ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ8པའི་ཚེས20ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་དཔལ་འབྱོར་འཁོར་སྐྱོད། རླངས་འཁོར་དང་དེ་མིན་ཁྱིམ་སྤྱོད་གློག་ཆས་ཉོ་སྐབས་ཀྱི་ཁ་གསབ་གསར་པ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་གསར་སྒྱུར་དང་དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་བཅས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཆེད་དོན་འཆར་འགོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། བློ་མཐུན་ཅང་ཙེ་མིན་གྱི་འོད་སྟོང་འཕྲོ་བའི་དགོངས་པ་དང་བླ་ན་མེད་པའི་ཉམས་འགྱུར་རྒྱུན་འཛིན་དང་དར་སྤེལ་བཏང་ནས། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པ་ཚོས་བཞག་པའི་རྩ་ཆེའི་བསམ་པའི་རྒྱུ་ནོར་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་པ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལགབསྟར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཚད་གཞི་ནན་མོ་རྒྱུན་འཁྱོངས་དང་སྤྱོད་ཚུལ་ངོ་མ་རྒྱུན་འཁྱོངས་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གནད་དོན་དག་ཐེར་བཅོས་སྐྱོང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་སོགས་ཀྱི་བྱ་བ་རྒྱུན་མཐུད་དང་གཏིང་ཟབ་ཏུ་སྤེལ་བ། སློབ་སྦྱོང་སློབ་གསོའི་དཔྱད་འཇོག་ཕྱོགས་བསྡོམས་ནན་མོ་དང་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོའི་ལས་དོན་སྒྲུབ་མཁས་པ་དང་མགོ་ཡོད་མཇུག་ཡོད་ཞིག་ཡིན་པ་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གཞིར་བཟུང་ནས། གཙོ་གནད་རྣམ་གྲངས་ཀྱི་དོན་དངོས་ལ་དམིགས་པ་དང་མཉམ་ཤུགས་ཆེ་རུ་གཏོང་བ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གཅིག་སྡུད་བཅོས་སྒྲིག་བྱེད་པའི་བྱ་བ་སྣ་ཚོགས་ཡག་པོར་བསྒྲུབས་ཏེ། དམངས་འཚོར་ཕན་པ་དང་བཅོས་སྐྱོང་ལེགས་པོ། འཕེལ་རྒྱས་ལ་སྐུལ་འདེད། བརྟན་བརླིང་སྲུང་སྐྱོང་བཅས་ཀྱི་ཕན་འབྲས་སྔར་ལས་ཆེ་བ་འཐོབ་པར་འབད་བརྩོན་བྱ་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱེད་པ་དང་།“དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་ལ་བརྟེན་ནས་ནུས་ལྡན་གྱི་དངུལ་གཏོང་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མགྱོགས་མྱུར་སྒོས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ནས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱས་ཏེ། ལོ་སྨད་ཀྱི་གཙོ་གནད་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་པ་དང་། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཧུར་ཐག་གིས་མངོན་འགྱུར་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱུད་རིམ་ལྡན་པའི་ཇུས་འགོད་དང་ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་གསར་སྒྱུར་རྣམ་གྲངས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་གྱི་མཉེན་གཤིས་རིམ་བཞིན་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་ནུས་པ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་སྒུལ་ནུས་བརྗེ་སྒྱུར་ཇེ་མགྱོགས་སུ་བཏང་ནས། ནུས་ཤུགས་ཡོད་རྒུས་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་ལོ་རྒྱུས་ཀྱི་རིག་གནས་འབྱུང་གཞི་སྲུང་སྐྱོང་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་བར་སྟོང་ཧུར་ཐག་གིས་གཏོད་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་གྱི་ལངས་གཟུགས་དྲ་བའི་རྣམ་པ་འཐུས་ཚང་དུ་གཏོང་རྒྱུར་ཤུགས་བསྣན་ནས། སྟབས་བདེ་ཐོགས་མེད་དང་དཔལ་འབྱོར་ཕན་འབྲས་ཆེ་བ། ལྗང་མདོག་ལེགས་བསྡུས་ཞིབ་གཉེར། རིག་ནུས་སྔོན་ཐོན། བདེ་འཇགས་བློས་འགེལ་ཆོག་པ་བཅས་ཀྱི་མཐོ་སྒང་གི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་གྱིས་འཛུགས་དགོས། ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་གང་ཐུབ་བྱས་ཏེ། ཟོག་འགྲེམས་ཞབས་ཞུའི་ནུས་པ་དང་འཁོར་སྐྱོད་ལས་ཆོད་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། ཞིང་ཆེན་གྱི་གནས་ཚུལ་དངོས་དང་མཐུན་པའི་དེང་རབས་ཟོག་འགྲེམས་མ་ལག་མགྱོགས་མྱུར་བསྐྲུན་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འཛད་སྤྱོད་བྱེད་མང་བའི་དུས་ཚིགས་ཀྱི་སྒེའུ་ཁུང་གི་དུས་ཚོད་དམ་འཛིན་བྱས་ཏེ། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་ཉོ་སྐབས་ཀྱི་ཁ་གསབ་གསར་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། ནོར་སྲིད་མ་དངུལ་གྱི་སྐུལ་ལྕག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲིད་ཇུས་ཀྱི་ཁེ་སྤོགས་ཕྱིར་གཏོང་བྱེད་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།