——ཞིང་ཆེན་སྲིད་གྲོས་ཀྱིས“ཚྭ་མཚོའི་ཐོན་ཁུངས་ནུས་ཆེའི་སྒོ་ནས་གསར་སྤེལ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པར་རོགས་རམ་བྱེད་པའི”ཆེད་དོན་གྲོས་མོལ་དངོས་བཀོད།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཚྭ་མཚོ་ནི་མཚོ་སྔོན་གྱི་རྩ་ཆེའི་ཐོན་ཁུངས་ཤིག་ཡིན་པ་དང་། ཚྭ་ནག་ནི་ཚྭ་མཚོའི་ཁྲོད་ཀྱི་ཆེས་བབ་ཆགས་ཀྱི་ཐོན་དངོས་ཤིག་ཡིན། དེའི་ཐོན་རྫས་རིན་ཐང་ནི་ཚྭ་མཚོའི་ཐོན་ཁུངས་ཁྲོད་ཀྱི་ཆེས་མཐོ་ཤོས་མིན་ན་ཡང་འཛད་སྤྱོད་ཁྲོམ་ར་དང་ཐག་ཉེ་ཤོས་ཡིན།
མི་སེར་དང་ཁ་འབྲལ་ཐབས་མེད་པའི་རྒྱུན་གཏན་གྱི་དགོས་མཁོའི་དངོས་རྫས་ནས་ལྗང་མདོག་བདེ་འཇགས་ཀྱི་སྤུས་ལེགས་བཟའ་བཅའི་རྒྱུ་ཆ་དང་། བདེ་ཐང་གི་ནུས་པ་ལྡན་པའི་ཁྱད་ལྡན་མཁོ་ཆས། སྒྱུ་རྩལ་གྱི་ཚོར་སྣང་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས། དེ་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གཞི་རྟེན་གསར་པའི་བར་ཚྭ་ཁའི་ཚྭ་མཚོའི“ཚྭ་ནག”གིས་མཚོན་པའི་མཚོ་སྔོན་གྱི་ཚྭ་མཚོ་རིམ་བཞིན་རིམ་སྤོར་བྱུང་ནས་གནའ་ལམ་དམངས་ཚིས་ཀྱི་ཚྭ་ནས་དུས་རབས་ཀྱི་བདེ་ཐང་ཚྭ་རུ་གྱུར་ཡོད།
འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཏེ་ཇི་ལྟར་བྱས་ན་ཚྭ་ནག་གསར་སྤེལ་དང་བེད་སྤྱོད་ཀྱི་ལས་དོན་ཆེན་པོ་ཡག་པོ་བསྒྲུབ་ཐུབ་པ་དང་། ཚྭ་ནག་ཕྱོགས་བསྡུས་བེད་སྤྱོད་འབྲེལ་ཐག་གི་ཞན་ཆ་དང་ཐོན་ལས་རིམ་སྤོར་གྱི་འགག་གནད་སེལ་ཐུབ་པ། ཐོན་ཁུངས་ནུས་ཆེ་གཞན་སྒྱུར་གྱི་བགྲོད་ལམ་གཏོད་དེ་མཚོ་སྔོན་ཚྭ་མཚོའི་ཐོན་ཁུངས་ལེགས་ཆ་དེ་ཐོན་ལས་ལེགས་ཆ་དང་། དཔལ་འབྱོར་ལེགས་ཆ། འགྲན་རྩོད་ལེགས་ཆ་བཅས་ཀྱི་ཕྱོགས་སུ་མཆོང་སྐྱོད་ལ་་མགྱོགས་མྱུར་སྐུལ་འདེད་གཏོང་ཐུབ་རྒྱུ་དེ་ནི་ཞིང་ཆེན་སྲིད་གྲོས་ཀྱིས་དོ་ཁུར་དང་། ཤུགས་རྒྱག་ས། འགག་སེལ་གྱི་གནད་དོན་དུ་གྱུར་ཡོད།
ད་ལོ་ནས་བཟུང་ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྲིད་གྲོས་ཨུ་ཡོན་དང་། ཁྱབ་ཁོངས་ཆེད་མཁས་པ། ལས་རིགས་ལས་གཉེར་པ་བཅས་སྒྲིག་འཛུགས་བྱས་ནས་རྟོག་ཞིབ་གཏིང་ཟབ་དང་ཆེད་དོན་གྲོས་མོལ་བྱས་ཏེ་ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ནས་མཚོ་སྔོན་ཚྭ་མཚོ་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་།

ཚྭ་ནག་གི་ཐོན་རྫས་འགྲེམས་སྟོན།
བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་སྔ་མོ་ནས་ཇུས་འགོད་་བྱེད་པ།
བརྗོད་དོན་འདེམས་སྐབས་ཁྱོན་ཡོངས་ལ་དམིགས་ཏེ་འཐབ་ཕྱོགས་དང་པོར་རྟོག་ཞིབ་གཏིང་ཟབ་བྱེད་པ་ནི་ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་གྱི་མངོན་གསལ་དོད་པའི་རྨང་གཞི་ཡིན། སྤུས་ཚད་མཐོ་བོའི་ཆེད་དུ“ཚྭ་ནག་ཐོན་ཁུངས་ནུས་ཆེའི་སྒོ་ནས་གསར་སྤེལ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་རྒྱུར་རམ་འདེགས་བྱེད་པའི”ཆེད་དོན་གྲོས་མོལ་ཡག་པོ་བྱ་ཆེད། ཞིང་ཆེན་སྲིད་གྲོས་ཀྱིས་དུས་མགོའི་རྟོག་ཞིབ་གྲ་སྒྲིག་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་སྲིད་གྲོས་གྲོས་མོལ་དང་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པར་ལག་ལེན་བསྟར་བར་སློབ་སྦྱོང་དང་སློབ་གསོ་ཟུང་འབྲེལ་བྱེད་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་དེ་སྲིད་གྲོས་གྲོས་མོལ་གྱི་སྔོན་འགྲོའི་སློབ་ཚན་དུ་བརྩིས་ནས་གནས་ཚུལ་གསལ་པོར་རྟོགས་པ་དང་། གནད་དོན་ཡང་དག་འཚོལ་བ། དོན་དངོས་ཀྱི་ཐབས་ཇུས་འདོན་དགོས།
གྲོས་མོལ་གྱི་བརྗོད་དོན་གཙོ་བོར་དམིགས་ཏེ་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་ཆེད་དོན་རྟོག་ཞིབ་ཚོ་ཆུང་བཙུགས་ནས་རྟོག་ཞིབ་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་རྟོག་ཞིབ་ཀྱི་གཙོ་གནད་ཁ་གསལ་བཟོས་ཏེ་ཡུལ་དངོས་སུ་འཚམས་འདྲི་དང་། བཞུགས་མོལ་སྤེལ་རེས། ཕྱི་རོལ་དུ་སློབ་སྦྱོང་བྱེད་པ། ཆེད་མཁས་པའི་བློ་འདྲི་བཅས་བྱས་ཏེ་རིམ་པ་མང་བའི་རྟོག་ཞིབ་མ་ལག་བཙུགས། རྟོག་ཞིབ་ཚོ་ཆུང་གིས་སྔ་རྗེས་སུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚྭ་ཁ་ཚྭ་མཚོའི་ཐོན་སྐྱེད་རྟེན་གཞི་དང་། ཚྭ་མཚོའི་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་ཚོད་ལྟ་ཁང་བཅས་སུ་བསྐྱོད་པ་དང་། ཚྭ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་ཁེ་ལས་ཀྱི་དོ་དམ་མི་སྣ་དང་། འཐབ་ཕྱོགས་དང་པོའི་ལག་རྩལ་བཟོ་པ། ཚན་ཞིབ་མི་སྣ་བཅས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ཏེ་ཚྭ་ནག་སྔོག་འདོན་དང་། ལས་སྣོན་ཞིབ་ཚགས། ཐོན་རྫས་ཞིབ་འཇུག་གསར་སྤེལ། སྤུས་རྟགས་གཏོད་པ། ཁྲོམ་རའི་ཕྱིར་ཚོང་། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས།
ཞིང་ཆེན་ནང་ཁུལ་གྱི་འཕེལ་རྒྱས་ལ་ལྟ་དགོས་པ་མ་ཟད། རྒྱལ་ནང་གི་ཚྭ་ལས་སྔོན་ཐོན་ས་ཁུལ་བར་གྱིཁྱད་པར་ཡང་འཚོལ་དགོས། རྟོག་ཞིབ་ཚོགས་ཆུང་ད་དུང་ཅང་སུའུ་དང་ཧོ་ནན་སོགས་ཚྭ་ལས་འཕེལ་རྒྱས་ཀྱི་ཞིང་ཆེན་ཆེ་གྲས་དང་སྟོབས་ལྡན་ཞིང་ཆེན་དུ་བསྐྱོད་དེ་སློབ་སྦྱོང་དང་རྟོག་ཞིབ་བྱས་ནས་ཐོན་རྫས་གསར་གཏོད་དང་། སྤུས་རྟགས་གཉེར་སྐྱོང་། ཁྲོམ་རའི་ཐབས་ལམ་འཛུགས་སྐྲུན་བཅས་ཐད་ཀྱི་སྔོན་ཐོན་ཞིང་ཆེན་གྱི་ཉམས་མྱོང་ལ་ཟུར་ལྟར་བྱས། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་གོ་ཚྭ་ལས་མཐུན་ཚོགས་བར་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ཐོན་ལས་སྲིད་ཇུས་དང་། ལས་རིགས་ཀྱི་ཚད་གཞི། ཐོན་ལས་མཉམ་ལས་བཅས་ཀྱི་འབྲེལ་ཡོད་དོན་དག་འབྲེལ་གཏུག་ཧུར་ཐག་བྱས་ནས་ཐབས་འདོན་པའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་གྲོས་མོལ་གྱི་རྨང་གཞི་བརྟན་དུ་བཏང་ནས་གྲོས་མོལ་ཐབས་འདོན་གྱི་དམིགས་ཡུལ་གནད་འཁེལ་དང་དངོས་སྒྲུབ་གོ་ཆོད་ཡོང་བར་འགན་ལེན་བྱས།
རྟོག་ཞིབ་ཀྱི་རིང་དུ་རྟོག་ཞིབ་ཚོ་ཆུང་གིས་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་ཚྭ་ནགཐོན་ལས་ཀྱི་ཐོན་རྫས་གྲུབ་ཆ་བལྟོས་བཅས་ཀྱིས་སྣ་གཅིག་ཡིན་པ་དང་། ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་མཁོ་སྤྲོད་མི་འདང་བ། སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་དགོས་པ། ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་པ་མི་འདང་བ། ཚྭ་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་མི་འདང་བ་སོགས་ཀྱི་དངོས་ཡོད་གནད་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ་རྟོག་ཞིབ་དཔྱད་གཞི་ཞིབ་ཅིང་ཕྲ་བ་གྲུབ་ནས་ཆེད་དོན་གྲོས་མོལ་བྱེད་སྒོར་རྨང་གཞི་བརྟན་པོ་བཏིངས་པ་དང་། གྲོས་མོལ་དང་ཇུས་འདོན་བྱས་ནས་འཐབ་ཇུས་ཆེན་པོར་ཞབས་འདེགས་ཞུ་བར་ཁག་ཐེག་ཏན་ཏིག་བྱས།
ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས“ཚྭ་ནག་གི་ཐོན་ཁུངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་མོད། འོན་ཀྱང་ཐོན་ཁུངས་ཀྱི་ལེགས་ཆ་དེ་ད་དུང་ཐོན་ལས་ཀྱི་ལེགས་ཆ་དང་ཁྲོམ་རའི་ལེགས་ཆར་རྦད་དེ་བསྒྱུར་ཐུབ་མེད། ང་ཚོས་རྟོག་ཞིབ་བྱེད་པའི་དམིགས་ཡུལ་ནི་སྐྱོན་ཆ་གནད་ལ་འཁེལ་བ་བཙལ་ནས་གྲོས་མོལ་དང་ཐབས་འདོན་དེ་ཐོན་ལས་དང་དངོས་དོན་འབྲེལ་མཐུད་བྱེད་དགོས”པ་དང་། “ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་ཁེ་ལས་ཀྱི་བསམ་ཕྱོགས་ལ་ཉན་པ་དང་། ཐོན་ལས་ཀྱི་གནས་བབ་ལ་བལྟས་ཏེ། བསམ་འཆར་དང་གྲོས་འགོ་བཏོན་ན་ད་གཟོད་དོན་ཐོག་ཏུ་འཁྱོལ་ཐུབ་ཀྱི་ཡོད”ཅེས་བཤད།

ཆེད་དོན་གྲོས་མོལ་བྱེད་སྒོའི་ཁྲོད་ཚྭ་ལས་ཀྱི་ཆེད་མཁས་པ་དང་མཁས་དབང་། སྲིད་གྲོས་ཨུ་ཡོན་སོགས་ཀྱིས་ཚྭ་ཁའི་ཚྭ་མཚོར་ཡུལ་དངོས་སུ་རྟོག་ཞིབ་བྱས།
གར་སྟེགས་བཙུགས་ནས་ཐུན་མོང་གི་ཐབས་འདོན་ཇུས་བཟང་པོ“མཉམ་དུ་ལེན་པ”།
ད་ལོའི་ཟླ8པར་ཞིང་ཆེན་སྲིད་གྲོས་གཞུང་དོན་ཐིང་དང་ཀྲུང་གོ་ཚྭ་ལས་མཐུན་ཚོགས་གཉིས་ཀྱིས་གཙོ་གཉེར་བྱས་པ་དང་། ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཞིང་ཆེན་ཚྭ་ལས་མ་རྐང་ཚད་ཡོད་ཀུང་སི་གཉིས་ཀྱིས་གཉེར་འགན་འཁུར་བའི“ཚྭ་ནག་གི་ཐོན་ཁུངས་ནུས་ཆེའི་སྒོ་ནས་གསར་སྤེལ་བེད་སྤྱོད་བྱེད་པརར་སྐུལ་འདེད་བཏང་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པར་རོགས་རམ་བྱེད་པའི”ཆེད་དོན་གྲོས་མོལ་བྱེད་སྒོ་བདེ་བླག་ངང་སྤེལ། བྱེད་སྒོས“དྲིལ་སྒྲོག་འོས་སྤྲོད་དང་། ཆེད་མཁས་པས་ཞིབ་སྡུར། ཡུལ་དངོས་རྟོག་ཞིབ”བཅས་ཀྱི་མཉམ་འགུལ་བྱེད་སྟངས་གསར་གཏོད་བྱས་ནས་ཚྭ་ནག་ཐོན་ལས་ཀྱི་སྲིད་གཞུང་དང་ཁེ་ལས་ཀྱི་སློབ་སྦྱོང་དང་ཞིབ་འཇུག་གནད་སྨིན་སྦྲེལ་མཐུད་ཀྱི་མཉམ་ལས“གར་སྟེགས་ཆེན་པོ”བཙུགས།
ཚོགས་རའི་ནང་དུ་བསམ་བློ་ཕན་ཚུན་གདོང་གཏུག་བརྒྱབ་ཏེ། ཀུན་གྱི་བློ་གྲོས་གཅིག་ཏུ་བསྡུས ཆེད་དོན་ཆེད་མཁས་པའི་བགྲོ་གླེང་ཚོགས་འདུའི་ཐོག་ཀྲུང་གོ་ཚྭ་ལས་མཐུན་ཚོགས་དང་། ཞིང་ཆེན་ཕྱི་ནང་གི་མཐོ་སློབ་ཚན་ཞིབ་ཁང་། ལས་རིགས་ཁེ་ལས་བཅས་ཀྱི་ཆེད་མཁས་པ་དང་མཁས་དབང་མཉམ་དུ་འཛོམས་ནས་ཚྭ་མཚོའི་ཐོན་ཁུངས་སྲུང་སྐྱོང་གསར་སྤེལ་དང་། ཐོན་ལས་འབྲེལ་ཐག་སྣུར་སྲིང་། ལས་རིགས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་སྟོབས་ཆེར་གཏོང་བ། “ཚྭ་མཚོ། རིག་གནས་ཡུལ་སྐོར་ཁམསགསོ”མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་གང་བསམ་ལྷུག་པར་བརྗོད་ཅིང་། ཐོན་ལས་ཀྱི་ཞན་ཆར་ཐད་ཀར་གདོང་གཏད་དེ་དངོས་སྒྲུབ་ཐབས་ཇུས་བཏོན།
ཚོགས་རའི་ཕྱི་རོལ་དུ་ཚོགས་ཞུགས་སྲིད་གྲོས་ཨུ་ཡོན་དང་། ཆེད་མཁས་པ་དང་མཁས་དབང་། ཁེ་ལས་ཀྱི་འཐུས་མི་བཅས་ཚྭ་མཚོ་ཁུལ་དང་ཚྭ་བཟོ་ཁེ་ལས་སུ་བསྐྱོད་དེ་ཚྭ་མཚོའི་ཚྭ་སྔོག་འདོན་དང་ཚྭ་བཟོའི་བརྒྱུད་རིམ་ཧྲིལ་པོར་ཐག་ཉེ་ནས་ལྟ་ཞིབ་བྱས་ཏེ་གནས་ཚུལ་དངོས་ལ་ལྟ་ཞིབ་དང་བྱེད་ཐབས་དངོས་བཏོན། ཚང་མས་འགྲོ་ཞོར་ལྟ་ཞོར་དང་། ལྟ་ཞོར་གྲོས་སྡུར་བྱས་ཏེ་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་དོ་སྙོམས་དང་། བཟོ་རྩལ་རིམ་སྤོར་སྒྱུར་བཀོད། ཐོན་རྫས་རིམ་འཇུག་རིམ་སྤོར་སོགས་ལ་དམིགས་ནས་ཡུལ་དངོས་སུ་ལྟ་ཚུལ་བརྗེ་རེས་བྱས།
དུས་གཅིག་ཏུ་སྤེལ་བའི་ཚྭ་ནག་དྲིལ་སྒྲོག་འོས་སྦྱོར་བྱེད་སྒོ་དེ་མཚོ་སྔོན་ཚྭ་མཚོའི་ཁྱད་ཆོས་མངོན་པའི་སྐར་ཁུང་ཞིག་ཏུ་གྱུར་ཞིང་། ་ཞིང་ཆེན་ནང་ཁུལ་གྱི་ཚྭ་ལས་ཁེ་ལས་གཙོ་བོས་ཐོན་རྫས་བཀོད་སྒྲིག་དང་ཐོན་ལས་རྣམ་པ་ངོ་སྤྲོད་བྱས་ཏེ་ཕྱི་ཕྱོགས་མཉམ་ལས་ཀྱི་གོ་སྐབས་འཚོལ་བ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་རྫས་ཀྱི་ལེགས་ཆ་ལ་བརྟེན་ནས་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རར་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། ཚྭ་ནག་རྒྱལ་ཡོངས་ཀྱི་ཁྲོམ་རར་་སྐྱོད་པར་ཆ་རྐྱེན་བསྐྲུན། རང་བྱུང་བཟའ་བྱའི་མཚེའུ་ཚྭ་དང་། ནཱ་ཉུང་བདེ་ཐང་ཚྭ། ཚྭ་རྨང་ཁམས་གསོ། ཚ་བྱུག་ཐོན་རྫས། ཚྭ་མཚོའི་རིག་གནས་གསར་གཏོད་ཐོན་རྫས་བཅས་རེ་རེ་བཞིན་འགྲེམས་སྟོན་བྱས་ནས་མཚོ་སྔོན་ཚྭ་མཚོའི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཐོན་ལས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་མངོན། ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་ལྟ་སྦྱོང་གི་རིང་ལ་་ཚྭ་ནག་ཐོན་སྐྱེད་ཀྱི་ལོ་རྒྱུས་དང་། བཟོ་རྩལ་གྱི་ཁྱད་ཆོས། གསར་གཏོད་ཐོན་རྫས་བཅས་ལ་རྒྱུས་ལོན་བྱས་ནས“ཚྭ་ནག་རིག་གནས་བརྒྱུད་སྤེལ་དང་ཚྭ་ཡི་སྤུས་རྟགས་བཟོ་བའི”ཐུན་མིན་ཁྱད་ཆོས་ལ་ཀུན་གྱིས་མྱོང་ཚོར་བྱས།
ཚྭ་མཚོ་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ཞིབ་འཇུག་བྱེད་མཁན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུ་ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཏེང་ཞའོ་ཁྲོན་གྱིས་དེང་རབས་ཅན་གྱི་ཚྭ་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས། རང་ཞིང་གི་ཚྭ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཤད། ཐོན་རྫས་ཀྱི་མཐའ་མཚམས་སྔར་བས་རྒྱ་ཆེར་བཏང་ནས་ནཱ་ཉུང་ཚྭ་དེ་ཚྭ་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་བརྩིས་ནས་ཐོན་རྫས་ཀྱི་ཚད་གཞི་བཟོ་བ་དང་བེད་སྤྱོད་ཕྱོགས་སྟོན་གཏན་འབེབས་བྱས་ཏེ་བཟའ་ཚྭའི་སྤུས་ཚད་དེ“འཕྲོད་བསྟེན་ཚད་གཞི”ནས“བདེ་ཐང་འཚོ་བཅུད་ཀྱི་ཚད་གཞིའི”ཕྱོགས་སུ་ཇེ་མཐོར་གཏོང་བ་དང་། བདེ་ཐང་ཅན་དང་ནུས་པ་ཅན་ནས་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ། འབྲིང་རིམ་དང་མཐོ་རིམ་གྱི་ཚྭའི་ཐོན་རྫས་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བསྐྱེད་ཅིང་། ཁྲོམ་རའི་ཟིན་ཚད་ཇེ་མཐོར་བཏང་ནས་ཚྭ་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་ནས་རིན་ཐང་གསར་གཏོད་ཀྱི་ཕྱོགས་སུ་བསྒྱུར།

ཚྭ་ལས་ཀྱི་ཆེད་མཁས་པ་དང་མཁས་དབང་དང་དེ་བཞིན་སྲིད་གྲོས་ཨུ་ཡོན་གྱིས་ཆེད་དོན་གྲོས་མོལ་བྱེད་སྒོའི་ཁྲོད་ཚྭ་ཁའི་ཚྭ་མཚོ་རུ་བསྐྱོད་དེ་ཚྭ་ནག་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།
ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་ནས་ནས་སླར་ཡང་ལམ་བུ་གསར་པའི་མགོ་ཚུགས།
ཆེད་དོན་གྲོས་མོལ་བྱེད་སྒོའི་གོ་རིམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་གཅིག་སྡུད་ཐོག་གན་རྒྱ་བཞག་པ་དེས་ཕྱོགས་སོ་སོས་ཚྭ་ནག་ཐོན་ཁུངས་ནུས་ཆེའི་སྒོ་ནས་གསར་སྤེལ་བེད་སྤྱོད་དང་ཐོན་ལས་སྦྲེལ་ཐག་སྣུར་སྲིང་སོགས་ཁྱབ་ཁོངས་ནང་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་རབ་དང་རིམ་པ་བྱུང་བ་མཚོན་པ་དང་། དེའི་ཕྱིས་ཀྱི་གྲོས་མོལ་བྱེད་སྒོའི་ཆེད་དོན་སྙན་ཞུའི་ནང་བརྟག་དཔྱད་ཞིབ་འཇུག་དང་། རྟོག་ཞིབ། འོས་སྤྲོད། ཞིབ་སྡུར་སོགས་གོ་རིམ་གྱི་གྲུབ་འབྲས་རབ་དང་རིམ་པ་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་གནད་ལ་འཁེལ་བའི་སྒོ་ནས་ཐབས་ཇུས་ལག་བསྟར་ཐད་ལ་བློ་རིག་གི་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱསད།
ཆེད་དོན་གྲོས་མོལ་ཐེངས་ཤིག་ནི་བློ་རིག་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྡུད་ཀྱི་བསམ་བློའི་གདོང་གཏུག་ཡིན་ལ། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་སྒྲུབ་པའི་སྦྲེལ་ཐག་ཅིག་ཀྱང་རེད། གྲོས་མོལ་བྱས་ནས་གྲུབ་པའི་གྲོས་འགོར་ཕྱོགས་མང་པོ་ཚུད་ཡོད་པ་སྟེ། ཐོན་ཁུངས་གསར་སྤེལ་ཐད་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཚྭ་མཚོའི་ཐོན་ཁུངས་གོ་རིམ་ལྡན་པའི་ལེགས་བསྡུས་ཞིབ་གཉེར་ངང་གསར་སྤེལ་བྱ་རྒྱུ་དང་། ཚན་རྩལ་གསར་གཏོད་ཐད་ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྗང་མདོག་སྔོག་འདོན་དང་ནུས་པའི་རང་བཞིན་གྱི་ཚྭ་ཐོན་རྫས་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་འཕེལ་རྒྱས་ཐད་སྤྱིར་བཏང་གི་བཟའ་བྱའི་ཚྭ་དང་། ནཱ་ཉུང་ཚྭ། ཚྭ་གཞི་བདེ་ཐང་ཐོན་རྫས་བཅས་མཁོ་འདོན་ཕུན་སུམ་ཚོགས་པོར་བཏང་ནས་རིམ་པ་མང་བའི་ཐོན་རྫས་མ་ལག་འཛུགས་དགོས། སྤུས་རྟགས་འཛུགས་སྐྱོང་ཐད“ཚྭ་ནག”ཐོན་རྫས་ཀྱི་སྤུས་རྟགས་གསལ་པོ་བཟོས་ནས་ལས་རིགས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས་ཁྲོམ་ར་སྔར་ལས་རྒྱ་ཆེར་གཏོང་དགོས་པ་དང་། ལས་རིགས་རྣམ་པ་མཉམ་འདྲེས་ཐད་ཚྭ་མཚོའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས“ཚྭ་མཚོ+རིག་གནས་ཡུལ་སྐོར+ཁམས་གསོ”ཡི་ལས་རིགས་གསར་པ་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། སྲིད་ཇུས་འགན་སྲུང་ཐད་རྒྱུ་རྐྱེན་གཙོ་བོའི་རྒྱབ་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱི་རིགས་སྒྱུར་རིམ་སྤོར་ལ་རོགས་རམ་བྱེད་དགོས།
ཐུན་མོང་གི་ངོས་འཛིན་གྲུབ་ནས་འགུལ་སྐྱོད་ཀྱི་ལམ་བར་དུ་ཡོད། ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས“ཆེད་དོན་གྲོས་མོལ་ནི་རྫོགས་པའི་མཐའ་མ་མིན་པར་འགྱུར་ལྡོག་དོན་འཁྱོལ་གྱི་མགོ་རྩོམ་ས་ཡིན”ཞེས་ཆེད་དོན་གྲོས་མོལ་གྱི་གྲུབ་འབྲས་མུ་མཐུད་དུ་བརྗེ་སྒྱུར་བྱེད་ན། གྲོས་འདོན་དང་། བརྟག་དཔྱད་ཞིབ་འཇུག ལྟ་ཞིབ་སོགས་འགན་སྒྲུབ་རྣམ་པ་སྣ་ཚོགས་བརྒྱུད་དེ། ཚྭ་ནག་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་དུས་ཐོག་ཏུ་དོ་ཁུར་བྱས་ནས་གྲོས་མོལ་དང་ཐབས་འདོན་དེ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་བྱེད་ཐབས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།
ཐེངས་འདིའི“ཚྭའི”རིན་ཐང་ཇེ་མཐོར་གཏོང་བའི་སྐོར་གྱི་འགག་སྒྲོལ་དམག་འཐབ་ཁྲོད་ཞིང་ཆེན་སྲིད་གྲོས་ཀྱིས་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་བསྡུས་ནས་ཚྭ་ནག་ཐོན་ཁུངས་ནུས་ཆེའི་སྒོ་ནས་གསར་སྤེལ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། གྲོས་མོལ་གྲུབ་འབྲས་རིམ་བཞིན་དོན་ཐོག་ཏུ་འགྱུར་བ་དང་ཆབས་ཅིག་མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ལས་དེ་ལག་རྩལ་འདུས་ཚད་སྔར་ལས་མཐོ་བ་དང་། སྤུས་རྟགས་ཀྱི་ཕན་འབྲས་སྔར་ལས་ཆེ་བ། ཐོན་ལས་འབྲེལ་ཐག་སྔར་ལས་རིང་བ་བཅས་ཀྱི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་དམིགས་ཚད་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།