ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་བརྗོད་དོན་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་རྒྱལ་དམངས་བདེ་ཐང་གི་ཆེད་དོན་ཚོགས་ར་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་རྐང་བཙུགས་ཏེ། ཀྲུང་བོད་ལུགས་གསོ་རིག་མཉམ་འཛིན་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། ཞབས་ཞུའི་མ་ལག་དང་དུས་རིམ་ཧྲིལ་བོའི་བདེ་ཐང་འགན་སྲུང་དང་རྒྱུན་འཛིན་གསར་གཏོད། ཕྱི་ཕྱོགས་བརྗེ་རེས་བཅས་ཕྱོགས་བཞིའི་ཐད་ཤུགས་བཏོན་ནས། ཀྲུང་བོད་ལུགས་གསོ་རིག་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
ཁུལ་ཁོངས་དོ་སྙོམས་ཡིན་པའི་ཀྲུང་བོད་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ནི་ལས་འགན་གཙོ་བོ་ཡིན་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་བོད་ལུགས་གསོ་རིག་དར་སྤེལ་གྱི་ལས་གཞི་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་ཀྱིས་སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་སྐྱེལ་བར་བརྟེན། རིམ་པ་སོ་སོའི་ཀྲུང་བོད་ལུགས་གསོ་རིག་གི་ཁྱད་ལྡན་ཚན་ཁག་སྟོབས་ལྡན་དུ་གཏོང་རྒྱུ་རེད། 2030ལོའི་བར། རྫོང་རིམ་པའི་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་གིས་ཉུང་མཐར་ཡང་ཁྱད་ལྡན་ཚན་ཁག་གཉིས་དང་ལག་རྩལ་ཁྱད་གདལ་ལྟེ་གནས་གཅིག་འགྲུབ་དགོས། གྲོང་རྡལ་དང་ཞང་གི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་མང་ཤས་ཀྱིས་ཀྲུང་བོད་ལུགས་གསོ་རིག་གི་ལག་རྩལ་འོས་འཚམ་རིགས་དྲུག་དང་ཁག་བཅོ་ལྔ་འདོན་སྤྲོད་བྱེད་དགོས་པར་མ་ཟད། གཞི་རིམ་གྱི་སྤྱི་བའི་འཕྲོད་བསྟེན་གྱི་བོད་ལུགས་གསོ་རིག་གི་བདེ་ཐང་དོ་དམ་ཞབས་ཞུ་ལེགས་བཅོས་བྱེད་དགོས།
ཕྱོགས་ཡོངས་ནས་ཀྲུང་བོད་ལུགས་གསོ་རིག་གི་དུས་རིམ་ཧྲིལ་བོའི་བདེ་ཐང་ཞབས་ཞུའི་ནུས་པ་རིམ་སྤོར་བྱེད་དགོས་སྟེ། ཀྲུང་བོད་ལུགས་གསོ་རིག་དེ་རིག་ཚན་མང་པོའི་ནད་བརྟག་སྨན་བཅོས་མ་ལག་ཁྲོད་འཇོག་པ་དང་། མཐོ་སྒང་གི་ནད་དང་དལ་བའི་རང་བཞིན་གྱི་ནད། རྒན་པའི་ནད་བཅས་འགོག་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་ཁྱད་ལྡན་དགེ་མཚན་འདོན་སྤེལ་བྱས་ནས། འཕྲལ་བསྟུན་སྐྱོབ་བཅོས་དང་རྒན་པའི་ནད། བྱིས་ནད་ཚན་ཁག ལུས་གསོ་ཆེད་ཚན་བཅས་སྟོབས་ལྡན་དུ་འཛུགས་པ་དང་། རིག་ནུས་མཉམ་འབྲེལ་དྲ་རྒྱའི་ཀྲུང་བོད་ལུགས་སྨན་ཁང་འཛུགས་རྒྱུ་རེད། ཀྲུང་བོད་ལུགས་གསོ་རིག་གི་འཇོན་མིའི་དཔུང་སྡེ་བསྟུད་མར་རྒྱ་བསྐྱེད་དེ། མ་བྱུང་སྔོན་འགོག་གི་བདེ་ཐང་འདུ་ཤེས་ཁྱབ་གདལ་དུ་གཏོང་བ་དང་། མི་དམངས་མང་ཚོགས་ལ་མི་རིགས་གསོ་རིག་གི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།
བྱེད་ཐབས་སྣ་མང་སྤྱད་དེ་སྲོལ་རྒྱུན་བོད་ལུགས་གསོ་རིག་རྒྱུན་འཛིན་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་སྟེ། བོད་སྨན་གྱི་བསྟན་བཅོས་དང་འདུལ་སྦྱོང་ཐབས་སོགས་ལ་སྲུང་སྐྱོབ་བྱེད་པ་དང་། བསྟན་བཅོས་ཀྱི་གཞི་གྲངས་མཛོད་འཐུས་ཚང་དུ་བཏང་ནས། མིང་གྲགས་ཅན་གྱི་བོད་ལུགས་སྨན་རྫས་དང་དམངས་ཁྲོད་ཀྱི་སྨན་པའི་བཅོས་ཐབས་ཉམས་མྱོང་སྔོག་འདོན་བྱེད་དགོས། བོད་ལུགས་གསོ་རིག་གི་ཚན་ཞིབ་སྟེགས་བུ་བསྐྲུན་པ་དང་། ལས་རིགས་ཀྱི་ནད་བརྟག་སྨན་བཅོས་ཚད་གཞི་འཐུས་ཚང་དུ་གཏོང་བ། སྨན་སྣ་རིགས་སྣ་ཚོགས་ལ་ལ་སྲུང་སྐྱོབ་བྱེད་པ། སྨན་སྣ་སྲུང་སྐྱོབ་ཀྱི་གསལ་ཁྲ་ཁ་གསལ་བཟོ་བ་དང་། བོད་ལུགས་གསོ་རིག་གི་དཔེ་མཚོན་སྡེབ་ཁ་ཞིབ་སྤེལ་དང་སྨན་རྫས་ལས་སྣོན་ཚུར་སྒྱུར་ལ་སྐུལ་འདེད་བཏང་ནས། གཞི་གྲངས་ཅན་གྱི་ལག་རྩལ་གྱིས་བོད་ལུགས་གསོ་རིག་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྟོབས་ནུས་སྩོལ་རྒྱུ་རེད།
དེ་དང་མཉམ་དུ། ཀྲུང་བོད་ལུགས་གསོ་རིག་དང་རིག་གནས་ཡུལ་སྐོར། རྒན་གསོ། ཁམས་གསོ་བཅས་མཉམ་འབྲེལ་གྱི་ལས་རྣམ་གསར་བ་བསྐྲུན་ནས། དམངས་ཕན་བྱེད་སྒོ་སྤེལ་བ་དང་། ཁྱད་ལྡན་བོད་ལུགས་གསོ་རིག་གི་རིག་གནས་ཉམས་ལེན་ཟོང་རྟགས་བསྐྲུན་དགོས། ཕྱི་ཕྱོགས་ཁྱབ་བསྒྲགས་ལེགས་པོ་བྱས་ཏེ། སྐད་རིགས་སྣ་མང་གི་དྲིལ་སྒྲོག་ཐོན་རྫས་བསྐྲུན་པ་དང་། རིག་གནས་བགྲོ་གླེང་དང་རྒྱལ་སྤྱིའི་འགྲེམ་ཚོགས། ཐོན་ལས་མཉམ་ལས་བཅས་ལ་བརྟེན་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་དང་པུའུ་ལུང་ཏི། དེ་མིན་ཀྲུང་གོའི་ཀང་ཨའོ་ས་ཁུལ་བཅས་ཀྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱེད་པ་དང་། བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་ཤུགས་རྐྱེན་ཇེ་ཆེར་གཏོང་དགོས།