ཟླ8ཚེས27ཉིན། ཞིང་ཆེན་ཡོངས་སུ་ཁྱབ་ཁོངས་གསར་པའི་བཟོ་ཚོགས་ཀྱིས་ཡོངས་ཁྱབ་གཉིས་ཀྱི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་རིམ་པ་ཆུང་གྲས་གསུམ་གྱི་བཟོ་ཚོགས་འཛུགས་སྐྱོང་སྐུལ་འདེད་ཚོགས་འདུ་ཟི་ལིང་དུ་འཚོགས། གྲོས་ཚོགས་ཐོག་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་ཁྱབ་ཁོངས་གསར་པའི་བཟོ་ཚོགས་རྩ་འཛུགས་ཀྱི་ཡོངས་ཁྱབ་གཉིས་སྐོར་གྱི་ལས་ཀའི་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་རིམ་པ་ཆུང་གྲས་གསུམ་གྱི་བཟོ་ཚོགས་ནང་ཞུགས་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པར་མ་ཟད། ལས་ཀ་གཙོ་བོ་བཀོད་སྒྲིག་བྱས། ལས་ཁུངས་བརྒྱད་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
གྲོས་ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་གསར་པའི་བཟོ་ཚོགས་རྩ་འཛུགས་ཀྱི་ཡོངས་ཁྱབ་གཉིས་དང་རིམ་པ་ཆུང་གྲས་གསུམ་གྱི་བཟོ་ཚོགས་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། གཞི་རིམ་ནི་བཟོ་ཚོགས་ལས་དོན་གྱི་རྨང་གཞི་ཡིན་པར་ནན་བཤད་བྱས། ཁྱབ་ཁོངས་སུ་གཏོགས་པའི་བཟོ་ཚོགས་རྩ་འཛུགས་ཀྱི་ཡོངས་ཁྱབ་གཉིས་ཟབ་སྤེལ་བྱེད་པ་དང་རིམ་པ་ཆུང་གྲས་གསུམ་གྱི་བཟོ་ཚོགས་སྟོབས་ཆེར་གཏོང་རྒྱུ་ནི་བློ་གཅིག་སེམས་གཅིག་གིས་བཟོ་བའི་གྲལ་རིམ་གྱི་བྱེད་ཕྱོགས་ལག་བསྟར་བྱེད་པའི་བླང་བྱ་ལྡོག་མེད་ཅིག་ཡིན་པ་དང་། ཏང་འཛུགས་ཀྱིས་བཟོ་ལས་འཛུགས་སྐྲུན་གྱི་སྣེ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་སྲིད་འཛིན་ཐད་ཀྱི་གྲལ་རིམ་རྨང་གཞི་དང་མང་ཚོགས་རྨང་གཞི་བརྟན་པོ་འདིང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན། ལས་བཟོ་པ་དཀྱིལ་སྙིང་དུ་འཛིན་པ་ལག་བསྟར་དང་ལས་བཟོ་པའི་བདེ་སྐྱིད་ཆེ་རུ་གཏོང་བའི་བྱ་སྤྱོད་ངོ་མ་དང་། ངལ་རྩོལ་འབྲེལ་བ་འཆམ་མཐུན་ཡོང་བ་བྱ་རྒྱུ་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལག་ཆ་གལ་ཆེན། རྨང་གཞི་བརྟན་པོར་གཏོང་བའི་བླང་བྱ་དང་གཞི་རིམ་འཕེལ་རྒྱས་ཐད་ཀྱི་ཞན་ཆ་སེལ་བའི་དངོས་ཡོད་ཀྱི་གདམ་ཀ་ཞིག་བཅས་ཡིན།
ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་པ་དང་། གཞི་རིམ་དམ་འཛིན་བྱེད་པའི་ཁ་ཕྱོགས་གསལ་པོ་རྒྱུན་འཁྱོངས་བྱས་ཏེ། གཙང་སེལ་འགག་སྒྲོལ་ཐད་ཤུགས་འདོན་པ་དང་ཁྱབ་ཁོངས་གསར་བའི་རྩ་འཛུགས་ཁེབས་ཚད་མ་ལག་ཚགས་དམ་པོ་འཛུགས་པ་བཅས་བྱ་དགོས་པའི་བླང་བྱ་བཏོན། ཡོད་པ་དྲུག་གི་ཚད་གཞི་གཞིར་བཟུང་ནས་ཆུང་བ་གསུམ་གྱི་བཟོ་ཚོགས་ཚད་ལྡན་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་དང་གཞི་རིམ་དཔུང་སྡེ་སྟོབས་ཆེར་བཏང་སྟེ་བཟོ་ཚོགས་ལས་བྱེད་པའི་ཆེད་ལས་ནུས་པ་ཇེ་དྲག་ཏུ་གཏོང་བ། གྲངས་ཀའི་ནུས་སྤྲོད་གཏིང་ཟབ་ཏུ་སྤེལ་ཏེ་གཞི་རིམ་བཟོ་ཚོགས་དེང་རབས་རང་བཞིན་གྱི་འགན་འཁྲི་སྒྲུབ་པའི་ཕན་འབྲས་ཆེ་རུ་གཏོང་བ། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ་སོགས་ཕྱོགས་ཀུན་ནས་དོ་དམ་མཉམ་འཛིན་གྱི་འཁོར་སྐྱོད་ལག་བསྟར་རྣམ་པ་བསྐྲུན་དགོས།
ཚོགས་ཞུགས་མི་སྣས་ད་དུང་ཟི་ལིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་མཚོ་སྔོན་ཡོན་ཧོ་ཐུང་མྱུར་སྐྱེལ་ཀུང་སིའི་བཟོ་ཚོགས་སོགས་དཔེ་སྟོན་ཁུལ་ལྔ་ལ་ལྟ་སྐོར་བྱས།