ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས31ཉིན། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལ་སློབ་སྦྱོང་དང་ལག་ལེན་བྱེད་དང་། ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་ཆེད་དོན་ཞིབ་འཇུག་འཛིན་གྲ་ཟི་ལིང་དུ་བསྡུས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཐེངས་འདིའི་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭ་ནི་གྲོང་ཁྱེར་དང་ཁུལ་གྱི་སྐབས་བརྗེ་ཡི་རྗེས་སུ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་གྲངས་ཉུང་ལ་གནད་དུ་ཁེལ་བའི་ཆབ་སྲིད་སྐོར་སྦྱོང་ཞིག་ཡིན། ད་ལྟ་མཚོ་སྔོན་སྲིད་ཁྲིམས་བྱ་བ་དེ་མ་ལག་རང་བཞིན་གྱིས་གསར་བསྐྲུན་དང་ཁྱོན་ཡོངས་རང་བཞིན་གྱིས་མཐོར་འདེགས་གཏོང་བའི་གནད་འགག་གི་དུས་འཚམས་ཤིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་སྲིད་ཁྲིམས་བྱ་བའི་འགོ་ཁྲིད་གཙང་བཙན་ལ་ཤུགས་སྣོན་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་དྲག་ཆས་ཀྱིས་བསམ་བློ་གཅིག་གྱུར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་ལ་ཤུགས་སྣོན་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལ་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། ཏན་ཏིག་གིས་བྱ་བའི་ཁྲོད་སྲིད་འབྲས་ལྟ་བ་ཡང་དག་བཙུགས་ནས་ལག་ལེན་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱས་ཏེ། སྲིད་ཁྲིམས་བྱ་བའི་ཁྲོད་ཀྱི་འགན་འཁྲི་དང་འོས་འགན་ལེགས་པོར་སྒྲུབ་དགོས། རྒྱུན་མཐུད་ངང་རྨང་གཞི་གསུམ་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཧུར་ཐག་གིས་མཚོ་སྔོན་གྱི་སྲིད་ཁྲིམས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་བའི་ཧྥང་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། སྲིད་ཁྲིམས་བྱ་བས་དམངས་ལ་བདེ་སྐྱིན་བསྐྲུན་པའི་རྩ་བའི་དམིགས་བྱ་ལག་ལེན་བྱེད་དགོས། འགོག་རྡུང་མཉམ་བྱེད་དང་རྩ་ལག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་དང་། ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་ཏེ། ནག་ཕྱོགས་སྟོབས་ཤུགས་རྩ་བ་ཚུགས་པའི་གཤིན་ས་རྩ་མེད་དུ་གཏོང་དགོས།

ཐེངས་འདིའི་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་དུས་ཡུན་ནི་ཉིན་ལྔ་ཡིན་ལ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་ཀྱི་ལས་ཁུངས་སོ་སོའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ཧྲུའུ་ཅི། སྲིད་ཁྲིམས་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། རྫོང་དང་ཆུས་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ལས་ཁུངས་ཀྱི་ཚན་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭར་ཞུགས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།