ཟླ8པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་བཟོ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གིས“ཀྲུང་གོའི་ཕུགས་འདུན·རྩོལ་གྱིས་མཛེས་པ”ཞེས་པའི་ཞིང་ཆེན་ཐད་གཏོགས་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་དཔེ་ཀློག་མཉམ་སྤྱོད་བྱེད་སྒོ་ཟི་ལིང་དུ་སྤེལ། བྱེད་སྒོའི་ཡུལ་དངོས་ནས། ཚོགས་ཞུགས་འགོ་ཁྲིད་ཀྱིས་དྲིལ་བསྒྲགས་དང་མཉམ་སྤྱོད་བྱེད་མཁན་གྱི་མི་སྣར་སློབ་སྦྱོང་དཔེ་དེབ་བྱིན་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་ནས་ཐོན་པའི་ལས་བྱེད་པ་དང་ལས་བཟོ་བ་བརྒྱ་ལྷག་བྱེད་སྒོར་ཞུགས།
ཐེངས་འདིའི་བྱེད་སྒོ་ནི“ཀྲུང་གོའི་ཕུགས་འདུན· ངལ་རྩོལ་གྱིས་མཛེས་པ”ཞེས་པ་དྲིལ་བསྒྲགས་སློབ་གསོའི་བརྗོད་དོན་གཅོ་བོར་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཀུང་ཁྲན་ཏང་བཙུགས་ནས་ལོ105འཁོར་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ངལ་རྩོལ་དཔེ་ལེགས་མི་སྣའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་བའི་སྙིང་སྟོབས་དར་སྤེལ་བྱས་ནས། མིག་དཔེ་འཛུགས་པ་དང་དཔེ་སྟོན་བྱེད་པ། སྣེ་ཁྲིད་པ་བཅས་ཀྱི་བྱེད་ནུས་འདོན་སྤེལ་བྱས། 2026ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་བྱ་དགའ་ཐོབ་མཁན་དང་མཚོ་སྔོན་མཐོ་སྒང་གི“བཟོ་བ་གདོང་ལེན་པའི་མཚན་སྙན”གྱི་ཐུན་མོང་འཐུས་ཚབ་པའི་བྱ་དགའ་དང་། མཚོ་སྔོན་ཞིང་ཆེན་ལྔ་གཅིག་ངལ་རྩོལ་སྔོན་ཐོན་མི་སྒེར་བྱ་དགའ་ཐོན་མཁན་གྱི་མི་གསུམ་བཅས་རིམ་བཞིན་གར་སྟེགས་སུ་སོང་སྟེ། ལས་གནས་དང་ཟུང་འབྲེལ་གྱིས་འབད་བརྩོན་ལྷུར་ལེན་བྱས་པའི་གཏམ་རྒྱུད་བརྗོད་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བཟོ་བར་སེམས་ཤུགས་གཅིག་སྒྲིལ་གྱིས་ཕུགས་འདུན་མངོན་འགྱུར་དང་། ལག་ལེན་དངོས་ལ་བརྟེན་ནས་བྱས་རྗེས་འཇོག་པའི་ཐུན་མོང་གི་འདུ་ཤེས་གཅིག་བསྡུ་བྱེད་པར་ཁྲིད་སྟོན་བྱས།
བྱེད་སྒོའི་སྟེང་ད་དུང་དཔེ་ཀློག་མཉམ་སྤྱོད་ཀྱི་ལས་རིམ་བཀོད་སྒྲིག་བྱས་ཡོད་ལ། ཕུལ་བྱུང་ལས་བཟོ་བའི་འཐུས་ཚབ་པ་གསུམ་གྱིས《ཞི་ཅིན་ཕིང་དང་ཡུལ་དངོས་དང་པའི་ལས་བཟོ་བ་གྲོགས་པོ་རྣམས》ཞེས་པ་གཞིར་བཟུང་ནས་ཞིབ་འཇུག་ཀློག་འདོན་གྱི་སེམས་ཚོར་བརྗེ་རེས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་འགྲེམ་སྟོན་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པའི་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་དང་ཞབས་ཞུའི་དམིགས་འབེན་ལག་ལེན་བྱས་ཏེ། དངོས་སྒྲུབ་འགན་ལེན་གྱིས་ལས་དོན་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།
ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་རྒྱུན་མཐུད་ངང་དམངས་ཡོངས་དཔེ་ཀློག་དེ་ལས་ཁུངས་སུ་བསྐྱོད་པར་སྐུལ་འདེད་གཏོང་བ་དང་། ལས་ཁུངས་རིག་གནས་ཀྱི་འཛུགས་སྐྲུན་དང་མཉམ་འདྲེས་བྱེད་པ། ལས་བཟོ་བའི་དཔེ་ཁང་གི་གཡུལ་ས་འཐུས་ཚང་དུ་གཏོང་བ། “དཔེ་དེབ་ལེགས་ཤོས་གཅིག་ལེགས་སྐྱེས་སུ་སྟེར་བ”ཞེས་པའི་བྱེད་སྒོ་སྤེལ་བ། ལས་བཟོ་བའི་རྒྱུན་རྣམ་ཅན་གྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བ། དཔེ་ཀློག་ལས་ཁུངས་འཛུགས་སྐྲུན་ལ་གཞོགས་འདེགས་བྱེད་པ་བཅས་བྱས་ཏེ། དཔེ་ཀློག་ལ་དགའ་བ་དང་དཔེ་དེབ་ལེགས་ཤོས་ཀློག་པ། དཔེ་དེབ་ཀློག་ཤེས་པ་བཅས་ཀྱི་རྣམ་བཟང་བོ་བསྐྲུན་ཡོད།