མཚོ་ལྷོ་ཁུལ་གྱིས8·15རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་དང་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ལག་བསྟར་བྱེད་པའི་བརྗོད་དོན་དྲིལ་སྒྲོག་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི8·15རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང》ལག་བསྟར་བྱེད་པའི་བརྗོད་དོན་དྲིལ་སྒྲོག་བྱེད་སྒོ་ཚེས14ཉིན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མཚོ་སྔོན་པོའི་ཐང་ཆེན་ནས་སྤེལ།

བྱེད་སྒོ་དེས“སྐྱེ་ཁམས་ཁྲིམས་གཞུང་གིས་སྲུང་སྐྱེལ་དང་དྭངས་གཙང་མཚོ་ལྷོ་མཉམ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས། མི་རིགས་རིག་རྩལ་འགྲེམས་སྟོན་དང་ཁྲིམས་སྐྱོང་བརྒྱུད་སྤེལ་མཉམ་འདྲེས་ཡོང་བར་འབད་རྒྱུ་རེད། ཡུལ་དངོས་སུ་སྐྱེ་ཁམས་ཁྲིམས་སྐྱོང་གི་གཅིག་སྡུད་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ་དང་། སྤྱི་བདེ་དང་ཞིབ་བཤེར། ཁྲིམས་ཁང་བཅས་ཀྱི་ལས་ཁུངས་དང་། སྐྱེ་ཁམས་ཁོར་ཡུག རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་མང་པོའི་ལས་བྱེད་མི་སྣས་གྲལ་བསྒྲིགས་ཏེ་དམ་བཅའ་བཞག ལས་རིགས་སོ་སོའི་འཐུས་མིས་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཆེད་དོན་བཅོས་སྐྱོང་ལ་དམིགས་ཏེ། “བླ་ཤིང་”བརྗོད་དོན་གྱི་འཛད་སྤྱོད་བྱེད་སའི་གྱང་ངོས་སུ་མིང་རྟགས་བཀོད་ནས་ཁས་ལེན་བྱས་པ་དང་། མང་ཚོགས་བརྒྱ་ལྷག་དེའི་ཁྲོད་ཞུགས།

བྱེད་སྒོའི་ནང་རིམ་རྩིས་བྱས་ན་དྲིལ་སྒྲོག་དཔྱད་གཞི8000ལྷག་སྤྲད་པ་དང་། དྲ་ཐོག་སྐྱེ་ཁམས་ཁྲིམས་གཞུང་ལ་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་མི་ཐེངས་ཁྲི5.2ལྷག་ཞུགས་ནས། དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་གྱིས་སྐྱེ་ཁམས་ཁྲིམས་སྐྱོང་དྲིལ་སྒྲོག་གི་ཁྱབ་རྒྱ་ཆེ་རུ་བཏང་།

མཚོ་ལྷོ་ཁུལ་གྱིས་ཁྲིམས་གཞུང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུར་དམིགས་ཏེ། ཕྱོགས་གསུམ་གྱི་ལས་དོན་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནི་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་ཟབ་སྤེལ་བཏང་ནས། སྡེ་ཁག་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་ཏེ་སྨྱན་སྦྱོར་མཉམ་འདྲེས་དང་སྐད་གཉིས་སྒྲོག་འགྲེལ། མང་ཚོགས་ཀྱི་རིག་རྩལ་སོགས་གཞི་རྟེན་ལ་བརྟེན་ནས་ཁྲིམས་གཞུང་གི“བཅུ་འཕེལ”བྱེད་སྒོར་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁྲིམས་ཚན་འབྲོག་ཁུལ་དང་རྩྭ་ཐང་དུ་ཐོན་རྒྱུ་དང་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱ་རྒྱུ་རེད། གཉིས་ནས་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ནན་མོ་བྱས་ཏེ། ཁྲིམས་གཞུང་རྩ་བའི་གཞི་འཛིན་སར་བྱས་ནས་རྩྭ་ཐང་ཞན་འགྱུར་དང་ཁྲིམས་འགལ་ངང་བྱེ་མ་སྔོག་འདོན། གང་བྱུང་དུ་རི་དྭགས་རྔོན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་མཉམ་འབྲེལ་ཁྲིམས་འཛིན་བྱེད་པ་དང་། སྐྱེ་ཁམས་ལ་གནོད་འཚེ་ཕོག་པའི་སྐྱིན་ཚབ་དང་སྤྱི་ཕན་གཏུག་བཤེར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁྲིམས་སྐྱོང་གི་ཁ་ཟུམ་མ་ལག་འཛུགས་པ། གསུམ་ནི་དམངས་ཡོངས་ཀྱིས་ཐུན་མོང་ཐོག་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ནས། སྐྱེ་ཁམས་དོ་དམ་པའི་སྐོར་ཞིབ་ནུས་པ་འདོན་སྤེལ་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱིས་སྲོལ་རྒྱུན་སྐྱེ་ཁམས་འདུ་ཤེས་རྒྱུན་འཛིན་བྱ་རྒྱུར་ཁྲིད་སྟོན་དང་ཁྲོམ་རའི་གཙོ་གཟུགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཇེ་བརྟན་དུ་བཏང་ནས། མི་ཚང་མས་སྐྱེ་ཁམས་སྲུང་སྐྱོབ་དང་ཁྱིམ་ཚང་ཚང་མས་ཁྲིམས་གཞུང་སྲུང་བའི་མཉམ་ཤུགས་གཅིག་སྡུད་བྱ་རྒྱུ་རེད།

མཚོ་ལྷོ་ཁུལ་གྱིས་གོམ་སྟབས་རྗེས་མར་བྱེད་སྒོ་གཙོ་བོ་མགོ་རྩོམ་སར་བརྩིས་ཏེ། ཁྲིམས་གཞུང་གི་རྒྱུན་རྣམ་ཅན་གྱི་དྲིལ་སྒྲོག་ལ་སྐུལ་འདེད་ནན་མོ་གཏོང་བ་དང་། ཁྲིམས་གཞུང་ལག་བསྟར་བྱེད་པའི“རྩོམ་ཡིག་རྗེས་མ”མུ་མཐུད་ཡག་པོ་བསྒྲུབས་ཏེ། ཁྲིམས་སྐྱོང་བཀན་མོ་ལ་བརྟེན་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་མཚོ་ལྷོ་འབད་པས་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།