ལོ་གཅིག་གི་སྔོན་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐེན་ཅིན་དབུ་ཚོགས་བསྡུ་བའི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་གཟབ་ནན་ངང་བཏོན་ནས“གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གང་འདྲ་ཞིག་འཛུགས་རྒྱུ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་ཚང་དུ་ཇི་ལྟར་གཏོང་བའི”དུས་རབས་ཀྱི་བརྗོད་གཞི་ལ་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས་ཡོད།
མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་དང་། ཀྲུང་གོས་ཕྱོགས་སོ་སོ་དང་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཆད་ལུས་དེ་ནུས་ཤུགས་ཡོད་རྒུས་སེལ་བ་དང་། འགུལ་སྐྱོད་ལ་བརྟེན་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བའི་གྲུབ་འབྲས་ཀྱིས་མིའི་རིགས་ཡོངས་ལ་ཕན་བདེ་སྔར་ལས་མང་པོ་བསྐྲུན།
དེང་སྐབས་ཀྱི་འཛམ་གླིང་དུ། གོ་སྐབས་དང་འགྲན་སློང་མཉམ་གནས་བྱས་ཡོད། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་རྣམ་པ་ཚབས་ཆེ་བ་དང་ལྷོ་བྱང་གི་ཁྱད་པར་རྒྱུན་ཆད་མེད་པར་ཆེ་རུ་གྱུར་ཞིང་། བས་མཐའི་འགལ་ཟླ་གང་མང་བྱུང་བཞིན་ཡོད་ལ། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་བཙུགས་པའི་རྒྱལ་སྤྱིའི་མ་ལག་ལ་རྡུང་རྡེག་ཚབས་ཆེན་ཐེབས་ཡོད།
“འཛམ་གླིང་ལ་ཅི་ཞིག་བྱུང་བ་དང་། ང་ཚོས་ཇི་ལྟར་བྱ”ཞེས་པའི་དུས་རབས་ཀྱི་དྲི་བར་དམིགས་ཏེ། ལོ་གཅིག་གི་སྔོན་དུ། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཟུང་འབྲེལ”གྱི་གྲོས་ཚོགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་གཟབ་ནན་ངང་བཏོན་ནས“ལྟེ་བའི་འདུ་ཤེས་ཆེན་པོ་ལྔ་”ལ་བརྟེན་ནས་བཅོས་སྐྱོང་གི་དཀའ་གནད་སེལ་བ་སྟེ། བདག་དབང་འདྲ་མཉམ་ལག་བསྟར་བྱས་ཏེ་འཛམ་གླིང་གི་ལས་དབང་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་དུ་སྟངས་འཛིན་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་སྲུང་བྱས་ནས་རྒྱལ་སྤྱིའི་སྒྲིག་སྲོལ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཁོ་ནས་ཐུན་མོང་ཐོག་འབྲི་དགོས་པ། ཕྱོགས་མང་རིང་ལུགས་ལག་ལེན་བྱས་ནས་སྡེ་ཚོགས་ཆབ་སྲིད་དང་དཔུང་ཁག་གི་འགྲན་རྒོལ་ལ་ངོ་རྒོལ་བྱེད་པ། མི་ལྟེ་བར་འཛིན་པ་དར་སྤེལ་བཏང་ནས་བཅོས་སྐྱོང་གི་གྲུབ་འབྲས་དེ་ལས་མང་པོ་དང་དེ་ལས་དྲང་གཞག་གིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་ཐོགས་པ། བྱ་སྤྱོད་ཀྱི་ཁྲིད་སྟོན་ལ་དོ་སྣང་བྱས་ཏེ་རྒྱལ་ཁབ་སོ་སོའི་ཐུན་མོང་གི་ངོས་འཛིན་དེ་བྱ་སྤྱོད་དུ་བསྒྱུར་བར་སྐུལ་འདེད་བཏང་།
གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་པ་ནས་བཟུང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་160ཉེ་བས་རྒྱབ་སྐྱོར་དང་ལེན་བྱས་པ་དང་། “གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོགས་པོའི་ཚན་ཆུང”ཞེས་པ་ཉིག་ཡོག་དང་། རི་ནེ་ཝ། ཝེ་ཡེ་ན་བཅས་ས་ཁུལ་གསུམ་དུ་སྔ་རྗེས་སུ་བཙུགས་ཤིང་། རྒྱལ་ཁབ60ལྷག་གཅིག་རྗེས་གཉིས་མཐུད་ཀྱིས་དེའི་ཁྲོད་ཞུགས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་དེ་ཀྲུང་གོའི་ཇུས་གཞི་ནས་རྒྱལ་སྤྱིའི་ལག་ལེན་དུ་བསྒྱུར་ནས་ཉིན་རེར་གསོན་ཤུགས་ཆེན་པོ་མངོན་བཞིན་ཡོད།
ལག་བསྟར་དང་འགན་ཁུར་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་བཅོས་བསྒྱུར་འཐུས་ཚང་དུ་གཏོང་བར་ཀྲུང་གོ་ནི་གྲོས་འགོ་འདོན་མཁན་དང་བྱ་སྤྱོད་སྤེལ་མཁན་ཡིན།
ཀྲུང་གོ་ཕྱོགས་ཀྱིས《གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོའི་དོན་སྤྱིའི་ཡིག་ཆ》དང《དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པ་སྟེ། ཀྲུང་གོའི་འདུ་ཤེས་དང་། གྲོས་འགོ བྱ་སྤྱོད》བཅས་ཀྱི་དེབ་ཐེར་རྒྱབ་ཤ་དཀར་པོ་སྔ་རྗེས་སུ་སྒྲོག་སྤེལ་བྱས་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྐོར་གྱི་ཀྲུང་གོའི་དམིགས་འབེན་ཁ་ཕྱོགས་དང་ལག་ལེན་བྱ་སྤྱོད་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ནས་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་རྒྱ་ཆེར་གཅིག་སྡུད་བྱས།
ཆེ་བཙན་ཆུང་བརྙས་ཁྲིམས་སྲོལ་གྱིས་རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་རྡབ་ཤུགས་ཚབས་ཆེན་ཐེབས་པར་གདོང་གཏད་ནས། ཀྲུང་གོས་སྣེ་ཁྲིད་ནས་དངོས་འབྲེལ་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱས།
ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐེབས་རྩ་བཙུགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་རིམ་གལ་ཆེན་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་འགུལ་སྐྱོད་ཁག་29ལ་ཞུགས་པའི་བར། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དྲང་བཞག་དྲང་བདེན་གྱི་ཕྱོགས་སུ་ལངས་ཡོད།
གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི“ལྷོ་བྱང་དོ་མི་མཉམ་པའི”མདུན་དུ། ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རྣམ་པ་སྔར་བས་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་བཏང་།
གསེར་ལྡན་རྒྱལ་ཁབ་ལ་ལོ་རྒྱུས་རང་བཞིན་གྱི་ཁོངས་ཞུགས་རྒྱལ་ཁབ་ཇེ་མང་དུ་གཏོང་བ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་བ་ནས། ཧྥེ་གླིང་མནའ་འབྲེལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པ། དེ་ནས་ཡ་གླིང་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་དང་། དར་གོས་ཚོང་ལམ་ཐེབས་རྩ། གསར་སྤེལ་དངུལ་ཁང་གསར་པ་སོགས་ཀྱི་ལས་སྟེགས་གསར་པ་བསྐྲུན་པའི་བར། ཀྲུང་གོས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་གཏམ་བཤད་དབང་ཆ་ཟམ་མི་ཆད་པར་ཆེ་རུ་བཏང་།
ཧྥེ་གླིང་གི་ཕྱི་འབྲེལ་རྒྱལ་ཁབ53ལ་ཕྱོགས་ཡོངས་ནས་སྒོ་ཁྲལ་སྤྲོད་མི་དགོས་པ་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་སྒྲིག་གཞི9དང་རྒྱལ་ཁབ50ལྷག་དང་མཉམ་དུ་གོ་ལ་ཧྲིལ་པོའི་དབུལ་འཕྲི་དང་འཕེལ་རྒྱས་རོགས་ཟླའི་མནའ་འབྲེལ་འཛུགས་པའི་གྲོས་འགོ་བཏོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་དབུལ་འཕྲི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མིའི་རིགས་ཡོངས་ལ་ཕན་པ་བསྐྲུན།
ཉེ་བའི་ལོ་འགའི་རིང་། མི་ཐབས་རིག་ནུས་དང་མཚོ་གཏིང་། གླིང་སྣེ་སོགས་ས་ཁོངས་གསར་པ་བཅོས་སྐྱོང་གི་ཆད་ལུས་ལ་དམིགས་ནས། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་བཅོས་སྐྱོང་གི་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་།
《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ》བཏོན་པ་དང་། འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་པའི་གྲོས་འགོ་བཏོན་ཏེ། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་ལག་གདང་སྦྲེལ་ནས་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་ཕྱོགས་མང་མཉམ་བཅོས་དང་སྒོ་འབྱེད་མཉམ་སྤྱོད་ལ་སྐུལ་འདེད་བཏང་། 2035ལོའི་རྒྱལ་ཁབ་ཀྱི་རང་བརྟེན་བྱས་རྗེས་དམིགས་འབེན་ཁྱབ་བསྒྲགས་བྱས་པ་དང་། ཁོན་མུན་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐེབས་རྩ་བཙུགས། ཀྲུང་གོ་ཧུར་བརྩོན་གྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་དང་སྐྱེ་ཁམས་བཅོས་སྐྱོང་ནང་ཞུགས་པ་དང་། རྒྱལ་སྤྱིའི་འདུམ་འགྲིག་ཁང་འཛུགས་པའི་གྲོས་འགོ་བཏོན་པ་མ་ཟད། ད་ལོའི་ཟླ་ལྔ་པར་རྒྱལ་སྤྱིའི་མཚོ་དོན་གྱི་རྩོད་གཞི་ཐོག་མ་དེ་རྒྱལ་ཁའི་ངང་ཐག་གཅོད་བྱས་པར། ཀྲུང་གོས་རྩོད་གཞི་ཐག་གཅོད་བྱེད་པའི་རྐྱེན་སྲོལ་གསར་གཏོད་བྱས་ཏེ། རྒྱལ་སྤྱིའི་འདུམ་འགྲིག་ཁྱབ་ཁོངས་ཀྱི་རྐྱེན་སྲོལ་གྱི་སྟོང་ཆ་ནུས་ལྡན་ངང་ཁ་གསབ་བྱས།
འདུ་ཤེས་ཀྱིས་མདུན་ཕྱོགས་ཀྱི་ལམ་བུ་གསལ་བར་བྱས་པ་དང་། མཉམ་ལས་ཀྱིས་མཛེས་སྡུག་གི་མ་འོངས་པ་བསྐྲུན། ཐེན་ཅིན་ནས་པིས་ཧྲི་ཁའེ་ཁི་བར། ཀྲུང་གོས་མུ་མཐུད་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། ཀྲུང་གོའི་བཅོས་སྐྱོང་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་ལག་གདང་སྦྲེལ་ནས། མིའི་རིགས་ལས་སྐལ་གཅིག་མཐུན་དང་ཤེས་དཔལ་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་མདུན་ལྗོངས་བསྐྲུན་རྒྱུ་རེད།