སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ཟླ8པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས15ཉིན་ནི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐེངས་བཞི་པ་ཡིན། དམངས་དོན་ཁྲིམས་གཞུང་གི་རྗེས་སུ་རང་རྒྱལ་གྱིས"ཁྲིམས་གཞུང"ཞེས་མིང་བཏགས་པའི་བཅའ་ཁྲིམས་གཉིས་པ་སྟེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》ཚེས15ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། དེས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འཛུགས་སྐྲུན་གནས་གསར་པར་བསྐྱོད་དེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་ཁྲིམས་སྐྱོང་གི་མང་གཞི་སྲ་བརྟན་དུ་བཏང་ཡོད།

སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་རྩོམ་སྒྲིག་བྱེད་པ་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་ཁྲིམས་འཛུགས་ཀྱི་ལས་འགན་ཞིག་ཡིན། སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་རྩོམ་སྒྲིག་བྱེད་པར་ད་ཡོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་ལུགས་ལམ་ལུགས་ཚད་གཞི་རྣམས་མ་ལག་ཚང་བར་ཕྱོགས་བསྡུས་དང་། རྩོམ་སྒྲིག མཐོར་འདེགས་བཅས་བྱས་པ་བརྒྱུད་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་སྣེ་ཁྲིད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་ཁྱད་ཆོས་མཚོན་པ། མི་དམངས་ཀྱི་བསམ་འདུན་མཚོན་པ་བཅས་ཚད་ལྡན་གཅིག་གྱུར་ཡིན་པའི་བཅའ་ཁྲིམས་ཤིག་གྲུབ་པ་རེད། 

ད་ལོའི་ཟླ3པའི12ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་རེད། བཅའ་ཁྲིམས་དེར་ལེའུ5ཡོད་པ་དང་དོན་ཚན་གྲངས1242ཡོད། དེ་ནི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་བཅའ་ཁྲིམས30ལྷག་དང་སྲིད་འཛིན་ཁྲིམས་སྲོལ100བརྒྱ་ལྷག་ཡོད་པ། ས་གནས་རང་བཞིན་གྱི་སྒྲིག་སྲོལ1000ལྷག་ཙམ་བཅས་ཀྱི་སྙིང་བཅུད་ལྟ་བུ་ཡིན་པ་དང་། དེ་དག་ལས་རིམ་པ་བཞིན་སྤྱིའི་རྩ་དོན་དང་། སྦགས་བཙོག་འགོག་བཅོས། སྐྱེ་ཁམས་སྲུང་སྐྱོང་། ཐཱན་ཉུང་འཕེལ་རྒྱས། འགན་འཁྲི་ཉེས་ཆད་དང་ཞར་བྱུང་གཏན་འབེབས་བཅས་ཚུད་ཡོད། 

སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ལག་བསྟར་ནུས་ལྡན་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་གཙང་བཤེར་བྱས་ཏེ། སྲིད་འཛིན་ཁྲིམས་སྲོལ12ཀྱི་ནང་དོན་འགའ་ཞིག་བཟོ་བཅོས་རྒྱག་རྒྱུ་དང་སྲིད་འཛིན་ཁྲིམས་སྲོལ3རྩིས་མེད་དུ་གཏོང་རྒྱུའི་ཐག་གཅོད་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་དེའི་ཐད་ཀའི་འགྲེལ་བཤད་དང་པོ་ཁྱབ་བསྒྲགས་བྱས་ཏེ། བཅའ་ཁྲིམས་གསར་པ་ལག་ལེན་བསྟར་རྗེས་སྔར་ཡོད་བཅའ་ཁྲིམས་རྙིང་པ་གཉིས་མཐུད་སྦྱོར་བེད་སྤྱོད་བྱེད་ཕྱོགས་གསལ་བཤད་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཡིག་ཆ་རིགས་སྣ་ཚོགས་གཙང་བཤེར་དང་བཟོ་སྒྲིག་ལས་དོན་སྤེལ་ཞིང་། ཚད་ལྡན་ཅན་གྱི་ཡིག་ཆ176མེད་པར་བཟོས་པ་དང་། ཚད་གཞིར་བརྟེན་ནས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ད་ལོ་ཁོ་ནར《མཁའ་རླུང་སྤུས་ཚད་ཚད་གཞི》པར་གཞི་གསར་བ་སོགས་སྐྱེ་ཁམས་ཁོར་ཡུག་གི་ཚད་གཞི64བཏོན་པ་དང་། རྒྱལ་ཁབ་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་གི་གཞི་འཛིན་ཐོག་མ་ཡང་བཏོན་ཡོད། 

སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ལག་བསྟར་བྱས་རྗེས། ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་། ཁོར་ཡུག་ཤུགས་རྐྱེན་དཔྱད་ཞིབ་བཅའ་ཁྲིམས། རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས། རླུང་ཁམས་ཆེན་མོའི་སྦགས་བཙོག་སྔོན་འགོག་བཅའ་ཁྲིམས། ཆུའི་སྦགས་བཙོག་སྔོན་འགོག་བཅའ་ཁྲིམས། ས་གཤིས་སྦགས་བཙོག་སྔོན་འགོག་བཅའ་ཁྲིམས། གད་སྙིགས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་བའི་སྔོན་འགོག་བཅའ་ཁྲིམས། སྒྲ་སྐད་སྦགས་བཙོག་སྔོན་འགོག་བཅའ་ཁྲིམས། འགྱེད་འཕྲོ་རང་བཞིན་གྱིས་ཁོར་ཡུག་སྦགས་བཙོག་སྔོན་འགོག་བཅའ་ཁྲིམས། ཐོན་སྐྱེད་གཙང་མའི་སྐུལ་སྤེལ་བཅའ་ཁྲིམས་བཅས་བཅའ་ཁྲིམས10རྩིས་མེད་དུ་བཏང་བ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།