ཟླ8པའི་ཚེས15ཉིན། པཱ་ཞིའི་དྲ་གྲགས་མི་བདུན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སླེབས་ནས། ཉིན་དྲུག་རིང་གི་མཚོ་སྔོན་གྱི་ལྟ་སྐོར་བཅར་འདྲིའི་འགྲུལ་བཞུད་དངོས་སུ་མགོ་བརྩམས་པ་རེད། མཚོ་སྔོན་དུ་སྡོད་དུས། འཐུས་ཚབ་ཚོགས་པ་ད་དུང་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་རྒྱུ་ཡིན་ཞིང་། ཤུལ་བཞག་རྒྱུན་འཛིན་དང་། ཞིང་སྡེ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོབ། རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་ཁྱབ་ཁོངས་ལྟེ་བར་བཟུང་ཞིང་། ཡུལ་དངོས་ཉམས་ཞིབ་དང་། ངོ་འཕྲད་འབྲེལ་འདྲིས་སོགས་བྱིངས་སིམ་རྣམ་པ་བརྒྱུད་ནས། ཕྱོགས་ཡོངས་དང་། ལངས་གཟུགས་ཅན་གྱི་སྒོ་ནས་ཕྱི་རྒྱལ་གྱི་དྲ་གྲོགས་ལ་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་སྐྱེ་ཁམས་ཡར་རྒྱས་དང་། ཐོན་ལས་སྤུས་བཏེགས། དམངས་འཚོའི་བདེ་སྐྱིད། བཅོས་སྐྱོང་ནུས་མཐོ་ཡི་འཕེལ་རྒྱས་དཔེ་རིས་གསར་པ་མངོན་པར་བྱེད་རྒྱུ་རེད།
ལྟ་སྐོར་བཅར་འདྲིའི་ཉིན་དང་པོར། འཐུས་ཚབ་ཚོགས་པ་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྣང་ར་ཞང་བདེ་སྐྱིད་སྡེ་བར་སླེབས་ཤིང་། ཡུལ་དངོས་ནས་ཡུལ་གཞན་གནས་སྤོ་སྡེ་བའི་འཕོ་འགྱུར་གསར་འཕེལ་རྣམ་པར་མྱོང་རོལ་བྱས། ལྟ་སྐོར་བཅར་འདྲིའི་བརྒྱུད་རིམ་ཁྲོད། པཱ་ཞིའི་དྲ་གྲགས་འཐུས་མི་དང་ས་གནས་མང་ཚོགས་འབྲེལ་འདྲིས་ཟབ་མོ་བྱས་ཤིང་། ཞིབ་ཕྲའི་སྒོ་གནས་སྡེ་བའི་དེའི་ཐོན་ལས་གསོ་སྤེལ་དང་། དམངས་འཚོ་ལེགས་བཅོས། ཞིང་སྡེ་བཅོས་སྐྱོང་སོགས་ཀྱི་ཕྱོགས་ནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་རྒྱུས་ལོན་བྱས། ཚང་མས་མགྲིན་གཅིག་ཏུ་བཤད་རྒྱུར། བརྙན་རིས་ཀྱིས་མཚོ་སྔོན་གྱི་ཞིང་སྡེ་འཕེལ་རྒྱས་བྱུང་བའི་འབྲས་བུ་དངོས་སུ་ཟིན་འགོད་བྱས་ནས། ཧུར་ཐག་གིས་ས་གནས་ཀྱི་ཁྱད་ལྡན་འཕེལ་རྒྱས་ཉམས་མྱོང་མིག་དཔེ་རུ་བཟུང་ཞིང་། ཕྱི་རྒྱལ་གྱི་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུ་བརྒྱུད་དེ། མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ལེགས་པར་བརྗོད་ནས། ཀྲུང་གོ་དང་པཱ་ཞིའི་བར་གྱི་རིག་གནས་སྤེལ་རེས་དང་ཉམས་མྱོང་ཟུར་ལྟ་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།
པཱ་ཞི་ནི་ལ་མེ་ས་ཁུལ་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ཞིང་། གསེར་གྱོམ་རྒྱལ་ཁབ་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན། མིག་སྔར་ཀྲུང་གོ་དང་པཱ་ཞི་བར་གྱི་འབྲེལ་བ་ནི་ལོ་རྒྱུས་སྟེང་ཆེས་བཟང་པོའི་དུས་སྐབས་སུ་ཡོད་ཅིང་། ཀྲུང་གོ་དང་པཱ་ཞིའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་བརྟན་བརླིང་གོང་སྤེལ་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་མི་ཆོས་སྤེལ་རེས་ཀྱི་དྲོད་ཚད་ཆེ་རུ་རྒྱས་བཞིན་ཡོད། ད་ལོར་ཀྲུང་གོ་དང་པཱ་ཞིའི་རིག་གནས་ལོ་ལ་ཁེལ་ཡོད་པས། པཱ་ཞིའི་མི་དམངས་ཀྱིས་ཀྲུང་གོར་རྒྱུས་ལོན་བྱེད་པ་དང་། ཀྲུང་གོ་དང་ཉེ་བར་བཅར་བའི་འདུན་པ་ཉིན་རེར་རྒྱས་བཞིན་ཡོད་པས། ད་ཐེངས་ཀྱི་རྒྱལ་ཁོངས་བརྒལ་བའི་རིག་གནས་སྤེལ་རེས་བྱ་འགུལ་ལ་རྨང་གཞི་ལེགས་པོ་ཞིག་བཏང་ཡོད་པ་རེད།