར་བྱེད་དུ་འཇུག་རྒྱུ་ཡིན་ཟེར།