ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཁྲི་དཔུང་བརྒྱད་པའི་ཧྲི་ཧི་ཙི་གྲོང་ཁྱེར་གྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། སློབ་སྦྱོང་དང་ཞིབ་བཤེར། བསྒྱུར་བཅོས་བཅས་གཅིག་བསྡུས་ཀྱིས་སྐུལ་འདེད་བཏང་ནས། མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་གནད་དོན་ཐག་གཅོད་པར་ཤུགས་སྣོན་དགོས། སློབ་སྦྱོང་སློབ་གསོ་དེ་དམངས་འཚོ་ཕན་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོར་རྒྱུན་ཆད་མེད་པར་ཕན་འབྲས་ལོན་པར་སྐུལ་འདེད་གཏོང་དགོས།
སློབ་སྦྱོང་སློབ་གསོའི་ཁྲོད། ཀོང་ཏུང་ཧྲེན་ཀྲེན་གྱིས་གྲོང་ཁྱེར་ཆེན་པོའི་ན་གཞོན་ཚོགས་པའི་ཁྱད་ཆོས་ལ་གཞི་ཚུགས་ཏེ། རྒྱ་ཆེའི་གཞོན་ནུ་རྣམས་ཀྱི་རྩལ་ནུས་མཐོར་གཏོང་དང་ལས་རིགས་ཚུལ་སྒྱུར་ཁྲོད་ཀྱི་དགོས་མཁོར་དམིགས་ནས། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ལ་བརྟེན་ནས་སྤྱི་ཕན་ཀུན་ཕན་རང་བཞིན་གྱི་མཚན་མོའི་སློབ་གྲྭ་སྐྲུན་པ་དང་རྩལ་ནུས་གསབ་སྦྱོང་ཞབས་ཞུ་སྤེལ། ཧྥུའུ་ཐེན་ཁུལ་གྱི་ཧྥུའུ་ཐེན་སྲང་ལམ་ནི་ཧྲེན་ཀྲེན་གྱི་ན་གཞོན་འདུས་སྡོད་ཆེས་མང་བའི་ཁུལ་ཁོངས་ཀྱི་གྲས་ཤིག་ཡིན། འདྲི་ཤོག་བརྟག་དཔྱད་དང་བཞུགས་མོལ་བརྗེ་རེས་སོགས་བརྟག་ཞིབ་བྱས་པ་བརྒྱུད། ས་གནས་དེ་གར་ཚང་མས་མི་ཐབས་རིག་ནུས་ལ་སློབ་སྦྱོང་བྱེད་པའི་འདུན་པ་ཡོད་པ་ཤེས་རྟོགས་བྱུང་། ན་གཞོན་ཚོའི་དམིགས་བསལ་གྱི་སློབ་སྦྱོང་གི་དགོས་མཁོར་དམིགས་ནས། ས་གནས་དེ་གས་རིམ་པ་དབྱེ་བ་དང་རིགས་དབྱེ་བའིAIསློབ་ཚན་མ་ལག་བཙུགས་ཏེ། མིག་སྔར་རིམ་རྩིས་བྱས་ན་སློབ་ཁྲིད་ཐེངས90ལ་འཚོགས་ཡོད་ལ། མི་ཐེངས6100ལ་གསོ་སྦྱོང་བྱས།
ཧྲེན་ཀྲེན་གྱི་གྲོང་མི་ཁྲེན་ཧྲོང་གིས་བཤད་རྒྱུར། རང་ཉིད་ཀྱིས་ནམ་ཡང་འཚོལ་ཞིབ་ཡག་པོ་བྱེད་མི་ཐུབ་པས། ང་ཚོར་ཁྲིད་པའིAIཡི་བསམ་གཞིགས་དེར་དངོས་གནས་ཕན་ཐོགས་འདུག
སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཧྲེན་ཀྲེན་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཆུང་གིས་གནད་དོན10168འཚོལ་འདོན་བྱས་ཤིང་། གཅིག་བསྡུས་ཀྱིས་ལེགས་བཅོས་དང་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད།
ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་ཏང་ཨུ་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཙིན་ཞོས་ལེན་གྱིས་བཤད་རྒྱུར།
ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་དུ་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ། བློ་རྒྱ་ཡངས་པོས་སློབ་གསོ་གཏོང་བ་དང་དམངས་ཀྱི་དགོས་མཁོ་འདྲི་བ་རྒྱུན་འཁྱོངས་བྱེད་དགོས། “རྒན་པ་དང་བྱིས་པ”དང་ལས་ཞུགས་འབབ་འཕར། སློབ་གསོ་དང་སྨན་བཅོས། སྡོད་ཁང་འགན་སྲུང་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དག་ཐག་གཅོད་ལེགས་པོ་བྱེད་པ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཕན་བདེ་སྐྲུན་པའི་ཕན་འབྲས་དངོས་ལ་བསྒྱུར་དགོས།
ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཁྲི་དཔུང་བརྒྱད་པའི་ཧྲི་ཧི་ཙི་གྲོང་ཁྱེར་གྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཡུལ་དངོས་དང་པོར་བསྐྱོད་དེ་མི་དམངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་མང་ཚོགས་ཀྱི་སེམས་ཁྲལ་སེལ་བར་ཁྲིད་སྟོན་བྱས་ཤིང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་བར་སྐུལ་འདེད་བཏང་།
བདེ་སྐྱིད་ལམ་གྱི་རྐང་ཐང་ཁྲོམ་གཞུང་ནི་ས་གནས་དེ་གའི་ཁྱད་ལྡན་ཡུལ་སྐོར་ཁྲོམ་གཞུང་ཞིག་རེད། མཚན་ཁྲོམ་གྱིས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་པ་དང་མཉམ་དུ་ཚོང་འབོད་ཀྱི་སྒྲ་དང་དུ་བ་སོགས་ཀྱིས་ཉེ་འགྲམ་གྱི་སྡོད་དམངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། གནད་དོན་དེར་དམིགས་ནས་ས་གནས་དེ་གའི་སྡེ་ཁུལ་གྱིས་སྣེ་ཁྲིད་པ་དང་། ཁྲོམ་ར་དོ་དམ་དང་གྲོང་ཁྱེར་དོ་དམ། ཚོང་པའི་འཐུས་ཚབ་སོགས་ལས་གྲུབ་པའི་དོ་དམ་ཨུ་ལྷན་གྱིས་ཚོང་དུད་ཀྱི་གཉེར་སྐྱོང་དང་སྡོད་དམངས་ཀྱི་འཚོ་བར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ཤིང་། སླར་ཡང་ལམ་འགྲམ་དང་ཐག་ཉེ་ཞིང་སྡོད་དམངས་ཁུལ་དང་བལྟོས་བཅས་ཀྱིས་རྒྱང་ཐག་རིང་བའི་མཚན་ཁྲོམ་གཉེར་སྐྱོང་ཁུལ་གཏན་འཁེལ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་རིམ་སྤོར་འཐུས་ཚང་དུ་བཏང་བ་དང་གཉེར་སྐྱོང་གི་དུས་ཚོད་ཚད་ལྡན་དུ་བཏང་།
ཚོང་པ་ལི་ཨན་ཡོན་གྱིས་བཤད་རྒྱུར།
ཁོར་ཡུག་ལེགས་ཤིང་སྒྲིག་བཀོད་ཀྱང་བཟང་། ད་ལྟ་ང་ཚོ་ཚོང་ཁང་ཚང་མའི་ཚོང་ཡང་ཤིན་ཏུ་བཟང་ལ། མགྲོན་པོ་ཇེ་མང་ནས་ཇེ་མང་རེད། དོན་དག་འདི་དག་སྒྲུབ་པ་ཧ་ཅང་བཟང་།
སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཁྲི་དཔུང་བརྒྱུད་པའི་ཧྲི་ཧི་ཙི་གྲོང་ཁྱེར་གྱིས་གཅིག་བསྡུས་སྒོས་དམངས་འཚོའི་བྱ་བ3500ལྷག་བསྒྲུབ་པར་སྐུལ་འདེད་བཏང་།
ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཁྲི་དཔུང་བརྒྱུད་པའི་ཧྲི་ཧི་ཙི་གྲོང་ཁྱེར་ཏང་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧི་ཡུས་ཅུན་གྱིས་བཤད་རྒྱུུར། ང་ཚོས་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་སྲིད་འབྲས་ཆེ་ཤོས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱ་དགོས་ལ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་དོ་ཁུར་བྱེད་པའི་དོན་ཆུང་ཡག་པོར་བསྒྲུབ་པ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པའི་ཕན་འབྲས་དངོས་སུ་བསྒྱུར་དགོས་ཤིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་ཐུབ་པར་བྱ་དགོས།