རང་ཞིང་གིས2026ལོའི་སྤྱི་ཁྱབ་ནགས(རྩྭ)དཔོན་གྱི་བཀའ་ཡིག་གསུམ་པ་བསྒྲགས་ཏེ། འདབ་ཆགས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་འགོག་ཟོན་ལ་ཤུགས་སྣོན་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་ལམ་རང་ཞིང་གིས་རང་ཞིང་གིས2026ལོའི་སྤྱི་ཁྱབ་ནགས(རྩྭ)དཔོན་གྱི་བཀའ་ཡིག་གསུམ་པ་བསྒྲགས་ཏེ། འདབ་ཆགས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་འགོག་སྡོམ། ཁྲིམས་ལུགས་དྲིལ་སྒྲོག་གི་སློབ་གསོ་བཅས་གནད་ཆེན་པོ་གསུམ་ལ་དམིགས་ཏེ། རིམ་ཁག་ནགས(རྩྭ)དཔོན་གྱི་འགན་ཁུར་ལ་སྔར་བས་ནན་བཅག་བྱས་ནས་བྱ་རིགས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་འགོག་ཟོན་དང་ཐག་གཅོད་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། ཁྲིམས་བཞིན་དུ་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

རིམ་ཁག་ནགས(རྩྭ)དཔོན་གྱིས་འདབ་ཆགས་སྲུང་སྐྱོབ་ཀྱི་ལས་ཀ་དེ་འགན་སྒྲུབ་ཀྱི་ནང་དོན་གལ་ཆེན་ཏུ་བརྩིས་ཏེ། ཁོངས་གཏོགས་སུ་ཡོད་པའི་འདབ་ཆགས་སྲུང་སྐྱོབ་ཀྱི་འོས་འགན་ལག་བསྟར་ནན་ཏན་བྱེད་པ་དང་། འདབ་ཆགས་ཀྱི་ཐོན་ཁུངས་དང་བསྟི་གནས་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་དགོས། གྲོང་ཁྱེར(ཁུལ)དང་རྫོང་རིམ་པ་གཉིས་ཀྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་མཉམ་ཞུགས་གྲོས་ཚོགས་ཀྱི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། ནགས་རྩྭ་དང་སྤྱི་བདེ། ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་ཕྱོགས་སོ་སོའི་ལས་འགན་ནན་བསྒྲུབ་དང་། གཞི་རིམ་ནགས(རྩྭ)དཔོན་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ནས་གོང་འོག་མཉམ་འགུལ་དང་མཉམ་འཛིན་མཉམ་སྐྱོང་གི་ལས་ཀའི་མཉམ་ཤུགས་ཆགས་སུ་འཇུག་དགོས། “སྤྱོད་གཙང་”དང“དྲ་ཕབ”“མཚོ་སྔོན་ཞིང་ཆེན་འདབ་ཆགས་འགུལ་སྐྱོད་ལ་སྲུང་སྐྱོབ་དང་ཁྲིམས་འགལ་ལྐོག་རྔོན་དང་ལྐོག་ཚོང་གི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ”ལ་སོགས་སྤེལ་ཏེ།  ཁྲིམས་འགུལ་ལྐོག་རྔོན་དང་། ཕྱིར་འཚོང་། ཉོ་སྒྲུབ། དབོར་འདྲེན། ཟས་སུ་སྤྱོད་པ་སོགས་འདབ་ཆགས་ལ་གནོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏང་དགོས། དེ་དང་ཆབས་ཅིག འདབ་ཆགས་གནས་ས་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། རྨ་འབྲི་རྫ་གསུམ་དང་། མཚོ་སྔོན་པོ། མདོ་ལ་རི་བོ། ཚྭ་འདམ་གཞོང་སོགས་བྱ་རིགས་གནས་ས་དང་སྐྱེས་འཕེལ། དགུན་གཡོལ་བྱེད་ས། གནས་སྤོ་བགྲོད་ལམ་བཅས་སུ“སྐྱེ་ཁམས་ལྟ་སྐྱོང་བའི་སྐོར་སྲུང+དྭངས་གསལ་བརྙན་གཟིགས་ཀྱི་ལྟ་སྐུལ་ཚོད་འཛིན”བྱེད་པའི་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། བྱ་རིགས་གནས་ས་དང་གནས་སྤོ་བགྲོད་ལམ་གྱི་སྐྱེ་ཁམས་སློབ་གསོ་ལ་སྐུལ་འདེད་ཧུར་ཐག་བྱས་ནས་རྒྱུན་ཚུལ་ཅན་གྱི་སྒོ་ནས་བྱ་རིགས་ཀྱི་འགུལ་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས།

རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་འགོག་ཟོན་ལས་ཀར་ཤུགས་བསྣན་ཏེ་ཆེད་དོན་འགོག་སྲུང་འཛུགས་སྐྲུན་ལས་གཞི་ལ་འཆར་འགོད་ཧུར་ཐག་བཟོ་དགོས། གནོད་འཚེ་མང་སར་རིག་ནུས་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་དང་དབྱེ་འབྱེད། སྔོན་བརྡའི་སྒྲིག་ཆས་བཅས་བཀོད་སྒྲིག་བྱས་ཏེ།  ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་ར་བསྐོར་ནས་ལོགས་བཀར་སྲུང་ཡོལ་ལ་སོགས་དངོས་ལུགས་ཀྱི་འགོག་སྲུང་སྒྲིག་ཆས་བཀོད་སྒྲིག་དང་། “ལག་རྩལ་གྱི་འགོག་སྲུང+དངོས་ལུགས་ཀྱི་འགོག་སྲུང+མིའི་འགོག་སྲུང”མཉམ་འབྲེལ་གྱི་ཕྱོགས་བསྡུས་འགོག་སྲུང་ལ་སྐུལ་འདེད་གཏང་དགོས།   འཕྲལ་བསྟུན་ཐག་གཅོད་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སྲོག་ཆགས་ཀྱི་གནོད་འཚེ་ལ་འགོག་ཟོན་དང་། རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་དང་བདེ་འཇགས་ཉེན་ཁ་ཇེ་ཉུང་དུ་གཏང་དགོས། 《མཚོ་སྔོན་ཞིང་ཆེན་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱིས་མི་རྨས་པའམ་བསད་པ་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པའི་ཉེན་འགོག་འགན་ལེན་གྱི་གུན་གསབ་ཇུས་གཞི》《མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་འགོག་ཟོན་བྱ་བའི་ཕྱོགས་སྟོན》གཉིས་སྒྲིག་འཛུགས་ཐོག་ལག་བསྟར་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།