ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ།

ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་པའི་འགག་རྩའི་དུས་སྐབས་འདིར། ཚན་རྩལ་གསར་གཏོད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་དང་འགན་སྒྲུབ་བསམ་པ་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དེ་སྔར་བས་གལ་འགངས་ཆེ་བའི་གནས་བབ་ཐོག་འཇོག་པ། སྒོ་ཁར་སླེབས་པའི་སྤོ་ལོདེ་ཡག་པོ་རྒྱག་པ་བཅས་བྱས་ནས། གསར་གཏོད་ཀྱིས་གོང་འཕེལ་གྱི་སྒུལ་ཤུགས་བྱེད་པའི་འཐབ་ཇུས་ལག་བསྟར་དང་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་སུ་གཏོང་བའི་ཁྲོད་ཚན་རྩལ་གསར་གཏོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་པ་བྱེད་དགོས་པའི་ནན་སྟོན་གནང་ཡོད།

ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ལོར། ས་གནས་ཁག་གིས་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་རྙིང་པ་གསར་སྒྱུར་བྱེད་པའི་འབྲེལ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ཀྱིསྒུལ་ཤུགས་གཉིས་པོརྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ལ་སྐྱེ་སྟོབས་གསར་པ་དང་གསོན་ཤུགས་གསར་པ་འཕེལ་བར་བྱེད་པ་དང་། གསར་དར་ཐོན་ལས་ཀྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་འདོན་སྤེལ་ཐུབ་པ་བྱེད་པ། འབྱུང་འགྱུར་ཐོན་ལས་ལ་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ་བཅས་ཀྱི་ཐོག་ནས། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཆེའི་སྒུལ་ཤུགས་དེ་བས་ལེགས་པའི་སྒོ་ནས་གཅིག་སྡུད་ཐུབ་པ་བྱེད་བཞིན་ཡོད།

ཧེ་ལུང་ཅང་ཏ་ཆིང་སྣུམ་ཞིང་གི་སྣུམ་འདོན་བཟོ་གྲྭ་གསུམ་པའི་ལས་སྒྲུབ་ཁུལ་བརྒྱད་པར་མི་མེད་གནམ་གྲུ་དང་ལེ་ཏ་སོགས་སྒྲིག་ཆས་ལས་གྲུབ་པའི་གནམ་ས་གཞི་གཅིག་གི་སྐོར་ཞིབ་དྲ་རྒྱས་སྤྱི་ལེ་ངོས་གྲུ9ཡོད་པའི་ལས་སྒྲུབ་ཁུལ་དུ་ཆུ་ཚོད24རིང་རང་འགུལ་ངང་ལྟ་སྐུལ་ཚོད་འཛིན་བྱེད་ཐུབ་ཀྱི་ཡོད། རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་ལ་འགན་འཁུར་མཁན་ཧུའུ་ཀྲེན་ཤིང་གིསགྲངས་རིག་ཅན་གྱི་བརྗེ་སྒྱུརགྱིས་ཁོང་གི་ལས་ཀར་འགྱུར་ལྡོག་བྱུང་བ་མྱོང་ཚོར་ཐུབ་ཡོད།

ཧུའུ་ཀྲེན་ཤིང་གིས། དེ་སྔ་ཉིན་གཅིག་ནང་ངས་ཁྲོན་པར་སྐོར་ཞིབ་བྱེད་པར་སྤྱི་ལེ་བཅུ་ཕྲག་ཁ་ཤས་བསྐྱོད་དགོས་ཀྱི་ཡོད། ལས་སྒྲུབ་ཁུལ་དུ་གྲངས་འཛིན་ཅན་གྱི་སྒྱུར་བཅོས་བྱས་རྗེས། ང་རང་མི་མེད་གནམ་གྲུ་བཀོལ་སྤྱོད་ཚོད་འཛིན་བྱེད་མཁན་ཞིག་ལ་གྱུར་ནས། ལྟེ་བའི་ཚོད་འཛིན་ཁང་དུ་བསྡད་དེ་མི་མེད་གནམ་གྲུའི་ཁ་ལོ་སྒྱུར་ན་འགྲིག་གི་ཡོད། ཁྲོན་པ་གང་རུང་ཞིག་ལ་རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་པ་བལྟས་པ་ཙམ་གྱིས་གསལ་པོར་ཤེས་རྟོགས་ཐུབ་ཀྱི་འདུག་ཅེས་བརྗོད་ཡོད།

གྲངས་རིག་ཅན་གྱི་བརྗེ་སྒྱུརགྱིས་བཟོ་པའི་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་བ་མ་ཟད། སྣུམ་ཞིང་ཐོན་སྐྱེད་ཀྱི་ནུས་པ་དང་ཕན་འབྲས་ཀྱང་ཆེ་རུ་ཕྱིན་ཡོད། མིག་སྔར། ཏ་ཆིང་སྣུམ་ཞིང་དུ་གྲངས་འཛིན་ཅན་ཁྱབ་ཚད97.2%ཟིན་པ་དང་། ཐོན་སྐྱེད་ལན་འདེབས་དུས་ཚོད་དེ་ཆ་སྙོམས་ཆུ་ཚོད8ནས་སྐར་མ15ནང་ཚུན་བར་ཐུང་དུ་ཕྱིན་ཡོད། ཏ་ཆིང་སྣུམ་ཞིང་གི་སྣུམ་འདོན་བཟོ་གྲྭ་གསུམ་པའི་ལས་སྒྲུབ་ཁུལ་བརྒྱད་པའི་སྤྱི་གཉེར་གཞོན་པ་དབྱང་ཧྭ་ཀོང་གིས། ང་ཚོས་ས་ངོས་དང་ས་འོག་གཞི་གཅིག་ཅན་གྱི་རིག་ནུས་སྣུམ་འདོན་ལས་སྒྲུབ་ཁུལ་བསྐྲུན་ནས། ཆུ་བླུགས་པ་དང་སྣུམ་འདོན་པ། གཅིག་སྡུད་སྐྱེལ་འདྲེན། རང་བརྟེན་དབྱེ་ཞིབ་སྙོམས་སྒྲིག རང་བརྟེན་འཁོར་སྐྱོད་བཅས་ཡོང་བ་བྱས་ཏེ། ངལ་རྩོལ་གྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།

གསར་གཏོད་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། གསར་གཏོད་དོན་གཉེར་བྱེད་པ་ནི་འབྱུང་འགྱུར་དོན་གཉེར་བྱེད་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། གལ་སྲིད་ཀྲུང་གོ་འདི་ཉིད་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་མ་བསྐྱོད་ཚེ། སྒུལ་ནུས་གསར་རྙིང་བདེ་བླག་ངང་བརྗེ་སྒྱུར་བྱེད་མི་ཐུབ་པ་དང་། དངོས་སུ་སྟོབས་དང་ལྡན་པར་འགྱུར་མི་ཐུབ་ཅེས་གསུངས་ཡོད།

ལོ་འདི་ཤར་ཚུན། རང་རྒྱལ་གྱི་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་བྱུང་བ་དང་། སྒུལ་ནུས་གསར་པ་མགྱོགས་མྱུར་ངང་འཚར་ལོངས་དང་རྒྱ་སྐྱེད་བྱུང་ནས། བཟོ་ལས་དཔལ་འབྱོར་མགྱོགས་མྱུར་ངང་གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའི་སྤྱི་ཁྱབ་བཟོ་སྐྲུན་དབུ་ཆེན་ཝང་ཝུའེ་མིང་གིས། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་སྦྲེལ་ཐག་གི་སྤུས་མཐོའི་གོང་འཕེལ་བྱ་སྤྱོད་དང་གལ་ཆེའི་ལག་རྩལ་སྒྱུར་བཀོད་རིམ་སྤོར་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་གྱི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྒུལ་ནུས་གསར་རྙིང་བརྟན་པོའི་ངང་བརྗེ་སྒྱུར་འབྲེལ་མཐུད་ཐུབ་མགྱོགས་སུ་བཏང་ནས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ལྡེམ་ཤུགས་དང་བདེ་འཇགས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བཞིན་ཡོད། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་དང་། བཟོ་ལས་ཀྱི་གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་ནས་སྒུལ་ནུས་གསར་པ་གཏོད་པའི་བྱ་སྤྱོད་སྤེལ་བཞིན་ཡོད་ཅེས་བརྗོད་ཡོད།

མི་ཐབས་རིག་ནུས་ནི་འཛམ་གླིང་དཔལ་འབྱོར་འཕར་སྣོན་འགྲོ་བའི་སྒུལ་ཤུགས་གསར་པ་དང་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་པའི་མགྱོགས་གཏོང་འཕྲུལ་ཆས་ལྟ་བུ་ཞིག་ཡིན། མི་འཕྲུལ་མཉམ་གནས་དང་ཐོན་མཁོ་མཉམ་འདྲེསབརྗོད་དོན་གཙོ་བོར་བྱས་པའི2026ལོའི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་ཉེ་ཆར་པེ་ཅིང་དབྱི་ཀྲོང་དུ་འཚོགས་པ་དང་། ཀྲུང་དབྱང་ཁེ་ལས48ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ནང་ཐེངས་དང་པོར་ཞུགས་ཤིང་། གཞི་རྒྱུ་ནས་འཕྲུལ་ཆས་ཧྲིལ་པོའི་བརགྱི་སྦྲེལ་ཐག་ཧྲིལ་པོའི་བཀོད་སྒྲིག་ནུས་པ་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། ཁེ་ལས་ཤིག་གི་འགྲེམས་སྟེགས་སུ། གཟུགས་པོའི་རིང་ཚད་ལ་སྨི་བཞི་ཡོད་པའིགཤེར་གློག་བསྲེས་འདེད་མི་དབྱིབས་འཕྲུལ་མིདེར་ལྗིད་འདེགས་དང་བཀོལ་སྤྱོད་ཞིབ་ཚགས་ཟུང་འབྲེལ་ཐུབ་ཡོད་པ་མ་ཟད། ཉིང་རྡུལ་འགྱེད་འཕྲོ་བཟོད་ཐུབ་པ་དང་སྨི་ཁྲི་ཡི་མཚོ་གཏིང་གི་མཐོ་གནོན་བཟོད་ཐུབ་པ་སོགས་ཀྱི་ནུས་པ་ལྡན་ཡོད། ཁེ་ལས་དེའི་སྤྱི་ཁྱབ་སྤྱི་གཉེར་དབྱང་ཐའོ་ཡིས། ང་ཚོས་འཕྲུལ་མི་དེ་དག་འཇོན་ནུས་ཁྱད་དུ་འཕགས་པའི་མི་ལྟ་བུར་གྱུར་ནས་གནམ་ལ་འཕུར་བ་དང་ས་ལ་འཛུལ་བ། རྒྱ་མཚོར་བཞུར་བ་བཅས་བྱེད་ཐུབ་སྟེ། མིའི་རིགས་ཀྱི་ཚད་ལས་བརྒལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

ད་ལོའི་ཟླ6པའི་ཟླ་མཇུག་བར། རང་རྒྱལ་གྱི་མི་ཐབས་རིག་ནུས་དང་། དྲ་སྦྲེལ། སྤྲིན་རྩིས། གྲངས་གཞི་ཆེན་མོ་སོགས་ཐོན་གསར་པའི་ཆ་འཕྲིན་ལག་རྩལ་ཁྱབ་ཁོངས་ཀྱི་ནུས་ལྡན་གསར་གཏོད་ཆེད་ཁེས་སྤྱི་འབོར་གྱི16.5%བཟུང་བ་དང་། མདུན་གྲལ་འགྲན་ལམ་གྱི་ཆེད་ཁེ་མགྱོགས་མྱུར་གསོག་འཇོག་ཐུབ་པ་དེས་དཔལ་འབྱོར་གྱི་འཕར་གཞི་གསར་པ་གཏོད་རྒྱུར་མཐུན་རྐྱེན་སྦྱོར་ཡོད། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་འཐབ་ཇུས་འཆར་འགོད་སིའི་སི་ཀྲང་ལེའང་ཤིན་ཤིན་གྱིས། “གསར་གསོ་”ཞེས་པ་ནི་གསར་གཏོད་ཀྱི་སྒུལ་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུ་དེ་རེད། མིག་སྔར། རང་རྒྱལ་གྱི་རིན་ཐང་མཐོ་བའི་གསར་གཏོད་ཆེད་ཁེའི་ཁྲོད་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་ཆེད་ཁེས་བཟུང་བའི་བསྡུར་ཚད་བཅུ་ཆ་བདུན་ལས་བརྒལ་ཡོད། སྔོན་དཔག་བྱས་ན་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་བསྡུར་ཚད་དེ་སྔར་བས་མཐོ་རུ་འགྲོ་རྒྱུ་དང་། གསར་དར་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཤོང་ཚད་ཆེ་རུ་གཏོང་བ་དང་འབྱུང་འགྱུར་ཐོན་ལས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྔར་བས་ནུས་ལྡན་གྱི་གསར་གཏོད་འདེགས་སྐྱོར་ཐུབ་རྒྱུ་རེད་ཅེས་བརྗོད་ཡོད།

ལོ་འདི་ཤར་ཚུན། མ་གཞི་ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་། རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་ལ་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་མོད། འོན་ཀྱང་རང་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ཁ་ཕྱོགས་གཡོ་འགུལ་མེད་པར་མཐའ་འཁྱོངས་བྱས་ཏེ། གསར་གཏོད་ཀྱི་སྒུལ་ཤུགས་ལ་བརྟེན་ནས་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་བཏོད་པས། དཔལ་འབྱོར་ལས་སྒུལ་ནུས་གསར་པ་མངོན་པ་དང་གྲུབ་ཚུལ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་སྤྱི་ཁྱབ་དཔལ་འབྱོར་ཆེད་ལས་ཅན་ཧྥུ་ལིང་ཧུའེ་ཡིས། དུས་མཚམས་རྗེས་མར། ཆ་ཚང་ཞིང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། གོང་འཕེལ་གྱི་གནས་སྟངས་གསར་པ་མགྱོགས་མྱུར་གཏོད་པ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་ཤུགས་ཆེ་རུ་གཏོང་བ་དང་མཁོ་སྤྲོད་ལེགས་སུ་གཏོང་བ་བཅས་བྱས་ནས། དམངས་འཚོར་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་རྒྱུ་དང་། གོང་འཕེལ་གྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱ་རྒྱུ་ཡིན་ཞིང་། དཔལ་འབྱོར་རྒྱུན་མཐུད་ངང་གསར་པ་དང་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།