ཟླ8པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་སྐབས་གཉིས་པའི“བྱ་ཁྱུང་གངས་རི་རྟགས་མའི”རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རེབ་གོང“དྲུག་པའི་ཀླུ་རོལ”འཁྲབ་སྟོན་བྱེད་སྒོ་དང་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་ཞིང་ཕྱུགས་ཐོན་རྫས་བརྗེ་རེས་ཚོགས་འདུ་མདོ་བ་གྲོང་རྡལ་ཏཱ་ནི་སྨད་རྩྭ་ཐང་དུ་གཟབ་རྒྱས་ངང་འགོ་བརྩམས།
བྱེད་སྒོའི་ཡུལ་དངོས་སུ། ལོ་ངོ་སྟོང་གི་རེབ་གོང་རིག་གནས་དང་རྨ་ཆུའི་སྐྱེ་ཁམས་མཛེས་ལྗོངས་མཉམ་འདྲེས་འགྲེམ་སྟོན་བྱས། ཐེངས་འདིའི་ཚོགས་ཆེན་གྱིས་རིག་གནས་ཀྱིས་ཡུལ་སྐོར་ལ་སྐུལ་འདེད་དང་ཡུལ་སྐོར་གྱིས་ཞིང་ལས་དར་རྒྱས་གཏོང་བ། ཞིང་ལས་ཀྱིས་མི་དམངས་ཕྱུག་འགྱུར་ལ་སྐུལ་བ་རྒྱུན་འཁྱོངས་བྱས་ཏེ། རེབ་གོང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་། ས་གནས་ཀྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཁྲོམ་རར་སྐུལ་སློང་བྱེད་པ་དང་དུས་མཉམ་དུ། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་འདབས་འབྲེལ་ས་ཁུལ་གྱི་བརྗེ་རེས་མཉམ་ལས་སྤྱི་སྟེགས་བསྐྲུན།
རྒྱུན་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི“དྭངས་གཙང་གི་རྨ་ཆུ”ཞེས་པའི་ཡུལ་སྐོར་རྒྱུད་ལམ་གྱི་རེབ་གོང་རིག་གནས་ལམ་རྒྱུད་དང་། “འཛམ་གླིང་ཐང་ཀའི་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་ཡུལ་སྐོར་ཆེས་རྒྱས་དུས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན། ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་བྱེད་པར་བརྟེན་ནས། ས་ཁུལ་གྱི་ཐོན་ཁུངས་མཉམ་སྤྱོད་དང་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་བཏང་ཡོད། ཐེངས་འདིའི་བྱེད་སྒོ་ནི་ཐུན་རིན་གྲོང་ཁྱེར་གྱིས་མཐོ་སྒང་གི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་དང་། ཞིང་ལས་དང་རིག་གནས་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པའི་ལག་ལེན་དངོས་ཤིག་ཀྱང་ཡིན་པས། རྩྭ་ཐང་གི་ཁྱད་ལྡན་ཐོན་ལས་དེ་རིག་གནས་ཡུལ་སྐོར་དང་མཉམ་དུ་གསོན་ཤུགས་གསར་བ་རྒྱས་སུ་བཅུག་ཡོད།
ཐུན་རིན་གྲོང་ཁྱེར་གྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གལ་ཆེན་གསོ་སྐྱོང་ཁུལ་གྱི་ངེས་གནས་ལ་གཞི་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི“དྭངས་གཙང་གི་རྨ་ཆུ”ཞེས་པའི་ཡུལ་སྐོར་ལམ་རྒྱུད་འཛུགས་སྐྲུན་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། རེབ་གོང་རིག་གནས་ལམ་རྒྱུན་འཛུགས་སྐྲུན་ཟབ་སྤེལ་བྱེད་པ། རྒྱུན་མཐུད་ངང“འཛམ་གླིང་ཐང་ཀའི་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་རིག་གནས་མིང་བྱང་གཙང་མ་བཟོ་བ་བཅས་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱིས་རིག་གནས་ཡུལ་སྐོར་ལ་གསོན་ཤུགས་བསྩོལ་བ་དང་། རིག་གནས་ཡུལ་སྐོར་གྱིས་ཐོན་ལས་ལ་སྣེ་ཁྲིད་བྱེད་པ། ཐོན་ལས་ཀྱིས་མི་དམངས་ཕྱུག་འགྱུར་ལ་གཞོགས་འདེགས་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས།