
ཟླ8པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མགོ་འཛིན་གནང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ད་ལྟའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་གཅོད་པ་དང་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོ་བསྒྲུབས་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱས་ཏེ"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"མགོ་ཡག་པོ་རྩོམ་དགོས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ8པའི་ཚེས17ཉིན་མགོ་འཛིན་གནང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ད་ལྟའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་གཅོད་པ་དང་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོ་བསྒྲུབས་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱས་ཏེ"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"མགོ་ཡག་པོ་རྩོམ་དགོས།
ལི་ཆང་གིས་བསྟན་དོན། ད་ལོའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག། ཕྱོགས་སོ་སོས་ཐུན་མོང་གིས་འབད་བརྩོན་བྱས་པར་བརྟེན། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ནས་སྒུལ་ནུས་གསར་པ་དང་གྲུབ་ཆ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་མངོན་ཡོད། དུས་མཚུངས་སུ་ད་ལྟའི་ནང་མཁོ་མི་འདང་བའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། ལས་རིགས་དང་ཁེ་ལས་ཁ་ཤས་ཀྱི་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཤེས་དགོས། འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འཁེལ་བྱས་ནས་གསོག་ཚད་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། དུས་ཐོག་ཏུ་དངོས་གཉེར་གོ་ཆོད་ཀྱི་འཕར་གྲངས་སྲིད་ཇུས་ཇུས་འགོད་བྱས་ནས། དཔལ་འབྱོར་མུ་མཐུད་ནས་གསར་པ་དང་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ལི་ཆང་གིས་ནན་གྱིས་བསྟན་དོན། ད་ལོ་ནི"ལོ་ལྔའི་འཆར་འགོད་བཅོ་ལྔ་པ"ལག་བསྟར་བྱས་པའི་ལོ་དང་པོ་ཡིན་ལ། འཆར་འགོད་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་འགོ་ནས་དམ་འཛིན་བྱས་ཏེ་འཆར་འགོད་ཀྱིས་ཁྱབ་ཁོངས་སོ་སོའི་བྱ་བར་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་ཡོང་བ་སྲུང་འཛིན་དང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྔར་བས་སྟོབས་ལྡན་དུ་གཏོང་དགོས།"དྲ་བ་དྲུག"གི་འཛུགས་སྐྲུན་གྱི་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་འཇོག་བསྡུའི་ལམ་སྲོལ་གསར་གཏོད་ཀྱིས་སྤྱི་ཚོགས་ཀྱི་མ་རྩ་འགུག་ཐབས་བྱེད་དགོས། མ་དངུལ་མིའི་ཐད་ལ་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ། སྲིད་ཇུས་ཐོན་ཁུངས་ཀྱི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རིགས་མང་པོའི་སྲིད་ཇུས་མ་དངུལ་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་དངོས་པོ་སྤྱོད་པའི་ལས་ཚད་སྔ་མོ་ནས་གྲུབ་པར་བྱེད་དགོས། དམངས་ཁྲོད་ཀྱི་དངུལ་གཏོང་ལ་སྐུལ་འདེད་ནུས་ལྡན་བཏང་ནས་གསར་དར་ཁྱབ་ཁོངས་དང་། རྨང་གཞིའི་སྒྲིག་བཀོད་གསར་པ། འཛད་སྤྱོད་རིམ་སྤོར་སོགས་ཐད་དངུལ་གཏོང་ལ་རྒྱབ་སྐྱོར་དེ་བས་མང་བ་བྱས་ཡོད། ཕྱི་མཁོ་བརྟན་པོའི་སྒོ་ནས་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གཉིས་ཕན་མཉམ་ལས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས། ཚན་རྩལ་གྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། གསར་དར་གཙོ་རྟེན་ཐོན་ལས་དང་མ་འོངས་པའི་ཐོན་ལས་གསོ་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤར་བྱེད་པར་མུ་མཐུད་སྐུལ་འདེད་བཏང་སྟེ། དངོས་གཞིའི་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་བཅོས་གཏོང་བའི་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ལས་ཞུགས་འབབ་འཕར་ལ་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་དང་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལ་ཤུགས་བསྣན་ནས། མཐའ་གཅིག་ཏུ་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོར་མི་འགྱུར་བའི་མ་མཐའི་ཚད་ཐིག་བརྟན་སྲུང་བྱེད་དགོས། སྔར་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་ཉེན་ཁ་སེལ་བ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས།
ལི་ཆང་གིས་བསྟན་དོན། གནས་བབ་གསར་པའི་འོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་རིམ་པ་སོ་སོའི་སྲིད་གཞུང་གི་འགན་སྒྲུབ་ནུས་པ་དང་སྤྱོད་ཚུལ་ཐད་སྔར་བས་མཐོ་བའི་བླང་བྱ་བཏོན་ཡོད། སྔར་བས་དངོས་གཉེར་སྒོས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། བྱེད་ཐབས་དངོས་འདོན་པ་དང་། དོན་དངོས་སྒྲུབ་པ། ཕན་འབྲས་དངོས་གཉེར་བ་བཅས་རྒྱུན་འཁྱོངས་བྱེད་དགོས། བདེན་སྲུང་གསར་གཏོད་དང་། བཅོས་བསྒྱུར་ཀྱི་བསམ་གཞིགས་དང་གསར་གཏོད་ཀྱི་བྱེད་ཐབས་སྤྱོད་མཁས་བྱས་ནས་དཀའ་གནད་སེལ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་བྱས། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སོ་སོའི་སྲིད་གཞུང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་ཆེན་མོའི་འགན་འཁུར་བ་གཙོ་བོས་བརྙན་ལམ་བརྒྱུད་ནས་ས་གནས་ཀྱི་ཚོགས་འདུར་ཟུར་ཞུགས་བྱས་པ་རེད། །