《མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི》ཕྱིར་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས《མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི》པར་བསྐྲུན་འགྲེམ་སྤེལ་བྱས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད》ལས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ཞིབ་ཚགས་བྱེད་པ། 《མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞིའི》དམིགས་འབེན་ལས་འགན་ཁག་ཕྱོགས་ཡོངས་ནས་འགན་ལེན་བྱེད་པ་བཅས་ནི། ལོ་ལྔའི་འཆར་འགོད་བཅོ་ལྔའི་པའི་དུས་སྐབས་སུ་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་ཡིན།

《འཆར་འགོད》ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་འབྲས་ཀྱི་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱུ་གཙོར་འཛིན་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ནུས་ཚད་མུ་མཐུད་དུ་ཆེ་རུ་གཏོང་རྒྱུ་དམ་འཛིན་བྱེད་པ། དམངས་འཚོ་བདེ་སྐྱིད་རྒྱུན་ཆད་མེད་པར་མང་དུ་གཏོང་རྒྱུ་དམིགས་འབེན་དུ་བྱས་ཏེ། ལས་ཞུགས་བརྟན་གཏོང་དང་དམངས་འཚོ་འགན་སྲུང་། སྤྱི་ཡོངས་འཕེལ་རྒྱས་ལ་སྐུལ་བ་བཅས་དང་དམ་དུ་སྦྲེལ་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་ཞིང་ཆེན་ཡོངས་ཀྱི་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་གཙོ་བོ་དང་སྔོན་དཔག་རང་བཞིན་གྱི་དམིགས་ཚད་མ་ལག་ལྡན་པར་བཏོན་ཡོད།

《འཆར་འགོད》ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་མཁར་གྲོང་གི་ལས་ཞུགས་མི་འབོར་ཁྱོན་བསྡོམས་མི་འབུམ་གསུམ་གསར་དུ་ཁ་སྣོན་བྱེད་པ། རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ས་ཡ་ལྔ་སྤོ་སྒྱུར་གྱི་དམིགས་འབེན་གསལ་བོར་བཏོན་ཡོད་དེ། སྤུས་ཚད་མཐོ་བའི་ལས་ཞུགས་བཟང་པོར་སྐུལ་སྤེལ་དང་གཞི་རྒྱ་ཆེ་བའི་ལས་རིགས་རྩལ་ནུས་ཀྱི་སྦྱོང་བརྡར་སྤེལ་བ། སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་འཇོན་མིའི་དཔུང་ཁག་བསྐྲུན་པ། ཡོང་འབབ་བགོ་བཤའི་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ། སྤྱི་བའི་ཞབས་ཞུའི་སྤུས་ཚད་དང་ཕན་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་བཅས་ཕྱོགས་བརྒྱད་ནས་ལག་བསྟར་བྱེད་ཐབས་དང་ལས་འགན་གཙོ་བོ་རིགས34བཏོན་ཞིང་། ཆེད་དོན་ལེ་ཚན6བཀོད་སྒྲིག་བྱས་པར་མ་ཟད། ལས་ཞུགས་སྤུས་འདེགས་ཕན་སྐྱེད་དང་། རྩལ་ནུས་ཀྱི་མདུན་ལྗོངས་བསྐྲུན་པའི་གསོ་སྦྱོང་། སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་སྟེགས་བུ་ལེགས་སྒྱུར་བྱེད་པ། འཇོན་མིའི་གཞི་རྩ་ཇེ་བརྟན་དུ་གཏོང་བ། གྲངས་རིག་ཅན་གྱི་བྱེད་ནུས་མཐོར་འདེགས་གཏོང་བ་སོགས་འགུལ་སྐྱོད་ཀྱི་འཆར་གཞི་གལ་ཆེན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།