སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་ཆགས་པའི་འཁྱིལ་མཚོའི་གནས་ཚུལ།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཚེས27ཉིན་གྱི་སྔ་དྲོའི་ཆུ་ཚོད8པ་བར་བོད་ལྗོངས་སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེས་རྐྱེན་པས་མི3རྐྱེན་ལམ་དུ་ཤོར་བ་དང་མི558དང་འབྲེལ་བ་ཆད་ཡོད་པ་རེད། 

མིག་སྔར། སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་འཁྱིལ་མཚོ་ཆགས་ཡོད་ཅིང་། འདམ་རྡོའི་ཆུ་རུད་ཐོན་ས་དང་སྐྱིད་གྲོང་འགག་སྒོའི་བར་སྤྱི་ལེ2.5ཙམ་ཡོད་པ་དང་། འདམ་རྡོའི་ཆུ་རུད་ཀྱི་མཐའ་ཟུར་གྱི་མཐུག་ཚད་ལ་སྨི1.5ཙམ་ཡོད་པས། རྗེས་མཐུད་རོགས་སྐྱོབ་ལ་དཀའ་ངལ་ཧ་ཅང་ཆེན་པོ་བཟོས་ཡོད་པ་རེད།

འཕྲིན་གཏོང་མྱུལ་ཞིབ་སྒྲིག་ཆས་ཁྱེར་མཁན་ཀྲུང་གོ་ཨན་ནེང་ལས་གྲྭ་རོགས་སྐྱོབ་ལྷ་ས་རྟེན་གཞིའི་སྔོན་སྐྱོད་ཚོགས་ཆུང་གི་མི8ཚེས27ཉིན་གྱི་ཐོ་རེངས་ལ་སྐྱིད་གྲོང་གྲོང་རྡལ་དུ་འབྱོར་ཡོད། མིག་སྔར་སྲུང་སྐར་འཁྱེར་བདེའི་ས་ཚིགས་དང་། མི་མེད་གནམ་གྲུ། རྩ་གསུམ་སྐུལ་འོད་བཤར་འབེབས་ཡོ་ཆས་སོགས་མྱུལ་ཞིབ་ཚད་ལེན་སྒྲིག་ཆས་སྤྱད་དེ་འཁྱིལ་མཚོའི་སྟོད་རྒྱུད་ཀྱི་མཁའ་ཐོག་ནས་པར་ལེན་བྱས་པ་དང་རྩ་གསུམ་དཔེ་དབྱིབས་བཟོས་ཏེ། འགག་རྩའི་གྲངས་གཞིར་ཞིབ་བཤེར་ཞིབ་ཚགས་བྱས་ནས། འཁྱིལ་མཚོའི་ཉེན་ཁ་སེལ་བའི་རྗེས་མཐུད་ཀྱི་ལས་ཀར་ཚན་རིག་དང་མཐུན་པའི་གྲངས་གཞིའི་འདེགས་སྐྱོར་བྱེད་བཞིན་ཡོད་པ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།