རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་སྐྲུན་རྒྱུ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བཅོས་བསྒྱུར་སྤྱི་ཡོངས་ནས་ཇུས་འགོད་དང་མ་ལག་ཕྱོགས་བསྡུས་བྱེད་པར་ཤུགས་སྣོན་པ། ཐོན་ལས་མུ་ཕྲེང་ཡོངས་ཀྱི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་དཔེ་སྟོན་གྱི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས་ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱས་ནས། རང་རྒྱལ་གྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ23གྱིས་ཆུ་ཚད་མཐོ་བའི་སྒོ་འབྱེད་ཁྲིད་སྟོན་དུ་འཛིན་པ་དང་། ལམ་ལུགས་གསར་གཏོད་གཙོ་བོར་བྱས་ནས། དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་མྱུར་མོར་བསྐྲུན་དགོས།
ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ལིན་ཀང་ཁུལ་གསར་དུ་གནས་པའི་ཚོང་ཟོག་སྣ་འཛོམས་མཁོ་སྤྲོད་མུ་ཕྲེང་ཞབས་ཞུའི་ཁེ་ལས་ཀྱི་ལས་སྒོ་རྒྱལ་ཁབ་དང་ས་ཁུལ་གྱ་དགུ་ལ་ཁྱབ་ཡོད། དེ་སྔོན་ཁེ་ལས་ཀྱིས་གྲུ་ཁ་དང་བྲལ་བའི་ཉོ་ཚོང་བསྡོམས་རྩིས་རྒྱག་པར་གན་རྒྱ་དང་འཛིན་ཤོག ཚོང་ཟོག་ལེན་འཛིན་སོགས་ཀྱི་རྒྱུ་ཆ་མང་པོ་འདོན་སྤྲོད་བྱ་དགོས། ད་ལྟ་ལིན་ཀང་ཁུལ་གསར་དུ། ཚོད་ལྟའི་དངུལ་ཁང་གིས་ཆ་རྐྱེན་འཛོམས་པའི་སྔོན་འགྲོའི་འོག ཚོད་ལྟ་བྱེད་སའི་ཁེ་ལས་ལ་གྲུ་ཁ་ནས་བྲལ་བའི་ཉོ་ཚོང་གི་“ཞིབ་བཤེར་མི་དགོས་པའི་འཛིན་ཡིག་”ཞབས་འདེགས་ཞུས་ཆོག ཁེ་ལས་ཀྱི་གྲུ་ཁ་ནས་བྲལ་བའི་ཉོ་ཚོང་བསྡོམས་རྩིས་དུས་ཡུན“ཉིན་གསུམ་”དགོས་པ་དེ་ད་ལྟ་“སྐར་ཆ་གསུམ”བར་ཐུང་དུ་བཏང་ཡོད།
ལིན་ཧོ་ཡིས་བཤད་རྒྱུར། “ཞིབ་བཤེར་མི་དགོས་པའི་འཛིན་ཡིག”དང་“སྐར་ཆ་རིམ་པའི”ནང་བསྡོམས་རྩིས་མངོན་འགྱུར་བྱུང་བས། ཞང་ཀང་དང་སིང་ག་ཕོར་སོགས་གྲུ་ཁ་དང་བྲལ་བར་གོ་ཆོད་སྟབས་བདེ་བཟོས་ཡོད།
ཕན་ནུས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་མ་ཟད། རྒྱ་ཁྱོན་ཡང་ཆེ་རུ་གཏོང་བཞིན་ཡོད། ཉེ་སྔོན། ལིན་ཀང་ཁུལ་གསར་གྱི་གྲུ་ཁ་དང་བྲལ་བའི་ཉོ་ཚོང་དངུལ་རྩའི་ཞབས་ཞུ་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་ཇུས་གཞི་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཚོད་ལྟའི་ལས་སྒོའི་ཁྱབ་ཁོངས་དེ་སྔོན་གྱི“གྲུ་ཁ་དང་བྲལ་བའི་ཉོ་ཚོང”གི་ཡུལ་རྣམ་རྐྱང་པ་དེ། ཡུལ་རྣམ་ཡོངས་ཀྱི“གྲུ་ཁ་དང་བྲལ་བའི་ལས་སྒོར”རིམ་སྤོར་བྱས་ནས། མ་འོངས་པར་ཁྲོམ་རའི་བྱེད་པོ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཐོན་སྐྱེད་དང་། བྲིན་ཚོང་། ཞབས་ཞུ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ནང་ཞུགས་རྒྱུར་སྔར་ལས་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་རེད།
རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚོད་ལྟའི་ཞིང་ས་ཡིན། 2013ལོར་རྒྱལ་ཡོངས་ཀྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཐོག་མ་སྟེ་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་བཙུགས་པ་དང་། ད་ལོར་ནང་སོག་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྒོ་བྱང་བཀལ་བ་རེད། རང་རྒྱལ་གྱིས་སྔ་རྗེས་སུ་ཁག་བརྒྱད་ལ་དབྱེ་ནས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ23བཙུགས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་རྟོག་ཞིབ་ཐེངས་མང་གནང་སྟེ། “ཚོད་ལྟ་ཁུལ་གྱིས་སྔོན་ལ་ལག་ལེན་བསྟར་བ་དང་། ཉེན་ཁ་ཚོད་འཛིན་ཐུབ་པ། གོམ་པ་དབྱེ་ནས་སྐུལ་འདེད་གཏོང་བ། རིམ་པ་བཞིན་འཐུས་ཚང་དུ་གཏོང་བ་བཅས་ཀྱི་རྩ་དོན”ལྟར“བློ་ཁོག་ཆེན་པོས་གདོང་མཆོང་དང་ཚོད་ལྟ། རང་བརྟེན་ལེགས་བཅོས”བཅས་བྱེད་པ་དང་། “ཁྱབ་ཁོངས་སྔར་བས་རྒྱ་ཆེ་བ་དང་རིམ་པ་སྔར་ལས་ཟབ་པའི་སྒོ་ནས་འཚོལ་ཞིབ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཧུར་ཐག་གིས་སྐྲུན་དགོས”ཞེས་ནན་གྱིས་བསྟན། ཉིན་བཞིན་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་འཚར་ལོངས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་གནང་ཡོད།
ཧྲེང་པིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྐུ་དངོས་ནས་ཇུས་འགོད་དང་བཀོད་སྒྲིག སྐུལ་འདེད་བཅས་གནང་སྟེ། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། ལོ་ངོ་བཅུ་ལྷག་གི་ལག་ལེན་བརྒྱུད་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དེ་རང་རྒྱལ་གྱིས་ལམ་ལུགས་རྣམ་པའི་སྒོ་འབྱེད་ཐད་སྐུལ་འདེད་གཏོང་བའི་ལག་བསྟར་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། རང་མོས་ཉོ་ཚོང་ཁུལ་སོ་སོས་རྨང་གཞིའི་རང་བཞིན་དང་གསར་གཏོད་རང་བཞིན་གྱི་བཅོས་སྒྱུར་སྒོ་འབྱེད་བྱ་ཐབས་ཁག་གཅིག་བཏོན་ནས། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།
ད་ལྟ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྟོང་ཆའི་བཞི་མི་ཟིན་པའི་རྒྱལ་ཁོངས་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་བཞི་ཆའི་གཅིག་ལས་བརྒལ་བའི་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་ཚུལ་དང་ལྔ་ཆའི་གཅིག་གི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་གྲངས་བྱས་རྗེས་བཞག་ཡོད། རྒྱལ་ཁབ་ཀྱི་ངོས་ནས་ཁྱབ་གདལ་བཏང་བའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་480ལས་བརྒལ་ཡོད། སྒོ་འབྱེད་རིམ་པ་སྔར་བས་མཐོ་བ་དང་ཁྱབ་འགྱེད་ནུས་པ་སྔར་ལས་ཆེ་བའི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་ཇི་ལྟར་གཏོད་དགོས་སམ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་རང་བརྟེན་སྒོ་འབྱེད་ཚོད་ལྟ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ཡོད།
ལྡོག་ཕྱོགས་རྩིས་ཁྲའི་ལམ་ལུགས་མ་ལག་ཡང་བསྐྱར་རིམ་པ་སྤར་ཡོད། ད་ལོར། པེ་ཅིང་གིས་གཞི་གྲངས་ཀྱི་རྒྱལ་མཚམས་ནས་ཐོན་པའི་ལྡོག་ཕྱོགས་རྩིས་ཁྲའི་དོ་དམ་ལམ་ལུགས་དེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ནས་གྲོང་ཁྱེར་ཡོངས་ལ་ཁྱབ་གདལ་བཏང་ཞིང་། དེ་དང་མཉམ་དུ་སྨན་བཅོས་ཡོ་བྱད་དང་རང་འགུལ་འཁོར་གཏོང་། ཉོ་ཚོང་ཟོག་འགྲུལ། དངུལ་ཁང་ལས་རིགས་སོགས་ཁྱབ་ཁོངས་གསར་པ4མང་དུ་བཏང་ཡོད། གཞི་གྲངས་ཁྱབ་ཁོངས་སྔར་ལས་ཆེ་བ་དང་ཕན་ནུས་མཐོ་བ། བདེ་འཇགས་ལྡན་པ་བཅས་ཀྱི་སྒོ་ནས་རྒྱལ་མཚམས་སྒྲོལ་བའི་འཁོར་རྒྱུག་ལ་སྟབས་བདེ་བསྐྲུན་པ་མ་ཟད། འབྲེལ་ཡོད་ཁེ་ལས་ལ“གྲངས་གཞི་གང་དག་ཕྱིར་བཀྲམ་ཆོག་པ་དང་། གང་དག་ཕྱིར་བཀྲམ་མི་ཆོག་པ། གོ་རིམ་གང་ཞིག་སྒྲུབ་དགོས་པ”སོགས་དབྱེ་མཚམས་གསལ་པོ་མེད་པའི་གནད་དོན་ཡང་གསལ་པོ་བཟོས།
ཧའེ་ནན་དུ“སྒོ་ཁྲལ་མེད་པའི”ཁྱབ་ཚད་དེ་ད་ལྟ་དཔྱ་ཁྲལ་ལས་གཞི་དྲུག་སྟོང་དྲུག་བརྒྱ་ལས་བརྒལ་བ་དང་ཁྱབ་ཚད་བརྒྱ་ཆའི་དོན་བཞི་བར་མཐོ་རུ་ཕྱིན་ཡོད། གཟིགས་སྐྱོང་བྱེད་པོའི“སྒོ་ཁྲལ་མི་དགོས་པའི་”དངོས་ཟོག་ནང་འདྲེན་དང་། གླིང་ཕྲན་ནས་ཕྱིར་འབུད་པ། གླིང་ཕྲན་ནང་ཁུལ་གྱི་འཁོར་རྒྱུག་ལས་སྒོའི་ཁྲོད། དངོས་ཟོག་བསྡུ་ཆག་གི་རིགས་སྣ་མང་བ་དང་། སྒོ་ཁྲལ་གནས་ཞུའི་འཛིན་ཤོག་གི་གྲངས་ཀ་མང་བ་སོགས་ཀྱི་གནད་དོན་དང་འཕྲད་སྐབས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས“སྒོ་ཁྲལ་མི་དགོས་པའི”དངོས་ཟོག་དང་འབྲེལ་བ་ཡོད་པའི་དཔྱ་ཁྲལ་གཅོག་པའི་ལས་སྒོའི་རྣམ་པ་སྣ་ཚོགས་ལ་དམིགས་ནས། དཔྱ་ཁྲལ་གཅོག་པའི་བྱེད་ཐབས་གསར་པ་ལྔ་བཙུགས་པ་མ་ཟད། ཁྲལ་རྩིས་སྒྲིག་སྲོལ་གསར་པ་བཙུགས་པས། འགག་སྒྲོལ་མ་ལག་གིས་རྣམ་པ་མི་འདྲ་བར་དམིགས་ཏེ་ཁྲལ་རྩིས་གནད་འཁེལ་བྱས་ཆོག
ཧའེ་ནན་ཞིང་ཆེན་ཏང་ཨུའི་སྒྱུར་བཅོས་ཟབ་སྤེལ་གཞུང་དོན་ཁང་གིས་སྒྱུར་བཅོས་དང་ལམ་ལུགས་གསར་གཏོད་ཁྲུའུ་ཡི་ཁྲུའུ་ཀྲང་ཀུའོ་ཅིན་་གྱིས་བཤད་རྒྱུར། “སྒོ་ཁྲལ་མི་དགོས་པའི”སྤུས་དག་ལྷུ་ལག་དང་། མ་བཅོས་རྒྱུ་ཆ་དང་ཟུར་སྦྱོར་དངོས་རྫས་ཐོན་སྐྱེད་སོགས་བར་རྫས་ནང་འདྲེན་བྱེད་ཚད་མངོན་གསལ་དོད་པོས་འཕར་ཡོད། སྟོད་སྨད་རྒྱུད་ཀྱི་ཁེ་ལས་ཀྱིས་ཧའེ་ནན་དུ་ལས་བགོས་མཉམ་ལས་ལས་ཕྱོད་སྔར་ལས་ཆེ་རུ་ཕྱིན་ནས་ཐོན་ལས་མུ་ཕྲེང་ཡོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྔར་ལས་ཕན་ཐོགས་ཡོད།
ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་ཁག་ཅིག་དེ་སྔའི་དཔྱ་ཁྲལ་འགན་ལེན་མཛོད་ཉར་དང་སྟབས་བདེའི་ལས་སྣོན་སོགས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གི་མཚམས་ཚིགས་གལ་ཆེན་དང་བགྲོད་ལམ་གལ་ཆེན་བར་རིམ་བཞིན་རིམ་སྤོར་བྱ་རྒྱུ་རེད། ཧྥུ་ཅན་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཞ་མོན་ཡུག་ཁུལ་དུ། རྒྱལ་ཡོངས་སུ་ཐོག་མར་གསར་གཏོད་བྱས་པའི“འགག་སྒོའི་དམིགས་བསལ་ལྟ་སྐུལ་དོ་དམ་ཁུལ་གྱི་ཕྱིའི་ཁྲལ་སྲུང་ཉམས་གསོའི”བྱེད་སྟངས་ལས་མཁའ་འགྲུལ་ཉམས་གསོ་ཁེ་ལས་ཀྱིས་འགན་ལེན་མི་དགོས་པ་དང་ཁྲལ་སློག་ཆོག་པ་སོགས་ཁྲལ་སྲུང་སྲིད་ཇུས་རབ་དང་རིམ་པ་ལོངས་སྤྱོད་བྱེད་ཆོག་ཅིང་། གནམ་གྲུ་ཞིག་གིས་ཆ་སྙོམས་ཀྱིས་ཁག་ཐེག་བྱེད་ཚད་སྒོར་བྱེ་བ་གསུམ་ས་ཡ་ལྔ་གྲོན་ཆུང་བྱེད་ཐུབ། ད་ལོར། ཞ་མོན་ཡུག་ཁུལ་གྱིས་དེའི་རྨང་གཞིའི་ཐོག ལམ་ལུགས་འདུས་གྲུབ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཁྲལ་སྲུང་ཉམས་གསོ་དང་ཁྲལ་སྲུང་ཟོག་འགྲེམས་དབར་གྱི་བགྲོད་ལམ་ཤར་གཏོང་བྱས་ནས། ཉམས་གསོའི་རྒྱུ་ཆ་དེ་འགག་སྒྲོལ་དུས་ཆོད་དང་མཉམ་སྤྱོད་བེད་སྤྱོད་ཐད་ནས་སྔར་ལས་སྟབས་བདེ་ཡོང་བ་བྱས་ཡོད། མིག་སྔར་འཛམ་གླིང་གི་མཁའ་འགྲུལ་ཉམས་གསོའི་ཁེ་ལས་གྲགས་ཅན9བཅའ་སྡོད་བྱས་པ་དང་། ཉམས་གསོའི་མངགས་ཐོའི80%ཕྱི་རྒྱལ་ནས་ཡོང་བ་རེད།
མིག་སྔར། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དེ་ཤར་ལྷོ་ནུབ་བྱང་ཡོངས་སུ་ཁྱབ་པ་དང་། མཚོ་རྒྱུད་དང་། སྐམ་ས། མཐའ་མཚམས་བཅས་གཅིག་གྱུར་འཆར་འགོད་བྱེད་པའི་སྒྱུར་བཅོས་སྒོ་འབྱེད་གསར་གཏོད་ཀྱི་རྣམ་པ་ཞིག་ཆགས་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་རང་ངོས་ཀྱི་འཐབ་ཇུས་ངེས་གནས་དང་ཁྱད་ལྡན་ལེགས་ཆར་དམིགས་ནས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་མཐོར་འདེགས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཟམ་མི་ཆད་པར་སྒུལ་ནུས་གསར་པ་སྣོན་བཞིན་ཡོད།