མཚོ་སྔོན་ཞིང་ཆེན་སྐབས་བཅུ་དགུ་བའི་ལུས་རྩལ་འགྲན་ཚོགས་དང་མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་མཇུག་སྒྲིལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་དགུ་བའི་ལུས་རྩལ་འགྲན་ཚོགས་དང་མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་མཚོ་ནུབ་སོག་བོད་རིགས་རང་སྐྱོང་ཁུལ་དུ་བདེ་བླག་ངང་མཇུག་སྒྲིལ།

ཐེངས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སུ། ཁྱོན་སྡོམ་འཐུས་ཚབ་རུ་ཁག37ནས་ཐོན་པའི་ལུས་རྩལ་པ6052འགྲན་སྡུར་ཁྲོད་ཞུགས་པ་དང་། ཤན་འབྱེད་པ436སྐོང་འཐེན་བྱས་ཏེ། བྱ་དགའི་རྟགས་མ1237བྱིན། དེའི་ཁྲོད་གསེར་གྱི་རྟགས་མ442དང་། དངུལ་གྱི་རྟགས་མ376ཟངས་ཀྱི་རྟགས་མ419བཅས་ཡོད། མི570ལ་ཕུལ་བྱུང་ལུས་རྩལ་པའི་མཚན་སྙན་ཐོབ། མི201ལ་ཕུལ་བྱུང་ཤན་འབྱེད་པའི་མཚན་སྙན་ཐོབ། འཐུས་ཚབ་རུ་ཁག37ལ“ལུས་རྩལ་གྱི་ཀུན་སྤྱོད་དཔེ་ལེགས་བྱ་དགའ”ཐོབ་པ་དང་། གྲོང་ཁྱེར་དང་རྫོང10ཕུལ་བྱུང་འགྲན་ཁུལ་དུ་བདམས། ལས་ཁུངས20ལ“འགྲན་བསྡུར་རྩ་འཛུགས་ཀྱི་ཕུལ་བྱུང་བྱ་དགའ”ཐོབ། མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ཁྲོད་མི12ཀྱིས་མཚོ་སྔོན་གྱི་ཟིན་ཐོ་ལྔ་བརྒལ་ཡོད།

ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་སྡུར་ལ་ཁྱོན་སྡོམ་འཐུས་ཚབ་རུ་ཁག10ནས་ཐོན་པའི་ལུས་རྩལ་པ331དང་རྩལ་ཁྲིད་པ39འགྲན་བསྡུར་ཁྲོད་ཞུགས་ཡོད་ལ། དབང་སྐྱོན་རོགས་སྐྱོར་དང་བླངས་མི་སྣ120འགྲན་སྡུར་གྱི་ཞབས་ཞུའི་ཁྲོད་ཞུགས། བྱ་དགའ་རྟགས་མ242བྱིན་ཡོད་ལ། དེའི་ཁྲོད་གསེར་གྱི་རྟགས་མ84དང་དངུལ་གྱི་རྟགས་མ83ཟངས་ཀྱི་རྟགས་མ75བཅས་ཡོད། འཐུས་ཚབ་རུ་ཁག10ལ“ལུས་རྩལ་གྱི་ཀུན་སྤྱོད་དཔེ་ལེགས་བྱ་དགའ”ཐོབ།

རང་ཞིང་གི་གཞི་ཁྱོན་ཆེས་ཆེ་བ་དང་ཚད་རིམ་ཆེས་མཐོ་བ། ཤུགས་རྐྱེན་ཐེབས་ཚད་ཆེས་ཆེ་བའི་ཕྱོགས་བསྡུས་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པའི་ངོས་ནས། གྲ་སྒྲིག་ཕུན་སུམ་ཚོགས་པ་ནས་དངོས་སུ་འགོ་བརྩམས་པ། ལུས་རྩལ་ར་བ་འཛུགས་སྐྲུན་ནས་ཞབས་ཞུའི་འགན་སྲུང་། ལས་རིམ་སོ་སོའི་རྒྱབ་ལོགས་སུ་མི་གྲངས་མེད་ཅིག་གི་རྔུལ་ཆུ་དང་འགན་འཁྲི་འདུས་ཡོད། ཐེངས་འདིའི་འགྲན་སྡུར་དུ་ཚད་གཞི་མཐོ་བ་དང་ཆུ་ཚོད་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འགྲན་སྡུར་སྤེལ་བ་དང་། རྩ་འཛུགས་ལ་གོ་རིམ་ཡོད་པ། ཞབས་ཞུ་འཐུས་ཚང་ཡིན་པ། ནོར་འཁྲུལ་སྤུ་ཙམ་མེད་པ་དང་དོན་རྐྱེན་ཅི་ཡང་མེད་པའི་སྒོ་ནས“སྟབས་བདེ་དང་བདེ་འཇགས། ངོ་མཚར”བཅས་ཀྱི་མཐོ་སྒང་གིས་འགྲན་བསྡུར་མངོན་འགྱུར་བྱུང་ཡོད། འགོ་རྩོམ་མཛད་སྒོ་རུ་ཁུ་ནུའི་རིག་གནས་དང་གཙང་བོའི་འབྱུང་ཡུལ། མི་རིགས་ཀྱི་ཡུལ་སྲོལ། དུས་རབས་ཀྱི་འཕེལ་རྒྱས་བཅས་མཉམ་འདྲེས་ཀྱི་རྣམ་པའི་འགོ་བརྩམས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་མཛེས་ལྗོངས་དང་རིག་གནས་ཀྱི་ཉིང་བཅུད། འཕེལ་རྒྱས་ཀྱི་གོམ་སྟབས་བཅས་མངོན་ཡོད།

མཇུག་བསྡུ་བའི་མཛད་སྒོའི་སྟེང་། མཚོ་ནུབ་ཁུལ་གྱི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་དར་ཆ་སྐབས་རྗེས་མའི་འགྲན་སྡུར་གྱི་གཅོ་སྒྲུབ་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ལག་ཏུ་སྤྲད། ལོ་བཞིའི་རྗེས་ནས་ང་ཚོ་མཚོ་བྱང་ནས་མཇལ་ཡོང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།