ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱིས་ཞིང་ཆེན་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་སྒོས་གཞོན་ནུའི་ཁྲིམས་སྐྱོང་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས21ཉིན། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱིས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་སྒོས། “ཁྲིམས་གཞུང་གིས་སྐྱེ་ཁམས་མཛེས་སྡུག་ལ་སྲུང་སྐྱེལ་དང་། ལང་ཚོའི་སྟོབས་ཤུགས་གཅིག་སྡུད་སྒོས་གཙང་བོའི་འགོ་ཁུངས་སྲུང”ཞེས་པ་བརྗོད་དོན་ཡིན་པའི་གཞོན་ནུའི་ཁྲིམས་སྐྱོང་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་ཏེ། མཉམ་སློབ་མཉམ་འགུལ་གྱི་རྣམ་པའི་ཐོག་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་》མཚོ་སྔོན་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་སྒྲིལ་ཤུགས་གཅིག་སྡུད་བྱས།

བྱེད་སྒོའི་ཁྲོད། གཞོན་ནུ་ལས་བྱེད་པ60ལྷག་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་རུ་སོང་ནས་ཡུལ་དངོས་སུ་ཞིབ་སློབ་བྱས་པ་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་བྱས་པའི་རྗེས་མཐུད་ཐོན་ལས་སྐྱེད་སྲིང་དང་གྲོང་གསེབ་ཀྱི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་སོགས་ཀྱི་ལག་ལེན་གྲུབ་འབྲས་ལ་ལྟ་སྦྱོང་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས་ཀྱི་མཐུན་སྦྱོར་མཉམ་སྐྱོད་ཀྱི་གསོན་ཉམས་ལྡན་པའི་རྣམ་པར་ཉམས་ལེན་བྱས། མཚོ་སྔོན་དམངས་ཆེན་གྱི་ལོ་རྒྱུས་འགྲེམ་སྟོན་དང་ཞིང་ཆེན་དམངས་ཆེན་གྱི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་ལྟེ་གནས་ལ་མཉམ་དུ་ལྟ་སྐོར་བྱས་ནས། མཚོ་སྔོན་དམངས་ཆེན་གྱི་འཕེལ་རྒྱས་བརྒྱུད་རིམ་དང་ལས་འགན་སྒྲུབ་པའི་ཕན་འབྲས་ལ་གོ་རིམ་ཡོད་པའི་སྒོ་ནས་རྒྱུས་ལོན་བྱས། གཞོན་ནུ་ལས་བྱེད་པ8ཀྱིས《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》ལག་བསྟར་དང་། དགོ་དམར་གནས་སྤོ་རྒྱུ་ལམ་འཛུགས་སྐྲུན་སོགས་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་སྒོས། པར་རིས་དང་ཡིག་ཆ་མཉམ་དུ་བསྟན་ནས། ཞིང་ཆེན་དམངས་ཆེན་ལས་ཁུངས་དང་ཞིང་ཆེན་ཞིབ་དཔྱོད་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་འཚོལ་ཞིབ་དང་། གསར་གཏོད་བྱེད་ཐབས་དང་ལས་འགན་སྒྲུབ་པའི་ཕན་འབྲས་བཅས་ཕྱོགས་ཡོངས་ནས་མངོན་པ་དང་། དུས་རབས་གསར་པའི་གཞོན་ནུ་ལས་བྱེད་པའི་སློབ་སྦྱོང་ལ་བརྩོན་པ་དང་བསམ་བློ་གཏོང་མཁས་པ། དངོས་སྒྲུབ་འགན་འཁུར་ཕོད་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་སྒོས་མངོན།

ཚང་མས་ད་ཐེངས་ཀྱི་བྱེད་སྒོའི་རྣམ་པ་གསར་རྐྱང་ཡིན་པ་དང་ནང་དོན་ཕུན་སུམ་ཚོགས་པ། སེམས་པ་འགུག་ཚད་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པར་བརྟེན། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ་དང་། སྐྱེ་ཁམས་ཁྲིམས་སྐྱོང་གི་མཐུན་སྦྱོར་ལས་འགན་སྒྲུབ་པའི་བསམ་ཕྱོགས་ཆེ་རུ་ཕྱིན་ཡོད་པའི་ངོས་འཛིན་བྱས། ཚང་མས་མགྲིན་གཅིག་ཏུ་བསྟན་དོན།  “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་ཁོང་དུ་ཆུད་པར་བྱེད་པ་དང་། ཁྲིམས་གཞུང་དགོངས་དོན་གྱི“སྒྲོག་བཤད་པ”དང་། ཁྲིམས་གཞུང་ལག་བསྟར་བྱེད་པའི“སྣེ་ཁྲིད་དམག” མཐུན་སྦྱོར་མཉམ་བཅོས་ཀྱི“སྟོབས་ཤུགས་གསར་པ”བཅས་སུ་འགྱུར་བར་བརྩོན་ལེན་བྱས་ཏེ། ལང་ཚོའི་འགན་ཁུར་ལ་བརྟེན་ནས་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།