
ཟླ8པའི་ཚེས26ཉིན། རྫ་ཆུའི་མགོ་ཁུངས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་མཉམ་དུ་པར་བརྒྱབ་པ།
རྫ་ཆུ་མཚོ་སྔོན་ནས་འབབ་ཅིང་ཀྲུང་གོའི་མངའ་ཁོངས་ནས་བརྒྱུད་དེ་འབར་མ་དང་། ལོ་སི། ཐེ་ལན། ཁམ་ཕུ་ཁྲེ། ཝེ་ཐེ་ནམ་བཅས་རྒྱལ་ཁབ་བརྒྱུད་མཐར་ལྷོ་རྒྱ་མཚོར་འབབ་པ་ཡིན་ཞིང་། ཕྱི་རྒྱལ་ནས་དེ་ལ་མེ་ཀུང་ཆུ་བོ་ཞེས་འབོད་ཀྱི་ཡོད།
ཟླ8པའི་ཚེས28ཉིན་གྱི་དགོང་མོར། “རྫ་ཆུ་དང་མེ་ཀུང་ཆུ་བོའི་མགོ་ཁུངས་ཀྱི་མཉམ་ལས་གླེང་མོལ”ཞེས་པའི་བྱེད་སྒོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་མགོ་ཚུགས། རྒྱལ་ཁབ་དྲུག་གི་འཐུས་མི་གཙང་གསུམ་ཆུ་མགོ་རུ་འཛོམས་ནས་འབབ་རྒྱུད་ཀྱི་མཛའ་བརྩེ་མཉམ་དུ་གླེང་བ་དང་། མཉམ་ལས་ཀྱི་ལེ་ཚན་གསར་པ་མཉམ་དུ་གྲོས་མོལ་བྱས་པ་རེད། མགོ་ཚུགས་མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ཕྱི་ཕྱོགས་ཀྱི་འཐུས་མི་དང་གྲོགས་གྲོང་ཐུན་མོང་འཛུགས་སྐྲུན་དང་། སྨྱན་སྦྱོར་བརྒྱུད་སྤེལ། ལུས་རྩལ་སྦྱོང་བརྡར་སོགས་ཁྱབ་ཁོངས་ཐད་གཅིག་སྡུད་ཐོག་གན་རྒྱ་བཞག་ནས། ས་གནས་མཉམ་ལས་ཀྱི་གྲུབ་འབྲས་མང་པོ་དོན་ཐོག་ཏུ་འཁྱོལ་བ་རེད།
2026ལོ་ནི་རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ལོ་བཅུ་བ་ཡིན། ལོ10ཡི་སྔོན་ལ། རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་ཁབ་དྲུག་པོས“ཆུ་བོ་གཅིག་མཉམ་འཐུང་བྱས་ནས་ལས་དབང་དམ་པོར་འབྲེལ་བའི”ཐོག་མའི་བསམ་འདུན་བཅངས་ནས། ས་ཁུལ་དང་རྒྱལ་ཁབ་མཐུན་སྒྲིལ་རང་སྟོབས་དང་གཉིས་ཕན་མཉམ་ལས་ཀྱི་ས་བོན་བཏབས་ཡོད། ལོ10ཡི་རིང་། ཀྲུང་གོ་དང་མེ་ཀུང་ཆུ་བོའི་རྒྱལ་ཁབ་དབར་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་དུ་ཕྱིན་ནས། ཕྱོགས་གཉིས་དང་ཕྱོགས་མང་གི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་ཡོངས་སུ་ཁྱབ་ཡོད།
རྫ་ཆུའི་མགོ་ཁུངས་ཀྱི་ཞིང་ཆེན་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་ཉེ་བའི་ལོ་ཤས་རིང་མེ་ཀུང་ཆུ་བོའི་རྒྱལ་ཁབ་ལྔའི་ས་གནས་དབར་གྱི་འབྲེལ་འདྲིས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ “རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་སྤྱིའི་གཟུགས་བརྙན་གཟའ་འཁོར”བསྟུད་མར་གཉེར། ད་ཐེངས“རྫ་ཆུ་དང་མེ་ཀུང་ཆུ་བོའི་མགོ་ཁུངས་ཀྱི་མཉམ་ལས་གླེང་མོལ”ལ་རིམ་སྤོར་བྱས་པ་ལས་མཚོ་སྔོན་གྱིས་ས་གནས་ཀྱི་མཉམ་ལས་སྔར་བས་གཏིང་ཇེ་ཟབ་དུ་གཏོང་བ་མཚོན།
ལོ10ཡི་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་ཚུགས་མཛད་སྒོའི་སྟེང“ལོ་བཅུའི་རིང་། རྫ་ཆུ་དང་མེ་ཀུང་ཆུ་བོའི་མགོ་ཁུངས་ཀྱི་མཉམ་ལས་ལམ་སྲོལ་མེད་པ་ནས་ཡོད་པའི་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་ཕྱིན་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད”ཅེས་བཤད་པ་དང་། “གསེར་མདོག་གི་ལོ་བཅུ”ལ་ཕྱོགས་ནས། རྒྱལ་ཁབ་དྲུག་པོས་སྔར་བས་ཐུན་མོང་ཐོག་ཆུ་བོ་གཅིག་གི་ཆུ་དྭངས་མ་སྲུང་སྐྱོང་དང་། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་འཆར་གཞི་བཟོ་བ། དམངས་སེམས་ཀྱི་ཟམ་པ་མཉམ་དུ་འཛུགས་པ་དང་དམངས་འཚོའི་བདེ་སྐྱིད་མཉམ་སྤྱོད་བྱེད་དགོས་ཟེར།
རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས(བསྡུས་མིང་ལ“རྫ་མེ་མཉམ་ལས”ཞེས་བརྗོད་རྒྱུ)ནི་ཀྲུང་གོ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ལྔ་ཡིས་ཐུན་མོང་ཐོག་གྲོས་འགོ་བཏོན་པ་དང་འཛུགས་སྐྲུན་བྱས་པའི་ས་ཁོངས་ཕལ་པའི་མཉམ་ལས་ལམ་སྲོལ་གསར་པ་ཞིག་རེད། ལོ10ཡི་རིང་། རྒྱལ་ཁབ་དྲུག་པོས“འཕེལ་རྒྱས་སྔོན་ལ་འཇོག་པ་དང་། འདྲ་མཉམ་གྲོས་མོལ། དངོས་སྒྲུབ་ནུས་ཆེ། སྒོ་དབྱེ་ཁོང་ཡངས”བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་རེད།
གཞི་གྲངས་མཉམ་ལས་ཀྱི་ཕན་འབྲས་མངོན་ཐུབ།
ལོ10ཡི་རིང་། ཀྲུང་གོ་དང་མེ་ཀུང་གཙང་བོའི་རྒྱལ་ཁབ་ལྔའི་དབར་གྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར5000ལས་བརྒལ་ཡོད་ལ། དེ་ལོ10ཡི་སྔོན་ལས150%འཕར་བ་རེད། ཀྲུང་གོ་དང་མེ་ཀུང་གཙང་བོའི་རྒྱལ་ཁབ་དབར་ཕྱོགས་གཉིས་ཀྱི་ལས་དབང་ཐུན་མོང་འདུས་གྲུབ་འཛུགས་སྐྲུན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཡོད། “རྫ་མེ་ལོ་ལེགས”སོགས“ཆུང་ལ་མཛེས་པའི”དམངས་ཚིས་རྣམ་གྲངས་སྟོང་ཕྲག་ལྷག་དོན་འཁྱོལ་བྱས། “དུས་བདེའི་རྫ་མེ་ལས་འགུལ”ལ་སྐུལ་འདེད་གཏིང་ཟབ་བཏང་ནས། རྒྱལ་མཚམས་ལས་བརྒལ་བའི་དྲ་ཐོག་རྒྱན་སྐུག་གློག་འཕྲིན་གཡོ་འཕྲུལ་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།
ལམ་ཤར་གཏོང་ཐུབ་པས་ལས་རིགས་དར། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་སྟེ“གསེར་གྱི་ལམ་ཆེན”འདིར་སྐྱེལ་འདྲེན་བྱེད་པའི་དངོས་ཟོག་གི་རིགས་དེ་ཤར་གཏོང་ཐུབ་མ་ཐག་པའི་དུས་ཀྱི་རིགས10ལྷག་ནས་རིགས3900ལྷག་བར་རྒྱ་ཆེར་ཕྱིན་ནས། རྒྱལ་ཁབ་དང་ས་ཁུལ19ལ་ཁྱབ་སྟེ། རྒྱལ་ནང་གི་ཕྱི་ཕྱོགས་ཚོང་དོན་གཉེར་སྐྱོང་གཙོ་བོ7000ལྷག་ལ་ཞབས་འདེགས་ཞུས་པ་རེད། 2026ལོའི་ལོ་སྟོད་དུ། ཀྲུང་ལའོ་ལྕགས་ལམ་བརྒྱུད་དེ་ཕྱིར་གཏོང་ནང་འདྲེན་བྱས་པའི་ཚོང་ཟོག་རིན་ཐང་སྒོར་དུང་ཕྱུར171.7ཟིན་པ་དང་། དུས་མཚུངས་ལས33.8%འཕར་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་སྨན། འོད་ཤུགས་ཐོན་རྫས“གསར་པ་གསུམ”གྱི་ཕྱིར་གཏོང་ཚོང་ཟོག་རིན་ཐང་སྒོར་དུང་ཕྱུར21ཟིན་པ་དང་། དུས་མཚུངས་ལས348.5%འཕར་བ་རེད།
དེ་དང་ཆབས་ཅིག རྫ་མེ་མཉམ་ལས་ཆེད་དོན་ཐེབས་རྩས་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་སྟོང་ཙམ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད། “རྫ་མེ་འཐུས་མཆན་བཀོད་པའི་ལག་རྟགས”དོན་འཁྱོལ་བྱས་པ་རེད། ཉོ་ཚོང་ཤར་གཏོང་བྱས་པ་ནས་སྒྲིག་བཀོད་སྦྲེལ་མཐུད་བྱེད་པ་དང་། མ་དངུལ་ཤར་གཏོང་བྱས་པ་ནས་དམངས་སེམས་སྦྲེལ་མཐུད་བྱེད་པའི་བར་རྫ་མེ་ཆུ་བོའི་མཉམ་ལས་དེ“སྐྱེད་སྲིང་རྒྱ་སྐྱེད”ནས“ཞིབ་འདེབས་གཏིང་ཟབ་གཏོང་བའི”བར་བརྒྱུད་རིམ་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད།
ཐོན་ལས་སྐོར་གྱི་གླེང་མོལ་སྟེ“མ་བཅོས་རྒྱུ་ཆ་འཚོང་བ”ནས“སྦྲེལ་མཐུད”འབྱུང་འགྱུར་ཕྱོགས་སུ་བསྐྱོད་པའི་བར།
ཟླ8པའི་ཚེས29ཉིན་འཚོག་པའི“ཐོན་ལས་མཉམ་ལས་འཕེལ་རྒྱས་ཀྱི་གླེང་མོལ”ཐོག་རྫ་མེ་འབབ་རྒྱུད་ཀྱི་རྒྱལ་ཁབ་ཀྱི་འཐུས་མིས་ཕན་ཚུན་འབྲེལ་མཐུད་དང་། ས་མཚམས་སྒྲོལ་བའི་གླིང་ཁུལ། ཚད་གཞི་ཕན་ཚུན་ཁས་ལེན། གྲང་སྦྲེལ་ཟོག་འགྲེམས་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས་པ་རེད།
ལང་ཁའེ་དང་ལོ་སིའི་ཝན་ཞང་གཉིས་མེ་ཀུང་ཆུ་བོའི་ངོགས་གཉིས་ན་ཁ་གཏད་དུ་ཆགས་ཡོད་ཅིང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཕན་ཚུན་སྦྲེལ་པས“ལང་ཁའེ་སྲིད་གཞུང་ལ་རྒྱ་ཆེ་བའི་འགྲིམ་འགྲུལ་དང་དཔལ་འབྱོར་དྲ་རྒྱ་དར་བར་རྩ་ཆེའི་གོ་སྐབས་སྤྲད། ལོ་སི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀན་མོང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཕ་ཉི་ཀྲན·སུང་ཁྲའེ་ཡིས་ཀྲུང་གོ་དང་ལོ་སི་བར་གྱི་ལྕགས་ལམ་རྒྱུད་ཀྱི་ཝན་ཞང་སའེ་སེ་ཐ་ཕྱོགས་བསྡུས་གསར་སྤེལ་ཁུལ་དུ་ཁེ་ལས་བརྒྱ་ལྷག་ཚུར་བཀུགས་ནས་བཅའ་སྡོད་བྱས།
“མ་བཅོས་རྒྱུ་ཆ་འཚོང་བ”ནས“ཐོན་རྫས་འཚོང་བའི”བར། “ཁེར་ཐུག་ཁེར་འཐབ”ནས་ས་ཁོངས“སྦྲེལ་མཐུད”བར། ཉོ་ཚོང་གྲུབ་ཚུལ་ལ་འགྱུར་ལྡོག་འབྱུང་བཞིན་ཡོད། ཁམ་ཕུ་ཁྲེས་ཀྲུང་གོའི་སོས་ཉར་ལས་སྣོན་ལག་རྩལ་ནང་འདྲེན་བྱས་ནས་ཚ་ཁུལ་གྱི་་སིལ་ཏོག་འཁྱགས་སྐམ་སིལ་ཏོག་དང་སིལ་ཏོག་གི་བཟོས་པའི་ཨ་རག་སོགས་ཀྱི་ཐོན་རྫས་སུ་ལས་སྣོན་བྱས་པ་དང་། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁེ་ལས་ཀྱིས་ཐེ་ལན་དང་ཝེ་ཐེ་ནམ་སོགས་རྒྱལ་ཁབ་ཏུ་ཐོན་སྐྱེད་དང་ཐོན་ལས་འབྲེལ་ཐག་བཀོད་སྒྲིག་བྱས་ཡོད།
ཀྲུང་གོའི(ཁུན་མིང)ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོའི་ཞིབ་འཇུག་ཁང་གི་ཨེ་ཤ་ཡ་ཤར་ལྷོའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཞིབ་འཇུག་པ་ཀྲའོ་ཧྲུའུ་ལན་གྱིས་བཤད་རྒྱུར། འདི་ནི་ཐོན་རྫས་ཕྱིར་གཏོང་བྱས་པ་ཞིག་ཡིན་པ་མ་ཟད། ཐོན་ལས་སྦྲེལ་ཐག་ཁྱོན་ཡོངས་ནས་སྤོ་སྒྱུར་བྱས་པ་ཞིག་ཀྱང་རེད།
ཚོགས་ཞུགས་མི་སྣས་བལྟས་ན། སླད་ཕྱིན་རྫ་མེ་འབབ་རྒྱུད་ཀྱི་རྒྱལ་ཁབ་ཀྱིས་ཞིང་ལས་དང་། ཡུལ་སྐོར། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས་ཚད་གཞི་ཕན་ཚུན་ཁས་ལེན་དང་། ཟོག་འགྲེམས་མ་ལག་འཛུགས་སྐྲུན། ཐོན་ལས་སྦྲེལ་ཐག་མཉམ་ལས་བཅས་ལ་སྐུལ་འདེད་གཏང་ཐུབ་ཟེར།
སྐྱེ་ཁམས་མཉམ་བཅོས་ཏེ། “མཉམ་འཐུང”ནས“མཉམ་སྲུང”ཕྱོགས་སུ་བསྐྱོད་པ།
རྫ་མེ་འབབ་རྒྱུད་ཀྱི་རྒྱལ་ཁབ་དྲུག་གི་ངོས་ནས་བརྗོད་ན། སྐྱེ་ཁམས་སྲུང་སྐྱོང་ནི་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པའི་ཡུན་རིང་གི་ཞིབ་འཇུག་བྱ་གཞི་ཞིག་ཡིན།
ཚེས29ཉིན་གཉེར་བའི“རྫ་མེ་འབབ་རྒྱུད་ཀྱི་སྐྱེ་ཁམས་གླེང་མོལ”གྱི་བྱེད་སྒོའི་ཁྲོད་རྫ་མེ་འབབ་རྒྱུད་ཀྱི་རྒྱལ་ཁབ་དྲུག་གི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཆེད་མཁས་པས་ས་མཚམས་སྒྲོལ་བའི་འབབ་རྒྱུད་ཀྱི་སྐྱེ་ཁམས་མཐུན་སྦྱོར་བཅོས་སྐྱོང་ཐད་ནས་གླེང་མོལ་བྱས།
ཁམ་ཕུ་ཁྲེའི་ཁོར་ཡུག་པུའི་རྒྱལ་ཁབ་སྲུང་སྐྱོང་ཁུལ་སྤྱི་ཁྱབ་སིའི་སྤྱི་ཁྱབ་སི་ཀྲང་གཞོན་པ་ཏི་ཧྥུའུ·སུའོ་ཕི་ཨ་སིས་བསྟན་དོན། མེ་ཀུང་ཆུ་བོའི་ཆུ་གཞུང་དང་། ཆུ་ལག ཏུང་ལི་ས་མཚེའུ་ཡི་ཆུ་རྒྱུད། འདམ་ར། ཆུ་ལོག་ནགས་ཚལ། དེ་བཞིན་མཐའ་འཁོར་གྱི་མཛེས་ལྗོངས་བཅས་ཀྱིས་ཐུན་མོང་ཐོག་ཕན་ཚུན་ལ་འབྲེལ་བའི་སྐྱེ་ཁམས་མ་ལག་གྲུབ་ཡོད་པས། ཆ་ཤས་གང་ཞིག་ལ་གནས་ཚུལ་བྱུང་ན་ཆ་ཤས་གཞན་དག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ལོ་སིའི་འཐུས་མིས་ཆུ་གློག་ནུས་རྒྱུ་དང་། གནམ་གཤིས་མཛའ་མཐུན་ཞིང་ལས། གཏེར་རིའི་ཁོར་ཡུག་དོ་དམ་ཚོད་འཛིན། ཤུལ་བཞག་བྱ་ཡུལ་གྱི་སྐྱེ་ཁམས་ཡུལ་སྐོར། ས་མཚམས་སྒྲོལ་བའི་མཉམ་འབྲེལ་ལྟ་ཞིབ་ཚད་ལེན་སོགས་ཁྱབ་ཁོངས་ཆེན་པོ་ལྔའི་ཐད་ཀྱི་ལག་ལེན་འབྲས་བུ་མཉམ་སྤྱོད་བྱས།
དགའ་འོས་པ་ཞིག་ལ། མཉམ་ལས་དེ“རང་གཅིག་པུས་འཐབ་པ”ནས“མཐུན་སྦྱོར་སྲུང་སྐྱོབ”ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད། རྫ་ཆུ་འབབ་རྒྱུད་ཀྱི་རྫོང་དང་པོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གིས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་དང་ཡུན་ནན་གྱི་འབབ་རྒྱུད་ས་ཁུལ་དང་རྫོང་གི་འཐུས་མིས《རྫ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་མཉམ་ལས་གྲོས་མཐུན》བཞག་ནས། ཡིག་ཐོག་ནས་ཕྱོགས་གསུམ་མཉམ་ལས་ལམ་སྲོལ་སྲ་བརྟན་དུ་བཏང་བ་དང་། ཆུ་སྲུང་དང་བླངས་ཞབས་ཞུ་དང་། སྣོད་བཅུད་ལྟ་ཞིབ་ཚད་ལེན། ཐོན་ཁུངས་མཉམ་སྤྱོད་སོགས་ཐད་ཀྱི་མཉམ་ལས་ནང་དོན་ཁ་གསལ་བཟོས་པ་རེད།
ཐེངས་འདིའི་མགོ་ཁུངས་གླེང་མོལ་གྱིས་རྒྱལ་མཚམས་སྒྲོལ་བའི་འབབ་རྒྱུད་ཀྱི་སྐྱེ་ཁམས་མཐུན་སྦྱོར་བཅོས་སྐྱོང་ལ་དམིགས་ནས་ཉམས་མྱོང་རྗེས་རེས་བྱས་ཏེ། འབྱུང་ཁུངས་སྲུང་སྐྱོང་དང་འབབ་རྒྱུད་ཡོངས་བཅོས་སྐྱོང་གི་གྲོས་བསྡུར་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་བ་རེད།
རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ་སྟེ། “རང་ས་རང་ཡུལ་མཛེས་པ”ནས“ཐུན་མོང་མཉམ་མཛེས་”ཀྱི་ཕྱོགས་སུ་བསྐྱོད་པ།
ཆུ་བོ་གཅིག་རྒྱལ་ཁབ་དྲུག་ཏུ་བརྒྱུད་ཡོད་པ་ལས་ཤེས་རིག་ཀྱང་མི་འདྲ་བ་མང་པོ་བརྒྱུད་ཡོད།
ཚེས29ཉིན་འཚོགས་པའི“རྫ་མེའི་རིག་གནས་ཤུལ་བཞག་སྲུང་སྐྱོང་སྐོར་གྱི་གླེང་མོལ”བྱེད་སྒོའི་ཁྲོད། རྒྱལ་ཁབ་དྲུག་གི་འཐུས་མིས་རྫ་མེ་འབབ་རྒྱུད་ཀྱི་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། རིག་དངོས་ཉམས་གསོ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་མཐུད། ལོ་རྒྱུས་རིག་གནས་སྲུང་སྐྱོང་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས། ཕུའུ་ཀན་མཆོད་རྟེན་རྒྱལ་ཁོངས་ལས་བརྒལ་ནས་ཉམས་གསོ་བྱེད་པ་ནས་རིག་གནས་ཤུལ་བཞག་གཞི་གྲངས་ཅན་དུ་འགྱུར་བའི་སྲུང་སྐྱོང་བར། སྨྱན་སྦྱོར་གསར་པས་འབབ་རྒྱུད་ཀྱི་དཔལ་ཡོན་ཁྱབ་སྤེལ་གཏོང་བ་ནས་སྣ་མང་དམངས་སྲོལ་མཉམ་འདྲེས་མཉམ་གནས་བྱེད་པའི་བར། ཚང་མས་ལག་ལེན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་མཉམ་དུ་རྗེས་རེས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད།
བྱེད་སྒོ་སྤེལ་བའི་རིང་དུ། རྫ་མེ་འབབ་རྒྱུད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དང་ཞིམ་ཟས་ཁྲོམ་ར། ཕུལ་བྱུང་པར་ལེན་བརྩམས་ཆོས་འགྲེམས་སྟོན། རྫ་མེ་འབབ་རྒྱུད་ཀྱི་གཞོན་ནུའི་གླེང་མོལ། རྫ་མེ་འབབ་རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཕུལ་བྱུང་བརྙན་འཕྲིན་ལེ་ཚན་འགྲེམས་སྟོན་བྱེད་སྒོ་སོགས་དུས་མཉམ་དུ་སྤེལ་བ་རེད།
ལོ10འཁོར་བའི་མཚམས་ཚིགས་སུ་ལངས་ནས་རྫ་མེ་འབབ་རྒྱུད་ཀྱི་མཉམ་ལས་འཕེལ་རྒྱས་ཀྱིས་དུས་མཚམས་གསར་པ་ཞིག་བསུ་བཞིན་ཡོད།
ལམ་སྲོལ་འཛུགས་པ་དང་རྣམ་གྲངས་དོན་འཁྱོལ་ནས་ཐོན་ལས་མཐུན་སྦྱོར་དང་། སྐྱེ་ཁམས་མཉམ་ལས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་རྗེས་རེས་བཅས་ཀྱི་བར་གྱིལོ་ངོ་བཅུའི་རིང་ལ། རྫ་མེ་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་། མཚོ་སྔོན་གྱི་ངོས་ནས་བརྗོད་ན། རྫ་ཆུའི་མགོ་ཁུངས་ནས་མགོ་བཙུགས་ཏེ། མེ་ཀུང་ཆུ་བོ་འབབ་རྒྱུད་ཀྱི་རྒྱལ་ཁབ་ལྔ་རང་འགུལ་ངང་སྦྲེལ་མཐུད་བྱས་པ་དེས། སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་ས་གནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ལག་ལེན་གྱི་མ་དཔེ་གསར་པ་མཁོ་འདོན་བྱས་ཡོད།
2025ལོའི་ཟླ8པར་འཚོགས་པའི་རྫ་ཆུ་དང་མེ་ཀུང་ཆུ་བོའི་བར་གྱི་མཉམ་ལས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་བཅུ་པའི་སྟེང་བསྟན་དོན། མཐུན་སྒྲིལ་མཉམ་ལས་དང་། སྒོ་དབྱེ་མཉམ་རྒྱལ། ལྗང་མདོག་གསར་གཏོད། ཞི་བདེ་ལྷིང་འཇགས་བཅས་ཀྱི“རྫ་མེ་འབབ་རྒྱུད་ཀྱི་མཉམ་ལས་་པར་གཞི2.0”ཐུན་མོང་ཐོག་གཏོད་དགོས་ཟེར། 2026ལོའི་ཟླ3པར་རྫ་མེ་འབབ་རྒྱུད་ཀྱི་མཉམ་ལས་མའགོ་ཁྲིད་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ ལོ་བཅུ་འཁོར་བའི་སྐབས་འདིར། ་ཀྲུང་གོ་ཕྱོགས་ཀྱིས་མེ་ཀུང་ཆུ་བོ་འབབ་རྒྱུད་ཀྱི་རྒྱལ་ཁབ་ལྔ་དང་མཉམ་དུ་རྫ་མེ་མཉམ་ལས་ལ་ཡང་བསྐྱར“གསེར་མདོག་གི་ལོ་བཅུ”་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
ལོ་གསར་པ་བཅུ་ལ་ཇི་ལྟར་སྔར་ལས་གཏིང་ཟབ་ཅིང་དོན་དངོས་ཐོག་སྐྱོད་དགོས་ཞེ་ན། ཀྲུང་གོ་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཞིབ་འཇུག་པ་ལིའུ་ཆིང་གིས་འདི་སྐད། “གསེར་མདོག་གི་ལོ་བཅུ”ལཁ་ཕྱོགས་ཏེ་ད་ཡོད་ཀྱི་གྲུབ་འབྲས་སྔར་བས་ཡུན་རིང་གི་ལམ་སྲོལ་དུ་ཇི་ལྟར་འགྱུར་བ་དང་། འབྱུང་རྩའི་སྐྱེ་ཁམས་ལེགས་ཆ་དེ་འབབ་རྒྱུད་ཡོངས་ཀྱི་མཉམ་ལས་སྒུལ་ཤུགས་སུ་འགྱུར་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་རྗེས་རེས་དེ་དངོས་སྒྲུབ་མཉམ་ལས་སྔར་ལས་མང་པོ་ཞིག་ཏུ་འགྱུར་བ་བཅས་བྱ་རྒྱུ་དེ་འཚོལ་ཞིབ་ཀྱི་ཁ་ཕྱོགས་གསར་པ་ཞིག་རེད་ཟེར།
ཆུ་བོ་ལྷོ་ཕྱོགས་སུ་འབབ་པ་དང་། མཉམ་ལས་ཇེ་ཟབ་ཏུ་འགྲོ་ངེས། ལོ10ཡི་གཡུར་ཟའི་གྲུབ་འབྲས་ཁྲོད་ནས་ཡང་བསྐྱར་འགོ་བརྩམས་ཏེ“གསེར་མདོག་གི་ལོ་བཅུ”ལ་རེ་སྒུག་བྱེད་རིན་ཡོད།