མཚོ་སྔོན་གྱིས་ཐཱན་མེད་བཟོ་གྲྭ་སྐྱེད་སྲིང་གི་ལག་བསྟར་ཇུས་གཞི་བཏོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གྱིས་ཐཱན་མེད་བཟོ་གྲྭ་སྐྱེད་སྲིང་ལག་བསྟར་ཇུས་གཞི་བཏོན་ཏེ་དུས་རིམ་གསུམ་གྱི་ནང་དུ་བཟོ་ལས་ཕྱོགས་ཡོངས་ནས་ཐཱན་མེད་དུ་བསྒྱུར་རྒྱུ་རེད།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་ནུས་རྒྱུ་ཅུས་བཅས་དང་མཉམ་འབྲེལ་ཐོག་ཉེ་ཆར《མཚོ་སྔོན་ཞིང་ཆེན་གྱི་ཐཱན་མེད་བཟོ་གྲྭ་སྐྱེད་སྲིང་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་ཤིང་། ལས་རིགས་དང་དུས་མཚམས་དབྱེ་སྟེ། ཐཱན་མེད་བཟོ་གྲྭ་སྐྱེད་སྲིང་ལ་སྐུལ་འདེད་བཏང་ནས2030ལོར་སླེབས་སྐབས་ཐཱན་མེད་བཟོ་གྲྭའི་འཛུགས་སྐྲུན་མ་ལག་ཕྱོགས་ཡོངས་ནས་འཐུས་སྒོ་ཇེ་ཚང་དང་། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་མེད་ཕྱོགས་བསྒྱུར་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བརྩོན་ལེན་བྱ་རྒྱུ་རེད།

ཇུས་གཞིའི་བཀོད་སྒྲིག་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ཐཱན་མེད་ཕྱོགས་སྒྱུར་ལས་དོན་དེ་དུས་རིམ་གསུམ་ལ་དབྱེ་ནས་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་རེད། 2026ལོ་ནས་བཟུང་ལིས་གློག་རྫས་དང་། འོད་ཤུགས གློག་རྡུལ་གློག་ཆས། ཡང་བའི་བཟོ་ལས།  འཕྲུལ་ཆས།  རྩིས་ཤུགས་སྒྲིག་བཀོད་སོགས་ལས་རིགས་ཀྱི་ཁྱབ་ཁོངས་གཙོ་བོར་དམིགས་ཡོད། 2008ལོ་ནས་བཟུང་ཐཱན་མེད་བཟོ་གྲྭ་སྐྱེད་སྲིང་དང་འཛུགས་སྐྲུན་བྱ་བ་དེ་ངར་ལྕགས་དང་། མདོག་ལྡན་ལྕགས་རིགས།  རྡོ་སྣུམ་རྫས་འགྱུར་བཟོ་ལས།  ཨར་ལས་རྒྱུ་ཆ།  འཁེལ་འཐག་སོགས་ལས་རིགས་ཀྱི་ཁྱབ་ཁོངས་སུ་རིམ་བཞིན་རྒྱ་སྐྱེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ལས་རིགས་ཚང་མར་ཐཱན་མེད་བཟོ་གྲྭ་འཛུགས་སྐྲུན་བྱེད་སྟངས་ཁྱབ་གདལ་བཏང་བ་རེད། 2030ལོར་སླེབས་སྐབས་ཐཱན་མེད་བཟོ་གྲྭའི་འཛུགས་སྐྲུན་མ་ལག་ཕྱོགས་ཡོངས་ནས་འཐུས་སྒོ་ཇེ་ཚང་དང་།  སྐྱེད་སྲིང་ཚད་གཞི་དང་། ལག་རྩལ་འདེགས་སྐྱོར།  དོ་དམ་བྱེད་སྟངས།  ཚོང་ལས་བྱེད་སྟངས་བཅས་ཕྱོགས་ཡོངས་ནས་འཐུས་སྒོ་ཇེ་ཚང་བཅས་སུབཏང་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་མེད་ཕྱོགས་སྒྱུར་ལ་ཕན་འབྲས་མངོན་གསལ་འཐོབ་ཏུ་འཇུག་རྒྱུ་རེད།  

ཚན་རིག་དང་མཐུན་པའི་སྒོ་ནས་ཐཱན་རྩིས་རྒྱག་པ་དང་། འབྱུང་རྩ་ནས་ཐཱན་ཇེ་ཉུང་དུ་གཏོང་བ། བརྒྱུད་རིམ་ནང་ཐཱན་ཇེ་ཉུང་དུ་གཏོངབ།  རིག་ནུས་ལ་བརྟེན་ནས་ཐཱན་ཚོད་འཛིན་ཀྱི་བརྒྱུད་རིམ་ཧྲིལ་པོར་དམིགས་ཏེ། ཇུས་གཞིའི་ནང་འཛུགས་སྐྲུན་ལས་འགན་གཙོ་བོ་ཆེན་པོ་བདུན་བཀོད་སྒྲིག་བྱས་ཡོད། ཐཱན་འབུད་གཏོང་ཞིབ་རྩིས་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ནུས་ཁུངས་ཚད་འཇལ་ཡོ་བྱད་འདང་ངེས་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆེད་གཉེར་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་དོ་དམ་སྒྲིག་གཞི་བཙུགས་ཏེ། ཐཱན་འབུད་གཏོང་གི་གཞི་གྲངས་བདེན་པ་བདེན་ཐུབ་དང་ཁུངས་འདེད་ཐུབ་པར་འགན་སྲུང་བྱེད་དགོས། ས་གནས་དེའི་ནུས་རྒྱུ་གཙང་མའི་ལེགས་ཆར་བརྟེན་ནས་ཡུལ་བབ་དང་བསྟུན་ནས་ཁྱབ་ཚུལ་རྣམ་པའི་འོད་ཤུགས་དང་སྐྱེ་དངོས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་རྣམ་གྲངས་འཛུགས་སྐྲུན་བྱེད་པ་དང་། མཐོ་སྒང་གི་བཟོ་ལས་ཀྱི་ལྗང་མདོག་གློག་དྲ་ཆུང་གྲས་གཏོད་པ། གནོད་མེད་ཆིང་དང་གནོད་མེདགློག་མཉམ་དུ་ནུས་པ་མཁོ་འདོན་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། ཐོན་སྐྱེད་བཟོ་རྩལ་སྒྲིག་ཆས་རྒྱུན་མཐུད་ངང་ལེགས་སྒྱུར་དང་། ནུས་སྲི་ཐཱན་འཕྲི་བསྒྱུར་བཀོད།  ཕན་ཆུང་རྗེས་ལུས་ཀྱི་སྒྲིག་ཆས་འདོར་བ།  ཐཱན་ཉུང་དང་བསྐྱར་སྐྱེས་རྒྱུ་ཆའི་ཚབ་བྱེད་ལག་རྩལ་བེད་སྤྱོད་བྱས་ནས། བཟོ་ལས་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་བྱེད་ཚད་ཇེ་མཐོར་གཏོང་དགོས།

ཁེ་ལས་ཀྱིས་ཐཱན་བསྡུ་རུབ་དང་། བེད་སྤྱོད་དང་བཀག་ཉརགྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བཅས་ལབསྔགས་སྐུལ་བྱས་ཏེ། ནུས་ཁུངས་གྲོན་ཆུང་དང་ཐཱནཇེ་ཉུང་དུ་གཏོང་བ། ཐོན་ཁུངས་འཁོར་རྒྱུག་མཐུན་སྦྱོར་ངང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ཐོན་རྫས་ཀྱི་ཐཱན་གྱི་རྗེས་ཤུལ་ལ་དབྱེ་ཞིབ་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་ཐཱན་འབུད་པའི་ལྷུ་ཚིགས་དབྱེ་འབྱེད་བྱས་ཏེ་ཐོན་རྫས་ཇུས་འགོད་དང་ཐོན་སྐྱེད་བཟོ་རྩལ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། ཐཱན་མེད་པའི་མཁོ་སྤྲོད་སྦྲེལ་ཐག་གི་དོ་དམ་ཁྱབ་གདལ་བཏང་ནས་ཐོན་ལས་སྦྲེལ་ཐག་གི་གོང་འོག་མཉམ་དུ་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ལས་དོན་སྤེལ་རྒྱུར་སྐུལ་ཁྲིད་བྱས་ཏེ་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ཐཱན་ཉུང་གཏོང་ལ་སྐུལ་འདེད་གཏོང་དགོས། གཞི་གྲངས་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གཞི་གྲངས་ཅན་དང་ཐཱན་གྱི་དོ་དམ་ལས་སྟེགས་སྐྲུན་པ བཟོ་གྲྭ་ཡོངས་ཀྱི་ཐཱན་གྱི་གཞི་གྲངས་ཀྱི“པར་རིས་གཅིག”བསྐྲུན་པ། མི་ཐབས་རིག་ནུས་དང་ལ། གཞི་གྲངས་ཆེ་མོ་སོགས་རབས་གསར་པའི་ཆ་འཕྲིན་ལག་རྩལ་སྤྱོད་པ། མ་ལག་གི་གཞི་གྲངས་ཀྱི་མཁར་རྫོང་ཤར་གཏོང་ཐུབ་པ་བཅས་བྱས་ནས“ལས་སྒོ་དང་ནོར་དོན། ནུས་ཁུངས། ཐཱན”བཅས་ཀྱི་གཞི་གྲངས་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བྱེད་དགོས།

ཇུས་གཞིའི་ནང་ཐཱན་མེད་པ་བཟོ་བའི་དོ་དམ་ཚད་ལྡན་དུ་གཏོང་བ་དང་། “ཉུང་འཕྲི་བྱེད་དགོས་རིགས་ཚང་མ་ཉུང་དུ་གཏོང་བ་དང་རྒྱུན་མཐུད་ངང་མཐོ་རུ་གཏོང་བའི”རྩ་དོན་མཐའ་འཁྱོངས་བྱེད་པ་དང་།  ཁེ་ལས་ལ་བཟོ་གྲྭ་ནས་འབུད་གཏོང་གཏན་ནས་བྱེད་མི་རུང་བཁྲིད་སྟོན་བྱས་ཏེ།  རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་གི་དབང་ཆ་གཤམས་སྤྲོད་དང་་བགོ་བྱའི་བཅད་འབོར་སྔོནསྤྱོད་དང་།  རྒྱལ་ཁབ་ཀྱི་དཔང་ཡིག་རང་མོས་ངང་འབུད་གཏོང་བྱེད་ཚད་ཉུང་དུ་གཏོང་བ་སོགས་སྤུས་ཚད་མཐོ་བའི་ཐཱན་གྱི་ཡིད་རྟོན་སྤྱད་དེ་ཁ་འཐབ་གཏོང་བ་དང་།  ཐོ་སུབ་དཔང་འཛིན་ཆ་ཚང་ཉར་ཚགས་བཅས་བྱས་ནས“ཐཱན་མེད་རྫུས་མའི”ཉེན་ཁ་གཏན་འགོག་བྱེད་དགོས།  རྒྱུན་རྣམ་ཅན་གྱི་ཆ་འཕྲིན་ཡོངས་བསྒྲགས་ལམ་སྲོལ་བཙུགས་ནས་ཁེ་ལས་ཀྱིས་རང་འགུལ་ངང་ཐཱན་མེད་འཛུགས་སྐྲུན་ཇུས་གཞི་དང་ལོ་འཁོར་གྱི་རང་དཔྱད་སྙན་ཞུ་སོགས་ཀྱི་ནང་དོན་ཡོངས་བསྒྲགས་བྱས་ཏེ་སྤྱི་དམངས་དང་ལས་རིགས་མཐུན་ཚོགས་དང་དེ་བཞིན་ཕྱོགས་གསུམ་པའི་ལྟ་སྐུལ་དང་ལེན་བྱས་ནས་འཛུགས་སྐྲུན་བརྒྱུད་རིམ་ཁ་གསལ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།