ད་ལོའི་ཟླ1པོ་ནས་ཟླ7པའི་བར་རྒྱལ་དམངས་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་དང་གསར་ཕྱོགས་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པས་ད་ལོའི་ཟླ7པའི་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཟླ་དང་པོ་ནས་བདུན་པའི་བར་རྒྱལ་དམངས་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་འཇགས་དང་། གསར་ཕྱོགས་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཉམ་ལས5.3%འཕར་ཡོད། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཉམ་ལས9.7%འཕར་བ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང13.8%འཕར་བ་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ཡོངས་ལས་མགྱོགས་པོ་ཡོད། ཐོན་རྫས་དབྱེ་ནས་བལྟས་ན། 3Dཔར་འདེབས་སྒྲིག་ཆས་དང་། ལིས་གྱེས་རྡུལ་གློག་རྫས། བཟོ་ལས་འཕྲུལ་མི་བཅས་ཀྱི་ཐོན་རྫས་ཐོན་ཚད་དུས་མཉམ་ལས་སོ་སོར52.3%དང40.2% ། 28.5%བཅས་འཕར་ཡོད་པ་རེད། ཟླ7པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཉམ་ལས4.5%འཕར་ཡོད། 

ད་ལོའི་ཟླ་བ1པོ་ནས7པའི་བར་ཁྲོམ་རའི་ཕྱིར་ཚོང་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་ཡོད།

གསར་འགོད་པས་ཟླ8པའི་ཚེས17ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་ཁྲོམ་རའི་ཕྱིར་ཚོང་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་པ་དང་ཞབས་ཞུའི་སིལ་ཚོང་ཅུང་མགྱོགས་པོ་ཡོད་པ་རེད།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཧྥུའུ་ལིང་ཧུའེ་ཡིས་བསྟན་དོན། ཟླ་དང་པོ་ནས་བདུན་པའི་བར་སྤྱི་ཚོགས་འཛད་རྫས་དང་ཞབས་ཞུའི་སིལ་ཚོང་བསྡོམས་འབོར་དུས་མཉམ་ལས2.6%འཕར་བའི་ནང་ཞབས་ཞུའི་སིལ་ཚོང་བསྡོམས་འབོར5.0%དང་ཚོང་ཟོག་སིལ་ཚོང་བསྡོམས་འབོར1.1%འཕར་ཡོད། ཞབས་ཞུའི་སིལ་ཚོང་གྲངས་འབོར་ཁྲོད་འཕྲིན་གཏོང་ཆ་འཕྲིན་ཞབས་ཞུའི་རིགས་དང་། ཡུལ་སྐོར་བློ་འདྲི་དང་བོགས་གཏོང་ཞབས་ཞུའི་རིགས། རིག་གནས་ལུས་རྩལ་སྤྲོ་གསེང་ཞབས་ཞུའི་རིགས་བཅས་ཀྱི་སིལ་ཚོང་གྲངས་འབོར་གྱི་འཕར་ཅུང་མགྱོགས་པ་རེད། ཟླ་དང་པོ་ནས་བདུན་པའི་བར་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར287744ཟིན་པ་དེ་དུས་མཉམ་ལས1.2%འཕར་བ་དང་། རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར117214ཟིན་པ་དེ་དུས་མཉམ་ལས4.8%འཕར་ཡོད། 

ཟླ1པོ་ནས་ཟླ7པའི་བར་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཉམ་ལས4.7%འཕར་ཡོད།

ཡོངས་བསྒྲགས་ཚོགས་འདུའི་སྟེང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པས་ད་དུང་ངོ་སྤྲོད་བྱས་དོན། ཟླ1པོ་ནས་ཟླ7པའི་བར་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་བརྟན་བརླིང་ངང་འཕར་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལེགས་ཕྱོགས་སུ་འཕེལ་ཡོད།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཧྥུའུ་ལིང་ཧུའེ་ཡིས་བསྟན་དོན། ཟླ7པོ་ནས་ཟླ7པའི་བར་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཉམ་ལས4.7%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན། ཆ་འཕྲིན་བརྒྱུད་གཏོང་དང་མཉེན་ཆས། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས། བོགས་མར་གཏོང་ལེན་དང་ཚོང་དོན་ཞབས་ཞུའི་ལས་རིགས། དངུལ་རྩའི་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་དང་མཛོད་འཇོག སྦྲག་སྲིད་ལས་རིགས་བཅས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཉམ་ལས་སོ་སོར10.6%དང9.5%། 6.3%། 5.1%བཅས་འཕར་ཡོད། ཟླ7པར་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཉམ་ལས4.3%འཕར་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།