2026ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་ཚོགས་ར་གཙོ་བོའི་བྱ་འགུལ་ནང་སོག་གི་ཧུའུ་ལུན་པེར་རུ་སྤེལ་བ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས15ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》ལག་བསྟར་བྱས་པའི་ཉིན་དང་པོར། 2026ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་ཚོགས་ར་གཙོ་བོའི་བྱ་འགུལ་ནང་སོག་གི་ཧུའུ་ལུན་པེར་རུ་སྤེལ་བ་དང་། བརྗོད་བྱ་ནི"ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྗང་མདོག་གི་གཞི་གདངས་ཟབ་མོར་འཛུགས་པ"ཞེས་པ་དེ་རེད།

པར་འདི་ནི་ཟླ8པའི་ཚེས15ཉིན་ལྟད་མོ་བས་སྐྱེ་ཁམས་ཐོན་རྫས་འོས་སྦྱོར་འགྲེམ་སྟོན་ཁུལ་གྱི་ཐོན་རྫས་ལ་ལྟ་བཞིན་པའི་ཚུལ་རེད།

ཚོགས་ར་གཙོ་བོའི་བྱ་འགུལ་སྟེང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ཁོར་ཡུག་ཐོན་ཁུངས་སི་ཡིས་འཁོར་རྒྱུག་དཔལ་འབྱོར་གྱི་འབྲེལ་ཡོད་སྲིད་ཇུས་ཀློག་འགྲེལ་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། གུང་གཞོན་ཚོགས་པའི་ཀྲུང་དབྱང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཆུ་བེད་པུའུ། རྒྱལ་ཁབ་ནགས་རྩྭ་ཅུས། ནང་སོག་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་ཇུས་ཀློག་འགྲེལ་བྱས་ཏེ། ཁྱབ་ཁོངས་དེའམ་ས་གནས་དེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་གང་ལེགས་བྱས། འབྲེལ་ཡོད་ལས་རིགས་མཐུན་ཚོགས་ཀྱིས2026ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་ལྗང་མདོག་ཐཱན་ཉུང་འགུལ་སྐྱོད་ཀྱི་གྲོས་འགོ་བཏོན་པ་དང་། ཧུའུ་ལུན་པེར་གྱིས2026ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་གྲོས་འགོ་བཏོན་ཏེ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བྱེད་པ་དང་། ལག་གདང་སྦྲེལ་ནས་མཉམ་དུ་མཛེས་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་སློང་བྱས། གཞི་རིམ་གྱི་འཐུས་མི་དང་། ས་གནས་ཀྱི་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་ཀྱིས་སོ་སོ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཞི་རིམ་གཏམ་རྒྱུད་དང་། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ཉམས་མྱོང་། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་འདུ་ཤེས་ཀྱི་རྒྱལ་སྤྱིའི་དོན་སྙིང་སོགས་བརྗོད་དོན་ལ་དམིགས་ནས་བརྗེ་རེས་དང་མཉམ་སྤྱོད་བྱས།

པར་འདི་ནི་ཟླ8པའི་ཚེས15ཉིན་ལྟད་མོ་བས་སྐྱེ་ཁམས་ཐོན་རྫས་འོས་སྦྱོར་འགྲེམ་སྟོན་ཁུལ་གྱི་ཐོན་རྫས་ལ་ལྟ་བཞིན་པའི་ཚུལ་རེད།

ཚོགས་ར་གཙོ་བོའི་བྱ་འགུལ་ལ་ད་དུང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་དང་སྐྱེ་ཁམས་ཐོན་རྫས་འོས་སྦྱོར་འགྲེམ་སྟོན་ཆེད་ཁུལ་བཙུགས་ཡོད་ཅིང་། ས་ཁུལ་སོ་སོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཉམས་མྱོང་བྱེད་ཐབས་དང་ཕན་འབྲས་གཅིག་བསྡུས་ངང་འགྲེམ་སྟོན་བྱས་ཏེ། ས་ཁུལ་སོ་སོའི་འཐུས་ཚབ་རང་བཞིན་གྱི་སྐྱེ་ཁམས་ཐོན་རྫས་འོས་སྦྱོར་དང་འགྲེམ་སྟོན་བྱས།

2026ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་ཚོགས་ར་གཙོ་བོའི་བྱ་འགུལ་ནི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན། ཉིན་དེར། ས་གནས་སོ་སོས་བྱ་འགུལ་གྱི་བརྗོད་དོན་ལ་དམིགས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བྱ་འགུལ་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་དྲིལ་བསྒྲགས་སློབ་གསོ་ལ་ཤུགས་སྣོན་དང་། ལྗང་མདོག་ཐཱན་ཉུང་གི་འཚོ་བའི་བྱེད་སྟངས་ཁྱབ་གདལ་དུ་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་རྣམ་པ་ཡག་པོ་ཆགས་པར་སྐུལ་འདེད་གཏོང་རྒྱུ་རེད། །

ཟླ8པའི་ཚེས15ཉིན་ལྟད་མོ་བས་སྐྱེ་ཁམས་ཐོན་རྫས་འོས་སྦྱོར་འགྲེམ་སྟོན་ཁུལ་གྱི་ཐོན་རྫས་ལ་ལྟ་བཞིན་པའི་ཚུལ།

པར་འདི་ནི་ཟླ8པའི་ཚེས15ཉིན་ལྟད་མོ་བས་སྐྱེ་ཁམས་ཐོན་རྫས་འོས་སྦྱོར་འགྲེམ་སྟོན་ཁུལ་གྱི་ཐོན་རྫས་ལ་ལྟ་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ8པའི་ཚེས15ཉིན་ལྟད་མོ་བས་སྐྱེ་ཁམས་ཐོན་རྫས་འོས་སྦྱོར་འགྲེམ་སྟོན་ཁུལ་གྱི་ཐོན་རྫས་ལ་ལྟ་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ8པའི་ཚེས15ཉིན་ལྟད་མོ་བས་སྐྱེ་ཁམས་ཐོན་རྫས་འོས་སྦྱོར་འགྲེམ་སྟོན་ཁུལ་གྱི་ཐོན་རྫས་ལ་ལྟ་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ8པའི་ཚེས15ཉིན་ལྟད་མོ་བས་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བྱ་འགུལ་གྱི་འདྲ་པར་ལ་ལྟ་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ8པའི་ཚེས15ཉིན་ལྟད་མོ་བས་སྐྱེ་ཁམས་ཐོན་རྫས་འོས་སྦྱོར་འགྲེམ་སྟོན་ཁུལ་གྱི་ཐོན་རྫས་ལ་ལྟ་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།