ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་གྲོས་གཞི་སྒྲུབ་རྒྱུར་ལྟ་སྐུལ་ཚན་ཆུང་གིས《མཚོ་ཤར་གྲོང་ཁྱེར་གྱིས་མི་རིགས་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་འབད་པས་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་གཞི》སྒྲུབ་གཉེར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས28ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་གྲོས་གཞི་སྒྲུབ་རྒྱུར་ལྟ་སྐུལ་ཚན་ཆུང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་ཤར་འཐུས་ཚབ་ཚོགས་པས་བཏོན་པའི《མཚོ་ཤར་གྲོང་ཁྱེར་གྱིས་མི་རིགས་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་གཞི》ལ་གཙོ་གནད་སྒྲུབ་རྒྱུར་ལྟ་སྐུལ་བྱས།

སྒྲུབ་རྒྱུར་ལྟ་སྐུལ་ཚན་ཆུང་འཁོར་དང་བཅས་པས་ལའོ་ཏུའུ་ཆུས་གྲོ་ཚང་རྡོ་རྗེ་འཆང་དགོན་པའི་ལྡེབས་རིས་སྒྱུ་རྩལ་གྱི་གྲངས་འཛིན་ཅན་ལས་གཞི་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་ནས། རིག་དངོས་གྲངས་འཛིན་ཅན་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་ལས་གཞན། བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་འཐུས་མིའི་གྲོས་གཞི་སྒྲུབ་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། འབྲེལ་ཡོད་འཐུས་མི་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་ཏེ། བསམ་འཆར་དང་རེ་འདུན་ལ་ཉན།

སྒྲུབ་རྒྱུར་ལྟ་སྐུལ་ཚན་ཆུང་གིས་ནན་གྱིས་བསྟན་དོན། འཐུས་མིའི་གྲོས་འགོ་སྒྲུབ་རྒྱུ་ནི་སྲིད་གཞུང་སྡེ་ཁག་གི་ཁྲིམས་བཀོད་འགན་འཁྲི་ཡིན་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ཏུ་བསྟར་བའི་མཚོན་སྟངས་གལ་ཆེན་ཞིག་ཀྱང་ཡིན། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། འཐུས་མི་དང་བརྒྱུད་རིམ་ཧྲིལ་པོའི་འབྲེལ་གཏུག་ལ་ཤུགས་བསྣན་ཏེ། འཐུས་མིའི་བློ་ཡིད་ཚིམ་ཚད་དེ་ལས་ཀའི་ཕན་འབྲས་ལ་ཞིབ་བསྡུར་བྱེད་པའི“གསེར་གྱི་ཚད་གཞི”རུ་བརྩིས་ནས། “སྤུས་ཚད་མཐོན་པོ་འདོན་པ་དང་སྤུས་ཚད་མཐོན་པོའི་སྒྲུབ་གཉེར”རྣལ་མ་བྱེད་དགོས། རིག་གནས་ཀྱི་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་ཁུངས་ཀྱི་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་པ། དུས་རབས་ཀྱི་རིན་ཐང་སྔོག་འདོན་ཟབ་སྤེལ་བྱེད་པ། ལོ་རྒྱུས་རིག་གནས་ཀྱི་གཏམ་རྒྱུད་ཡག་པོར་འཆད་པ། རྨ་ཙོང་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་རེ་ཞུ་དང་གསར་འཛུགས་ལ་སྐུལ་འདེད་གང་ལེགས་གཏོང་དགོས།  “ལོ་རྒྱུས་རིག་གནས་སྐྱེ་ཁམས”ཀྱི་རང་མདངས་ཇེ་གསལ་དུ་བཏང་ནས། “རྨ་ཀླུང་སྔོན་མོའི”སྐྱེ་ཁམས་ཡུལ་སྐོར་རྒྱུད་སོགས་ལ་བརྟེན་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་རྟེན་གཞི་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས།  “ཚོན་རྫའི་ཕ་ཡུལ”དང“འཐེན་ཐུག་གི་ཕ་ས “ མཚོ་སྔོན་གཙགས་དྲུབ་ཀྱི་འབྱུང་ཁུངས”སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱིIPཞིབ་ཚགས་བསྐྲུན་ནས། “རྩེ་གྲ་བཞིའི”སྤུས་རྟགས་རྒྱུན་མཐུད་ངང་སྟོབས་ལྡན་དུ་གཏོང་བ་དང་ཞབས་ཞུའི་ཞན་ཆ་ཁ་གསབ་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་དགོས།  ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ཕན་འབྲས་ལ་རྗེས་འདེད་འདྲི་རྩད་བྱས་ནས། འཐུས་མིའི་གྲོས་གཞི་སྒྲུབ་པའི“ཐབས་མཆོག”དེ་མཚོ་ཤར་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི“གསེར་གྱི་ལྡེ་མིག”ཏུ་འགྱུར་བར་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།