ཟླ9པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་དངུལ་རྩའི་འགན་བཅོལ་ལས་ཁུངས་ཀྱི་བཟོ་ཚོགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་བའི་གྲལ་རིམ་དང་བཟོ་ཚོགས་ལས་དོན། དངུལ་རྩའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་སྤྱི་ཡོངས་བཀོད་སྒྲིག་གི་བླང་བྱ་ལྟར། ཞིང་ཆེན་རིམ་པའི་དངུལ་རྩའི་ཐོན་ལས་ཀྱི་བཟོ་ཚོགས་རྩ་འཛུགས་ཀྱི་སྒྲོམ་གཞི་སྙོམ་སྒྲིག་དང་། ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་བྱས།
ཚོགས་འདུ་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དངུལ་རྩའི་འགན་བཅོལ་ལས་ཁུངས་བཟོ་ཚོགས་ཀྱིས་དུས་ཡུན་རིང་བོར་དངུལ་རྩ་བཅོས་སྒྱུར་འཕེལ་རྒྱས་དང་གཏན་འཇགས་སུ་གཏོང་བའི་ཁྱོན་ཆེན་པོར་དམིགས་པ་དང་། ཁེ་དབང་སྲུང་སྐྱོང་ཞབས་ཞུའི་གཞི་རྩའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། བསམ་བློའི་ཁྲིད་སྟོན་དང། དམངས་གཙོ་དོ་དམ། ཁེ་དབང་སྲུང་སྐྱོང་ཞབས་ཞུ། ངལ་རྩོལ་འགྲན་སྡུར། ལས་ཡུལ་འཛུགས་སྐྲུན་སོགས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ལངས་གནས་མཐོར་འདེགས་དང་བསམ་བློ་གཅིག་གྱུར་བྱས་ཏེ། དངུལ་རྩའི་བཟོ་ཚོགས་བཅོས་སྒྱུར་གྱི་དོན་སྙིང་གལ་ཆེན་ངོན་འཛིན་ཟབ་མོ་བྱེད་དགོས། དངུལ་རྩའི་ལས་བཟོ་བའི་བསམ་བློ་ཆབ་སྲིད་ཐད་ཀྱི་ཁྲིད་སྟོན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། སྔོན་ཐོན་དཔེ་མཚོན་སྔོག་འདོན་དང་གསོ་སྐྱོང་བྱེད་པ། དྲ་ལམ་དང་ཡུལ་དངོས་ཀྱི་ལས་བཟོ་བའི་དཔེ་ཁང་འཛུགས་སྐྲུན་དང་བེད་སྤྱོད་ལེགས་པོ་བཏང་ནས། བཟོ་བའི་ལས་འགུལ་གྱི་ལོ་བརྒྱའི་དངུལ་རྩའི་ལས་བཟོ་བ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་དུ་ཡག་པོར་བགྲོད་པའི་བྱེད་སྒོ་མུ་མཐུད་དུ་སྤེལ་དགོས། དངུལ་རྩའི་ལས་དོན་ཆེན་པོ་ལྔ་དམིགས་སུ་བཟུང་སྟེ། དངུལ་རྩའི་ལས་བཟོ་བའི་གསར་གཏོད་གསར་སྐྲུན་ལ་སྐུལ་སློང་སྣེ་ཁྲིད་དང་། སྤུས་རྟགས་འཛུགས་སྐྲུན་མུ་མཐུད་དུ་ཤུགས་དྲག་ཏུ་གཏོང་དགོས། དངུལ་རྩའི་ལས་བཟོ་བའི་ཁེ་དབང་སྲུང་སྐྱོང་ཞབས་ཞུ་སེམས་ཤུགས་གཉིས་བཀོལ་གྱིས་སྒྲུབ་སྟེ། ལས་བཟོ་བའི་ཁྱིམ་ཞེས་པའི་Appདང་མཚོ་སྔོན་གྱི་ལས་བཟོ་བའི་ཁྱིམ་ཞེས་པའིAppལ་གཞི་བཅོལ་ནས། ཀུན་ཕན་གནད་འཁེལ་དང་སྟབས་བདེ་ཆོད་ཆེའི་གྲངས་རིག་ཅན་གྱི་ཞབས་ཞུའི་སྟེགས་བུ་བསྐྲུན་དགོས། རང་ངོས་ཀྱི་འཛུགས་སྐྲུན་དམ་འཛིན་གང་ལེགས་བྱས་ཏེ། དོ་དམ་ཚད་ལྡན་དང་སྤུས་འབྲས་མཐོར་འདེགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྡེ་ཁག་གི་བཟོ་ཚོགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་དགོས།
ཚོགས་ཐོག་ཏུ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་བཟོ་ཚོགས་དང་། ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་བཟོ་ཚོགས། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་བཟོ་ཚོགས་བཅས་ལས་ཁུངས་དྲུག་གིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།