སིལ་དམར་རྡོག་གཅིག་ནས་དུང་ཕྱུར་བརྒྱ་ཡི་ཐོན་ལས་བར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཁུ་ནུ་རི་རྒྱུད་རྔམ་བརྗིད་ལྡན་ལ། མྱ་ངམ་ཐང་ཆེན་ཡངས་ཤིང་རྒྱ་ཆེ། 

 ཟླ་བརྒྱད་པའི་ཚྭ་འདམ་གཞོང་གི་ས་མུའུ་ཁྲི་ཡི་འཕང་འབྲས་ལ། གཡུར་ཟའི་འབྲས་བཟང་སྨིན་པས་ཀུན་ཡིད་ཅིག་ཅར་འཕྲོག 

 མཐོ་སྒང་གི་པང་ལ་འཐོར་འདྲའི་བྱུ་རུ་ལྟ་བུའི་སིལ་དམར་རྡོག་པོ་རེ་རེས།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཞིང་གྲོང་དར་སྤེལ་གྱི་བཀོད་ཁྱབ་ཆེན་པོ་ཐེག་ཡོད་པར་མ་ཟད།

ཐོན་ལས་སྤུས་འདེགས་རིམ་སྤར་ལ་ཤུགས་སྣོན་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུར་ཡང་གྱུར་ཡོད། 

“ཚྭ་འདམ་འཕང་འབྲས”ཞེས་པའི་སྤུས་རྟགས་ཀྱི་རིན་ཐང་སྒོར་དུང་ཕྱུར196.75ལ་བསླེབས་ཤིང་།

འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ30ལྷག་ལ་ཐོན་རྫས་འདི་བྲིན་འཚོང་ཐུབ་ཡོད་པས།   

མཐོ་སྒང་གི་མྱ་ངམ་ཐང་ཆེན་མྱུ་གུ་འབུས་པའི་འཕང་འབྲས་དེ་ཉིད། འཛམ་གླིང་གི་གསོལ་ཅོག་སྟེང་རོ་བཅུད་འཛོམས་པའི་ཟས་སུ་བཀུར། 

མཚོ་ནུབ་ཀྱིས་འཕང་འབྲས་ཐོན་ལས་དེ2030ལོའི་འཕེལ་རྒྱས་དམིགས་འབེན་ཏུ་ཇུས་འགོད་གཏན་འཁེལ་བྱས་ཏེ། 

  འདེབས་འཛུགས་རྒྱ་ཁྱོན་ས་མུའུ་ཁྲི53ལ་རྒྱ་སྐྱེད་པ་དང་། སིལ་སྐམ་གྱི་ཐོན་འབོར་ཏུན་ཁྲི11ལས་བརྒལ་བ་དང་།
 ཐོན་རྫས་ཀྱི་སྦྲེལ་ཐག་འཕང་འབྲས་སོས་པ་དང་། སྐྱེ་དངོས་བཅུད་ལེན། བྱེད་ནུས་རང་བཞིན་གྱི་བཟོ་སྣོན་ཕྱོགས་ལ་བསྲིངས་པས། 

ཐོན་ལས་ཀྱི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོ་དུང་ཕྱུར240ལས་བརྒལ།

ཁུལ་ཡོངས་ཀྱི“5+5+N”ཡི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་གོང་སྤེལ་མ་ལག་ལ་གཞི་བཅོལ་ཏེ། 

 འཕང་འབྲས་ཐོན་ལས་དེ་ལྟེ་བའི་གདུང་འདེགས་ཀྱི་ཐོན་ལས་སུ་བཞག་པ་དང་འབྲེལ་ནས་ཁྱད་ལྡན་ཐོན་ལས་སྣ་ཚོགས་ཆབས་སྦྲགས་སུ་གོང་དུ་སྤེལ་བས།

མཚོ་ནུབ་ཀྱི་ཞིང་འབྲོལ་ལས་སྤུས་ཚད་མཐོ་ཞིང་། གཞི་ཆེན་ཆེ་བ། ཁྱད་ཆོས་ཅན་གྱི་ཕྱོགས་སུ་འཕེལ་བར་རྨང་གཞི་བརྟན་པོ་བཏིངས། 

མཚོ་ནུབ་ཁུལ་གྱིས《ས་ཁོངས་ཡོངས་སུ་ཚྭ་འདམ་གཞོང་གི་ལྷད་མེད་སྐྱེ་ལྡན་འཕང་འབྲས་ཀྱི་ཐོན་ལས་ལོ་གསུམ་གོང་དུ་སྤེལ་བའི་འགུལ་སྐྱོད་ཇུས་གཞི(2025-2027ལོ)》པར་འགྲེམས་བྱས་ཤིང་།

ལས་གཞི་གཙོ་བོ་ཁག14གནད་དུ་བཟུང་སྟེ།  ཕྱོགས་ཡོངས་ནས་འཕང་འབྲས་ཐོན་ལས་རིམ་སྤར་བྱེད་པའི་ཐད་ཐབས་བཀོད་འཐེན་པ་དང་།

ཚད་གཞི་ཅན་གྱི་འདེབས་འཛུགས་དང་། སོན་བཟང་གསོ་སྤེལ། སྤུས་ལེགས་བཟོ་སྣོན། ཐོན་རྫས་གསར་སྤེལ། སྤུས་རྟགས་སྐྱེད་སྲིང་ལ་སོགས་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་གནད་འགག་གི་རིམ་པར་དམིགས་ཏེ། ཐབས་ཇུས་གནད་འཁེལ་དང་།རྩེ་གྲ་ཅན། སྤུས་རྟགས་ཅན་གྱི་ཕྱོགས་སུ་སྐུལ་འདེད་བཏང་།

སྲིད་ཇུས་ཀྱི་སྲུང་སྐྱོང་དང་མ་དངུལ་གྱི་རམ་འདེགས་ཟུང་དུ་སྦྲེལ་ནས་ཆེད་དོན་རོགས་སྐྱོར་དུ་མ་ལག་བསྟར་གནད་ལ་འཁེལ་བ་བྱས་ཏེ།

འཕང་འབྲས་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་འཕེལ་བར་དགེ་མཚན་དང་ནུས་པ་མང་པོ་བསགས་ནས་གདིང་ཤུགས་བསྐྱེད།

མ་དངུལ་འབོར་ཆེན་བཏང་སྟེ་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། འདེབས་འཛུགས་ནས་བཟོ་སྣོན།

སྤུས་རྟགས་བར་གྱི་སྦྲེལ་ཐག་ཧྲིལ་བོར་ནུས་ཤུགས་བསྩལ་ནས་ཚྭ་འདམ་གཞོང་གི་འཕང་འབྲས་ཐོན་ལས་བརྗེ་ཚབ་རིམ་སྤར་ལ་སྒུལ་ཤུགས་རྒྱུན་ཆད་མེད་པ་ཞིག་བསྣན།

སྤུས་རྟགས་དར་སྤེལ་བྱས་ཏེ་མཐོ་སྒང་གི་སྐྱེ་ལྡན་མིང་བྱང་གཙང་ཕྱིས་བྱས། 

ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས“ངོ་མཚར་བའི་ཚྭ་འདམ་གཞོང”ཞེས་པ་གཞི་བཅོལ་ས་གཙོ་བོ་བྱས་ཏེ། 

ཁྱད་ཆོས་ལྡན་པའི་ཐོན་རྫས་མང་པོ་སྐྱེད་སྲིང་ཡག་པོ་བྱས་པ་དང་། རིམ་པ་གསལ་ཞིང་དགེ་མཚན་གཟེངས་སུ་དོད་པའི་སྤུས་རྟགས་ཀྱི་རེའུ་ཁྲ་བཟོས།

“ཁུ་ནུའི་འདབས་ཀྱི་འཕང་འབྲས་ལེགས་ཤོས”ཀྱི་ལྟེ་བའིIPབཟོས་ཏེ། ཚྭ་འདམ་གྱི་འཕང་འབྲས་རེ་རེ་ལ་འཛད་སྤྱོད་པས་ཁས་ལེན་ཐུབ་པར་བྱས།

དེ་ནི་དག་གཙང་གི་གཤིན་ས་བཟང་པོ་ནས་ཐོན་པའི་མཐོ་སྒང་གི་སྐྱེ་ལྡན་སྤུས་ལེགས་ཀྱི་དངོས་པོ་ལེགས་ཤོས་རེད།

  གཏེར་ལམ་རྫོང་གིས་སྔ་གཞུག་ཏུ་འཕང་འབྲས་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་བྱེད་ཐབས8དང་། 

ཐུན་མོང་གི་ཚད་གཞི3སྔ་གཞུག་ཏུ་བཏོན་ཏེ། སོན་བཟང་གསོ་སྤེལ་རྟེན་གཞི་ས་མུའུ650བསྐྲུན་པ་དང་།

ས་ཁོངས་ཡོངས་ཀྱི་སྤུས་ཚད་ཚད་ལེན་ལག་བསྟར་བྱས་ནས་ལྷད་མེད་སྐྱེ་ལྡན་འཕང་འབྲས་ཡོངས་ལ་དཔང་བདེན་ར་སྤྲོད་ཐུབ་པ་མངོན་འགྱུར་བྱས་ཡོད།

ད་ལོའི་དབྱར་ཁར། ཚྭ་འདམ་གཞོང་འཕང་འབྲས་ཁྲོམ་རའི་ཕྱིར་བསྐྱོད་ཐུབ་པ་མངོན་འགྱུར་བྱུང་།

གཏེར་ལེན་ཁ་གྲོང་ཁྱེར་གྱིས་མ་དངུལ་ས་ཡ་བཏང་ནས་འཕང་འབྲས་སོས་པ་ཏུན850མངག་ཉོ་བྱེད་པའི་གན་རྒྱ་བཞག

དེས་ཚྭ་འདམ་གཞོང་གི་འཕང་འབྲས་དེ་གཞི་ཁྱོན་ཅན་དུ་འཕེལ་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྟེ་བའི་ཁྲོམ་རར་དངོས་སུ་གཞི་ཚུགས་ཐུབ་པ་མཚོན།

འཕང་འབྲས་སོས་པ་བཏོག་རྗེས་ཆུ་ཚོད་གཅིག་ནས་གཉིས་ཀྱི་ནང་དུ་ལམ་སེང་འཁྱགས་ཉར་བྱེད་དགོས་པ་དང་། 

ཆུ་ཚོད36ནང་དུ་ལེ་དབར3000བརྒལ་ནས་མཐོ་སྒང་གི་སིལ་དམར་སོས་པ་འདི་ཅང་ཀྲེ་ས་ཆའི་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྱོར་དུ་འཇུག་དགོས།

དམངས་ཕྱུག་འབབ་འཕར་གྱིས་དམངས་ཚིས་ཀྱི་བདེ་སྐྱིད་རྩིས་ཐོ་ལེགས་པོ་བསྒྲུབས།

བྱུ་རུ་འདྲ་བའི་སིལ་དམར་རྡོག་པོ་རེ་རེས་ཞིང་གྲོང་དར་སྤེལ་གྱི་འབབ་འཕར་ལམ་བུ་གསལ་བོར་དོད་ཅིང་།  

མང་ཚོགས་ཁྲི་སྟོང་མང་པོའི་བདེ་སྐྱིད་ཁུར་དུ་བཏེགས།

ན་གོ་མོ་གྲོང་ཁྱེར་གྱི་ས་མུའུ་ཁྲི7.21ཡི་འཕང་འབྲས་རྟེན་གཞི་ལ་གཡུར་ཟའི་འབྲས་བུ་སྨིན། 

མི་ཐེངས་ཁྲི1.1ལ་ལས་ཞུགས་ལས་གནས་སྤྲད་པ་དང་།

རྩིས་དཔག་བྱས་ན་ངལ་ལས་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1.7མངོན་འགྱུར་བྱུང་།

“ཚྭ་འདམ་གཞོང་གི་འཕང་འབྲས་འཐོག་པའི”ཁྱད་ལྡན་ངལ་ལས་སྤུས་རྟགས་དགེ་མཚན་ལ་གཞི་བཅོལ་ཏེ།

2026ལོའི་ཟླ8པའི་བར་སྔ་གཞུག་ཏུ་ལས་ཀ་པ་མི་ཐེངས7192ལས་གནས་སུ་བཀུགས།

ཚན་རྩལ་གྱིས་ནུས་ཤུགས་བསྩལ་ཏེ། ཐོན་ལས་མཐོ་ཚད་གསར་པར་རིམ་སྤར་བྱས།

དྲོད་ཚད་དམའ་བའི་སྟོང་ཐུམ་རྒྱག་པའི་ལག་རྩལ་བེད་སྤྱད་དེ།

  འཕང་འབྲས་ཀྱི་ཁ་མདོག་དང་རང་བྱུང་གི་དྲོ་བ་ཚད་ངེས་ཅན་ནས་སོར་ཉར་བྱས་པ་དང་།

AIཡི་གྲངས་ཀ་ཅན་གྱི་རིག་ནུས་ཁ་མདོག་འདེམ་གསེས་ལ་བརྟེན་ནས་འཕང་འབྲས་ཀྱི་བཟང་ངན་འདོར་ལེན་བྱས་པ་དང་། 

 རུལ་བ་དང་ཆག་པ། སྐམ་པ་ལ་སོགས་འདོར་ཚད99%ཡན་ལ་བསླེབས།

ཚན་རྩལ་གྱིས་ནུས་པ་བསྩལ་ཏེ་སྤུས་ལེགས་ཐོན་ས་ནས་སྤུས་ལེགས་ཐོན་རྫས་བར་འཕེལ་རྒྱས་ཡག་པོ་བྱུང་བ་དང་། 

མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ལ་སྐུལ་འདེད་བཏང་སྟེ། 

རྒྱལ་དམངས་ཀྱི་སྤུས་ལེགས་ཐོན་རྫས་སུ་རིམ་སྤར་བྱས་ནས་རྒྱལ་སྤྱིའི་ཁྲོམ་རར་བསྐྱོད་པ་སོགས།

སིལ་དམར་རྡོག་པོ་རེ་རེས་མཐོ་སྒང་ཐོན་ལས་ཀྱི་ལེའུ་གསར་པ་འབད་པས་རྩོམ་བཞིན་ཡོད་དོ། །  

རྩོམ་སྒྲིག་པ། : ཁོན་ཐར་འཚོ།