ཡུས་ཧྲུའུ་ཁུལ་གྱིས8·15རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས15ཉིན། རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐེངས་བཞི་པ་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་》དངོས་སུ་ལག་བསྟར་བྱས་པའི་ཉིན་དང་པོ་ཡིན་ཞིང་། 2026ལོའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི“ཀྲུང་ཧྭའི་ཆུ་མཛོད་སྲུང་བའི”སྐྱེ་ཁམས་དཔལ་ཡོན་དྲིལ་སྒྲོག་ཟླ་བ་དང་། 8·15རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བྱེད་སྒོ་གཙོ་བོ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གེ་སར་ཐང་ཆེན་དུ་སྤེལ་མགོ་བརྩམས་པ་དང་། བྱེད་སྒོ་དེ“ཁྲིམས་གཞུང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཁྲིམས་སྐྱོང་གིས་ཀྲུང་ཧྭའི་ཆུ་མཛོད་སྲུང་བའི”བརྗོད་དོན་ལ་དམིགས་ཏེ་སྤེལ་བ་རེད།

མགོ་རྩོམ་མཛད་སྒོའི་སྟེང་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོའི་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས།《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་གྲོས་འགོའི་ཡི་གེ》སྒྲོག་འདོན་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲོས་འགོ་བཏོན། ཡུས་ཧྲུའུ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་མི་སྣས་ཡུལ་དངོས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྤྱི་གླིང་སྐོར་གྱི་བཅའ་ཁྲིམས》ཀྱི་ལྟེ་བའི་དོན་ཚན་ལ་ཁྲིམས་ལུགས་ཁྱབ་གདལ་དང་གསལ་འགྲེལ་བྱས་ནས། དེ་གར་ཡོད་པའི་མི་སྣས་སྐྱེ་ཁམས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་གསར་པ་དང་གཏན་འབེབས་གསར་པ་ཤེས་རྟོགས་ཐུབ་པར་བྱས།

སྲིད་ཁྲིམས་ལས་བྱེད་པ་དང་ལས་རིགས་ལས་ཞུགས་མི་སྣ། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ། དང་བླངས་པ། དགེ་སློབ་དང་དེ་བཞིན་མང་ཚོགས་ཀྱི་འཐུས་མི་བཅས་ཀྱིས་ཕྱོགས་ཁག་གི་གྲལ་སྟངས་གྲུབ་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐུན་མོང་དམ་བཅའ་བཞག་པར་མ་ཟད། ཡུལ་དངོས་ནས་འཐུས་མིར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང》ལེགས་སྒྲིག་བྱས་ནས། སྐྱེ་ཁམས་ཁྲིམས་སྐྱོང་གི་འདུ་ཤེས་མི་སེམས་སུ་ཟུག་པར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་ཁུལ་གྱིས་ཆུ་འགོའི་འགན་འཁྲིར་རྐང་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་གྱི་མདུན་ས་དང་གདོང་ལེན་པར་བརྩོན་ལེན་བྱས་ཏེ། གཙང་པོའི་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི“ཆེས་མདུན་གྱི་སྤྱི་ལེ་གཅིག”བརྟན་སྲུང་བྱེད་པ་དང་། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་བསྐྲུན་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་དོན་ལྡན་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།