2026ལོའི་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ཟླ་བའི་མཚོ་སྔོན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ8ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། མཚོ་སྔོན་ཞིང་ཆེན་དམངས་ཡོངས་ཚན་རིག་བྱང་ཚད་མཉམ་འབྲེལ་བྱ་བའི་གྲོགས་ཚོགས་ཀྱི་ཁོངས་མིས་གཙོ་སྒྲུབ་བྱས་པའི2026ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བའི་མཚོ་སྔོན་གྱི་བྱེད་སྒོ་གཙོ་བོ་དང་ཚན་རིག་ཁྱབ་གདལ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་པའི་བྱ་འགུལ་དེ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ལུའུ་ཧྲ་ཨར་གྲོང་རྡལ་སྐུ་འབུམ་དགོན་པའི་ཐང་ཆེན་དུ་སྤེལ་འགོ་བརྩམས། མང་ཚོགས་དང་ཡུལ་སྐོར་བ་སྟོང་ལྷག་ཡུལ་དངོས་སུ་འཛོམས་ནས་ཉམས་ལེན་བྱས་ཏེ་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱས།

ཐེངས་འདིའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི"ཚན་རྩལ་གྱིས་འཚོ་བར་འགྱུར་བ་གཏོང་བ་དང་གསར་གཏོད་ཀྱིས་མ་འོངས་པ་བསྐྲུན"ཞེས་པ་དེ་ཡིན་ལ། འགོ་རྩོམ་མཛད་སྒོ་དང་གར་སྟེགས་གཙོ་བོའི་ཚན་རིག་འཁྲབ་སྟོན། གཅིག་བསྡུས་འགྲེམས་སྟོན་བཅས་ཁག་གསུམ་བཀོད་སྒྲིག་བྱས་ཡོད། འགྲེམས་སྟོན་ཁྲོད་མི་ཐབས་རིག་ནུས་ཀྱི་ཉམས་ལེན་ཁུལ་གཅིག་དང་། ཐོན་ལས་ཁྱབ་གདལ་འགྲེམ་སྟོན། སློབ་གསོ་ཁྱབ་གདལ་འགྲེམ་སྟོན། སྐྱེ་ཁམས་ཁྱབ་གདལ་འགྲེམ་སྟོན་བཅས་བརྗོད་དོན་འགྲེམ་ཁུལ་ཆེན་པོ་གསུམ་ཚུད་ཡོད་པ་དེ་དག་གིསAIརིག་ནུས་ཕན་ཚུན་འབྲེལ་མཐུད་དང་། ཚྭ་མཚོའི་གྲུབ་འབྲས་མངོན་པ། མཐོ་སྒང་གི་སྐྱེ་ཁམས་ཁྱབ་གདལ། ཚན་རྩལ་འབྲེལ་འདྲིས་ཉམས་ལེན། ཁྲིམས་ལུགས་དྲིལ་བསྒྲགས་སོགས་ཆེད་དོན་དང་བརྗོད་གཞི་བརྒྱུད་ནས་ཚན་རིག་ཁྱབ་གདལ་དང་མི་རིགས་མཐུན་སྒྲིལ་ལས་དོན་གཏིང་ཟབ་ཏུ་སྤེལ་ཏེ། སྣ་མང་རང་བཞིན་ལྡན་པའི་མྱོང་ཚོར་རྣམ་པའི་ཁོར་ཡུག་བསྐྲུན། བྱེད་སྒོ་ལས་ཁྲིམས་སྐྱོང་སྣེ་ཁྲིད་དུ་བྱས་པ་དང་། ཤེས་བྱ་ཁྱབ་སྤེལ་སྦྲེལ་ཐག་ཏུ་བཟུང་སྟེ། "ཁ་འབྲལ་ཐབས་མེད་པ་གསུམ"གྱི་བསམ་བློ་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱེད་པ་དང་། "ངོས་འཛིན་ལྔ"རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ། ཚན་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རིགས་སོ་སོའི་མི་དམངས་ཡོངས་ལ་ཕན་པ་བསྐྲུན་ཐུབ་ཅིང་། ཚན་རིག་ཁྱབ་གདལ་དེ་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་དུས་རབས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན།

ཤེས་རྟོགས་བྱུང་བ་ལྟར་ན། 2026ལོར་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ཟླ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱེད་པ་དང་ས་ཁོངས་ཡོངས་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ། ཁྱད་ཆོས་ལྡན་པའི་ཚན་རིག་ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པ་འཆར་གཞི་བཟོས་ནས་ལག་བསྟར་བྱ་རྒྱུ་རེད། གཙོ་བོ་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ཟླ་བའི་མཚོ་སྔོན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་ཚན་རིག་ཁྱབ་གདལ་ཆོས་ལུགས་སྤེལ་ཡུལ་དུ་བསྐྱོད་པའི་གཅིག་བསྡུས་དཔེ་སྟོན་བྱེད་སྒོ། དེ་བཞིན་མི་ཐབས་རིག་ནུས་དང་སྐྱེ་ཁམས་ཚན་རིག བདེ་ཐང་ཚན་རིག འཕྲལ་སྡོམ་ཚན་རིག་སོགས་བརྗོད་དོན་ཡན་ལག་ཚོགས་ར་བཞི་འཚོག་རྒྱུ་ཡིན་ཞིང་། ཚན་རྩལ་སྙན་ཞུ་མདུན་གྲལ་དུ་བསྐྱོད་པའི་བྱ་འགུལ་དང་། ཚན་རིག་རྟེན་གཞིས་མ་འོངས་པར་འཚོལ་ཞིབ་བྱེད་པའི་བྱ་འགུལ། གཞི་རིམ་མང་ཚོགས་ལ་ཕན་པའི་ཚན་རིག་ཁྱབ་སྤེལ་བྱ་འགུལ། སྨྱན་སྦྱོར་བརྒྱུད་ནས་ཚན་རིག་ཤེས་བྱ་ཁྱབ་སྤེལ་གཏོང་བའི་བྱ་འགུལ། ཚན་རིག་ཁྱབ་གདལ་གྱིས་མཉམ་འབྲེལ་ནུས་པ་འདོན་སྤེལ་བྱེད་པའི་བྱ་འགུལ་བཅས་ཆེད་དོན་ཚན་རིག་ཁྱབ་གདལ་བྱ་འགུལ་ལྔ་སྟེ། ཁྱོན་བསྡོམས་གལ་ཆེའི་བྱེད་སྒོ་བརྒྱ་ལྷག་ཙམ་ཚུད་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།