ཟླ8པའི་ཚེས22ཉིན། ཟི་ལིང་གྲོང་ཁྱེར་གྱི་མཁར་དབུས་ཆུས་ཀྱིས་གྲོང་ཁྱེར་གྱི་བེད་མེད་དུ་བསྐྱུར་བའི་སྤྱི་པའི་ཐོན་ཁུངས་བེད་སྤྱོད་བྱས་ཏེ། དཀྱིལ་སྙིང་ཐང་ཆེན་དུ་དམངས་ཕན་རླངས་འཁོར་འཇོག་ས་བསྐྲུན་པ་དེ་དངོས་སུ་སྤྱོད་འགོ་བརྩམས་ཤིང་། རླངས་འཁོར་འཇོག་ས་འདི་ཐང་ཆེན་གྱི་ཤར་ཕྱོགས་ན་ཡོད་པ་དང་། མཐའ་འཁོར་གྱི་སྡོད་དམངས་དང་སྲང་ལམ་མྱུལ་བའི་གྲོང་མི། ལས་སྒྲུབ་མང་ཚོགས་བཅས་ལ་ཚད་ལྡན་གོ་རིམ་ལྡན་པའི་རླངས་འཁོར་འཇོག་སའི་འགན་སྲུང་འདོན་སྤྲོད་བྱས།
རྒྱུས་ལོན་པ་ལྟར་ན། རླངས་འཁོར་འཇོག་ས་འདིས《མཚོ་སྔོན་ཞིང་ཆེན་གྱི་རིན་གོང་གཏན་འཁེལ་དཀར་ཆག》དང《ཟི་ལིང་གྲོང་ཁྱེར་གྱི་རླངས་འཁོར་འཇོག་སའི་དོ་དམ་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། རིན་ཡོན་བསྡུ་བའི་ཚད་གཞི་ལག་ཏུ་བསྟར་བ་དང་། རིན་གོང་གསལ་བོ་བཀོད་པ་དང་སྤྱི་བསྒྲགས་མངོན་གསལ། མངོན་ཆུང་གིས་རིན་ཡོན་ལེན་པ་དང་རིན་གོང་སྣོན་པ་བཅས་བཀག་སྟེ། དམངས་ཕན་རིན་གོང་གཏན་འཁེལ་བྱས་ཏེ་མང་ཚོགས་ཀྱིས་རླངས་འཁོར་འཇོག་པ་དང་འགྲོ་འོང་མྱོང་ཚོར་ཇེ་ལེགས་སུ་བཏང་། རླངས་འཁོར་འཇོག་ས་དེ་འདུག་སྟེགས7དང་དེ་བཞིན་དེའི་མན་གྱི་སྤྱི་ཚོགས་ཀྱི་འཕྲུལ་སྒུལ་རླངས་འཁོར་ཆུང་གྲས་ལ་ཁ་ཕྱོགས་ཡོད། དམག་སྤྱོད་རླངས་འཁོར་དང་ཉེན་རྟོག་རླངས་འཁོར། མེ་ཟོན་རླངས་འཁོར། སྲོག་སྐྱོབ་རླངས་འཁོར། བཟོ་སྐྲུན་ཉེན་སེལ་རླངས་འཁོར། ཁྲིམས་བསྟར་ལས་རེས་རླངས་འཁོར། གྲོང་ཁྱེར་ལས་དོན་གྱི་འཕྲིན་གཏོང་འགན་སྲུང་ལས་སྒྲུབ་རླངས་འཁོར། དེ་བཞིན་དབང་བོ་སྐྱོན་ཅན་གྱི་ཆེད་སྤྱོད་རླངས་འཁོར་སོགས་ཚང་མས་རླངས་འཁོར་འཇོག་རིན་མི་ལེན་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་ཆོག
རླངས་འཁོར་འཇོག་ས་ཡིས་སྐས་རིམ་རང་བཞིན་གྱི་དམངས་ཕན་རིན་ཡོན་ལེན་པ་ལག་ཏུ་བསྟར་བ་དང་། དུས་ཡུན་ཐུང་ངུར་འདུག་པ་དང་ཉིན་གང་བོར་འཇོག་པ་སོགས་ཀྱི་སྣ་མང་དགོས་མཁོར་བསམས་ཏེ། དུས་ཚོད24རིང་གི་ཉིན་ཞག་ཧྲིལ་བོའི་རིན་གོང་བདེ་མོ་གཏན་ལ་ཕབ་པར་བྱས་ཏེ། གྲོང་མིའི་རླངས་འཁོར་འཇོག་པའི་ཁུར་བོ་ངེས་པ་དོན་གྱིས་ཇེ་ཡང་དུ་བཏང་།
རླངས་འཁོར་འཇོག་ས་བེད་སྤྱོད་བྱས་རྗེས་དཀྱིལ་སྙིང་ཐང་ཆེན་གྱི་གཅིག་བསྡུས་ས་ཁུལ་གྱི་རླངས་འཁོར་འཇོག་པའི་སྒྲིག་རིམ་སྔར་ལས་ཚད་ལྡན་དུ་གཏོང་ཐུབ་པ་དང་། སྤྱི་པའི་རླངས་འཁོར་འཇོག་གནས་བེད་སྤྱོད་ལས་ཆོད་མཐོར་འདེགས་གཏོང་བ་བཅས་བྱུང་ནས། མཁར་ཁུལ་རྙིང་བའི་ལྟེ་བའི་ས་ཁོངས་ཀྱི་རླངས་འཁོར་འཇོག་པའི་གནོན་ཤུགས་ནུས་ལྡན་སྒོས་སེལ་བར་བྱས་ཏེ། དམངས་ལ་སྟབས་བདེ་བསྐྲུན་པའི་དོན་དངོས་བསྒྲུབས་ནས་མང་ཚོགས་ཀྱི་ཡིད་ཚིམ་པར་བྱེད་ཐུབ།